ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་གཙོ་གནད་ཐོན་ཁུངས་གསར་སྦོལ་དོ་དམ་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2022-02-28

སྤྱི་ཟླ2ཚེས22ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་གཙོ་གནད་ཐོན་ཁུངས་གསར་སྦོལ་དོ་དམ་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་ཐོག《དཀར་མཛེས་ཁུལ་གྱི་ཐོན་ཁུངས་དོ་དམ་ཨུ་ལྷན་གྱི་ལས་ཀའི་སྒྲིག་སྲོལ》དང་།《དཀར་མཛེས་ཁུལ་ཐོན་ཁུངས་དོ་དམ་ཨུ་ལྷན་གྱི་ཆེད་དོན་ཚོགས་ཆུང་གི་ལས་ཀའི་སྒྲིག་སྲོལ》《དཀར་མཛེས་ཁུལ་ཐོན་ཁུངས་དོ་དམ་ཨུ་ལྷན་གཞུང་དོན་ཁང་གི་ལས་ཀའི་ཞིབ་སྲོལ》དཀར་མཛེས་ཁུལ་གྱི“1+6”གི་གཙོ་གནད་ཐོན་ཁུངས་དོ་དམ་བྱ་ཐབས་བཅས་ལ་གྲོས་ཞིབ་བྱས་ནས་ཁུལ་ཡོངས་ཀྱི་གཙོ་གནད་ཐོན་ཁུངས་གསར་སྦོལ་དོ་དམ་བྱས་ཚུལ་གྱི་སྙན་སེང་ལ་གསན་འཇོག་གནང་བ་རེད།

ཧྥུང་ཧྥ་ཀུའེ་ཡིས་ནན་གསུང་གནང་དོན། སྐྱེ་ཁམས་སྔོན་ལ་འཇོག་ཅིང་འབྱུང་འཕྲོད་འཕེལ་རྒྱས་གཏང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཚད་དཔོག་ལ་གཞི་ཚུགས་ཏེ།“སྲུང་སྐྱོང་ཆེན་པོ་ལས་གསར་སྦོལ་ཆེན་པོ་མི་བྱེད་པའི”བླང་བྱ་ལག་ལེན་གཏིང་ཟབ་བསྟར་བ། སྐྱེ་ཁམས་སྔོན་ལ་འཇོག་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱས་ནས་སྐྱེ་ཁམས་ཕན་འབྲས་དང་། སྤྱི་ཚོགས་ཕན་འབྲས། དཔལ་འབྱོར་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་བྱ་དགོས། ཐོན་ཁུངས་གཙང་བཤེར་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ཁུངས་གསར་སྦོལ་དང་དོ་དམ་བྱེད་པའི་ཁྲོད་ཀྱི་དཀའ་གནད་གཙོ་བོ་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱ་དགོས། ལྷག་པར་དུ་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ལ་དམིགས་ཏེ་ཁུལ་དང་རྫོང་གི་རང་སྟོབས་ཀྱི་ནུས་པ་སྐོང་འཐེན་གང་ལེགས་བྱས་ནས་ཞིབ་འཇུག་དང་ཐག་གཅོད་ནན་ཏན་བྱེད་པ་དང་ཁག་བགོས་ཐག་གཅོད་བྱས་ཏེ་ཁྲིམས་འགལ་གསར་སྦོལ་དང་གོ་རིམ་མེད་པར་གསར་སྦོལ་བྱ་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས།

རིམ་ཁག་དང་སྡེ་ཚན་ཁག་གིས“དཔེ་སྟོན་ཁུལ་གཉིས་དང་རྟེན་གནས་གསུམ”བསྐྲུན་པར་དམ་པོར་དམིགས་ནས་བསམ་ཕྱོགས་དང་། བྱེད་ཐབས་གསར་གཏོད་ཧུར་ཐག་བྱས་ཏེ་ལོ་རེར་འཕེལ་རིམ་གསར་པ་དང་། ཚད་བརྒལ་གསར་པ། ཕན་འབྲས་གསར་པ་བཅས་ཡོང་བའི་འགན་ལེན་བྱ་དགོས།། 


  • ལེ་ཚན་སྔོན་མ།:ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:དམངས་ཕྱུག་དར་རྒྱས་ཀྱི་མཁའ་ལམ་ཞིག་བར་སྣང་སྤྲིན་རིམ་ནས་བསྲིངས།
  • དོ་སྣང་ཆེ་བའི་རྩོམ།