ལི་ཐང་གི་ཉེན་རྟོག་པར་ངོ་སོ་བསྟོད།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-02-22

ལི་ཐང་གི་ཉེན་རྟོག་པར་ངོ་སོ་བསྟོད།

     སྤྱི་ཟླ་2པའི་ཚེས་20ཉིན། ཁ་སང་གི་རོགས་སྐྱོབ་བྱས་ཚུལ་སྐོར་གླེང་སྐབས། དཀར་མཛེས་ཁུལ་ལི་ཐང་རྫོང་སྤྱི་བདེ་ཅུས་ཧོ་རྙིང་མངགས་གཏོང་ཁང་གི་འགོ་འཛིན་ཨོ་རྒྱན་ཆོས་འཕེལ་ལགས་ཀྱིས་ངང་རྒྱུད་རིང་པོའི་སྒོ་ནས། རོགས་སྐྱོབ་དེ་རིགས་དུས་རྒྱུན་ཅུང་མང་བ་དང་། ང་ཚོས་ཁོང་ཚོའི་མིང་ལ་ཅི་ཟེར་འདྲི་མྱོང་མེད། ཁོང་ཚོ་བདེ་འཇགས་ཡིན་ཚེ་འགྲིག་གི་འདུག་ཅེས་གསུངས་པ་རེད། མ་གཞི་ཨོ་རྒྱན་ཆོས་འཕེལ་ལགས་ཀྱིས་རགས་རིམ་ཙམ་བཤད་མོད། དོན་ངོ་མར་སྐབས་དེ་དུས་ཀྱི་གནས་ཚུལ་ནི་ཧ་ཅང་ཛ་དྲག་པོ་ཡོད་པ་རེད། 

     སྤྱི་ཟླ་2པའི་ཚེས་19ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་པ་ཙམ་ལ་ཧོ་རྙིང་མངགས་གཏོང་ཁང་ལ་སྐྱེས་པ་ཞིག་གི་རོགས་སྐྱོར་བྱ་རྒྱུའི་ཁ་པར་འབྱོར་ནས། ཁོང་གི་ཨ་མ་ལགས་ས་བབ་མཐོ་ཞིང་གསོ་རླུང་མི་འདང་བའི་རྐྱེན་གྱིས་དྲན་པ་ཐོར་སོང་ཞེས་བརྗོད་ཡོད་པ་རེད། གནས་ཚུལ་དེ་ཤེས་རྗེས་འགོ་འཛིན་ཨོ་རྒྱན་ཆོས་འཕེལ་ལགས་ཀྱིས་ལས་རོགས་ཉེན་རྟོག་པར་སྣེ་ཁྲིད་དེ་འཕྲལ་མར་ཡུལ་དངོས་སུ་རོགས་སྐྱོར་བྱེད་དུ་བསྐྱོད་ཡོད། མངགས་གཏོང་ཁང་གི་ཕྱི་རོལ་དུ་རླངས་འཁོར་ཞིག་ནང་བུད་མེད་ཅིག་དྲན་པ་ཐོར་ཏེ་བསྡད་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བུད་མེད་དེ་ནི་ལ་དུག་ཕོག་པ་ཡིན་ཞིང་། ཧོ་རྙིང་ཤང་གི་ས་བབ་མཐོ་ཚད་སྨི་བཞི་སྟོང་ལས་བརྒལ་བ་དང་། ཨོ་རྒྱན་ཆོས་འཕེལ་ལགས་ནས་ས་ཆ་གཞན་ནས་ཡོང་བའི་ཡུལ་སྐོར་བ་མང་པོར་ལ་དུག་ཕོག་པ་མཐོང་མྱོང་ལ། གལ་སྲིད་དུས་ཐོག་ཏུ་སྐྱོབ་བཅོས་མ་ཐུབ་ཚེ། མཇུག་འབྲས་ཧ་ཅང་ཚབས་ཆེན་པོ་ཡིན། 

     ཨོ་རྒྱན་ཆོས་འཕེལ་ལགས་དང་ལས་རོགས་ཉེན་རྟོག་པ་ཀུན་བཟང་རྒྱ་མཚོ་གཉིས་ཀྱིས་འཕྲལ་མར་གསོ་རླུང་མི་འདང་བའི་བུད་མེད་དེ་སྨི་བརྒྱ་ཕྲག་ཁ་ཤས་ཀྱི་ཕྱིར་ཡོད་པའི་ཧོ་རྙིང་འཕྲོད་བསྟེན་ཁང་དུ་ཁུར་ནས། གསོ་རླུང་རྔུབ་ནས་སྨན་བཅོས་བྱས་མོད། འོན་ཀྱང་བུད་མེད་ཀྱི་གནས་ཚུལ་ལེགས་སུ་ཕྱིན་མེད་པ་རེད། ཨོ་རྒྱན་ཆོས་འཕེལ་ལགས་ཀྱིས་གཅིག་ནས་120ལ་ཁ་པར་བརྒྱབ་པ་དང་གཅིག་ཤོས་ནས་ཡུལ་སྐོར་བ་དེ་ཉེན་རྟོག་པའི་རླངས་འཁོར་ནང་འཁྱེར་ཡོང་བ་རེད།

     འཕྲོད་བསྟེན་ཁང་དང་རྫོང་མི་དམངས་སྨན་ཁང་གི་ལམ་དུམ་བུའི་མྱུར་ཚད་དེ་ཆུ་ཚོད་རེར་སྤྱི་ལེ་60ཡིན་པ་དང་། རྒྱུན་གཏན་ལྟར་བཏང་ན་ཆུ་ཚོད་གཅིག་ཙམ་འགོར་གྱི་ཡོད། ང་ཚོས་120དང་འབྲེལ་བ་བྱས་ཏེ། ཁོང་ཚོ་ཉེན་རྟོག་པའི་རླངས་འཁོར་གྱིས་སྨན་ཁང་དུ་སྐྱེལ་གྱི་ཡོད། དེ་ལྟར་བྱས་ཚེ། ང་ཚོ་ལམ་བར་ནས་ངོ་ཐུག་ན་དུས་ཚོད་ལ་གྲོན་ཆུང་ཐུབ་ཀྱི་འདུག་ཅེས་གསུངས་པ་རེད། དེ་སྔོན་ཨོ་རྒྱན་ཆོས་འཕེལ་ལགས་ཀྱིས་ལ་དུག་ཕོག་པའི་ཡུལ་སྐོར་བ་མང་པོ་ཞིག་ལ་རོགས་སྐྱོབ་གནང་མྱོང་བ་དང་། ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས། ཡུལ་སྐོར་བ་དེ་ཉེན་རྟོག་པའི་རླངས་འཁོར་བླུགས་རྗེས་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་དུ་བསྐྱལ་ཡོད། མི་དམངས་ཉེན་རྟོག་པས་ཧ་ལམ་སྐར་མ་15ཙམ་བཏང་རྗེས། འདི་ཕྱོགས་སུ་ཡོང་བའི་ལི་ཐང་རྫོང་མི་དམངས་སྨན་ཁང་གི་120མྱུར་སྐྱོབ་རླངས་འཁོར་ཡང་དང་ཐུགས་ཤིང་། ཚང་མས་མྱུར་དུ་ལ་དུག་ཕོག་པའི་བུད་མེད་ཡུལ་སྐོར་བ་དེ་མྱུར་སྐྱོབ་རླངས་འཁོར་ཐོག་སྐྱེལ་བ་དང་ཡུལ་སྐོར་བའི་ཁྱིམ་མིས་མི་དམངས་ཉེན་རྟོག་པར་ཐུགས་རྗེ་ཆེ་ཞུས་པ་རེད། མིག་སྔར་ཡུལ་སྐོར་བ་དེ་ཚེ་སྲོག་གི་ཉེན་ཁ་ལས་སྒྲོལ་ཡོད་པ་རེད།

  • ལེ་ཚན་སྔོན་མ།:རིམས་འགོག་སྨན་ཁབ་རྒྱག་སྟངས་གསར་པ་ཐོན་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།