མཉམ་འབྲེལ་རྒྱལ་ཚོཊ་ཀྱིས་དམིགས་བསལ་ཚོགས་འདུ་འཚོག་རྒྱུ་རེད།

    ཀྲུང་གོ་བོད་ཀྱི་དྲ་བ།    2022-03-01

མཉམ་འབྲེལ་རྒྱལ་ཚོཊ་ཀྱིས་དམིགས་བསལ་ཚོགས་འདུ་འཚོག་རྒྱུ་རེད།

པར་འདི་ནི་ཟླ༢པའི་ཚེས༢༧ཉིན། ཉིའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་གཅོད་བཞིན་པའི་ཚུལ་རེད།


        མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཝུའུ་ཁི་ལན་དུས་བབ་ལ་དམིགས་ནས་དམིགས་བསལ་ཚོགས་འདུ་འཚོག་པར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཐོག་ནས་འདེམས་ཤོག་འཕངས་ཏེ་གྲོས་འཆམ་བྱུང་།
      ས་གནས་དེ་གའི་དུས་ཚོད་ཟླ༢པའི་ཚེས༢༧ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚོགས་འདུ་འཚོགས་ནས་ཨ་རི་སོགས་ཀྱིས་བཏོན་པའི་བླང་བྱ་སྟེ་ཝུའུ་ཁི་ལན་དུས་བབ་ཐད་ཛ་དྲག་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་འཚོག་རྒྱུའི་གྲོས་ཆོད་ཨང༢༦༢༣ལ་གྲོས་འཆམ་བྱུང་།
      ཐེངས་འདིའི་འདེམ་ཤོག་འཕེན་པར་འདེམ་ཤོག༩ཡི་མོས་མཐུན་ཐོབ་ན་ཆོག མཇུག་མཐའི་འདེམ་ཤོག་འཕངས་བའི་མཇུག་འབྲས་ནི་མཐུན་པའི་འདེམ་ཤོག༡༡ཐོབ་པ་དང་། དབང་ཆ་དོར་བའི་འདེམ་ཤོག༣། མི་མཐུན་པའི་འདེམ་ཤོག༡བཅས་རེད། ཀྲུང་གོ་དང་རྒྱ་གར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཀྱིས་དབང་ཆ་དོར་བའི་འདེམས་ཤོག་འཕངས། ཛ་དྲག་དམིགས་བསལ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས༧༦པ་ཟླ༢པའི་ཚེས༢༨ཉིན་འཚོག་རྒྱུ་རེད་ལ། ཚོགས་ཆེན་ཐོག་ཝུའུ་ཁི་ལན་དུས་བབ་ལ་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་པའི་ལིན་ཀྲེང་གཡོད་ཨེར་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།