༼ ཁམས་པའི་འཛུམ་རིས༽ སྤྱིའི་འདོན་ཐེངས་སོ་བཞི་པ་ཐོན་ཡོད།

        2022-02-25

༼ ཁམས་པའི་འཛུམ་རིས༽ སྤྱིའི་འདོན་ཐེངས་སོ་བཞི་པ་ཐོན་ཡོད།


 ༼ཁམས་པའི་འཛུམ་རིས༽ཀྱི་འདས་མ་ད་གསུམ་ལ་ལྷག་བསམ་གྱི་བློ་དཀར་བའི་རྩོམ་པ་པོ་དང་ཀློག་པ་པོ་ལྷན་རྒྱས་ཁམས་བཟང་།
   ང་ཚོའི་ཡུལ་སྲོལ་གོམས་གཤིས་དང་འཚོ་བའི་ཁོར་ཡུག་སོགས་ཐུན་མོང་མ་ཡིན་པའི་དམངས་ཁྲོད་རིག་གནས་འདི་དག་ཉམས་པར་སླར་གསོ་དང་མ་ཉམས་གོང་དུ་སྤེལ་བ་ནི། ང་ཚོས་ནམ་ཡང་ཕྲག་ཏུ་བཏེགས་པའི་དམིགས་འབེན་གཙོ་བོ་ཡིན་པས། འདི་ནས་སྤྱི་ལོ༢༠༢༡ལོའི༼ ཁམས་པའི་འཛུམ་རིས༽ འདོན་ཐེངས་གསུམ་པ(སྤྱིའི་འདོན་ཐེངས་སོ་བཞི་པ)སྟོན་དུས་དང་བཅས་ཏེ་ཁམས་སྡེ་དགེའི་རྫ་ཆུའི་ཆུ་རྒྱུད་དང་གླིང་དཀར་ལྷ་སྡེའི་གཏམ་རྒྱུད། ཟུར་ལུགས་བོད་སྨན་དང་འབྲེལ་བའི་ས་གནས་ཀྱི་ཤེས་བྱ་ཐོར་བུ། རྫོགས་ཆེན་ཡུལ་གྱི་དམངས་སྲོལ་དང་ལག་ཤེས་སོགས་དམངས་སྲོལ་རིག་གནས་སྐོར་གྱི་ཆེད་བསྒྲིགས་ཀྱི་བརྙན་དེབ་ཅིག་ཏུ་བསྐྲུན་ཏེ་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་དུ་བསྟར་ཐུབ་པར་བྱུང་ཡོད་ལ། དེ་ཡང་པདྨ་ནོར་བུ་ལགས་ཀྱིས་དེབ་འདིའི་ནང་དོན་དང་པར་རིས་སོགས་མཁོ་འདོན་བྱས་པར་འོ་བརྒྱལ་གང་མང་གནང་ཡོད་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ལགས།
ལོ་འདི་ཤས་རིང་ང་ཚོས་དམངས་ཁྲོད་རིག་གནས་གཙོ་བོར་བྱས་པའི་དུས་དེབ་མི་ཉུང་བ་ཞིག་རྩོམ་སྒྲིག་བྱས་ཡོད་པ་ནི། ཀློག་པ་པོ་རྣམས་ཀྱི་བསམ་པའི་རྒྱགས་ཕྱེ་དང་། རང་རིགས་ཀྱི་རིག་གནས་སོགས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་རྩ་བ་དང་རྨང་རྡོ་ལྟ་བུ་ཞིག་ཏུ་འགྱུར་ན་བསམ་ཞིང་། དེབ་དེ་དག་བསྒྲིགས་པའི་ཐོག་མཐའ་བར་གསུམ་དུ་ཐུགས་བརྩེ་ཆེན་པོའི་དྲིན་གྱིས་བསྐྱངས་ཤིང་དགའ་མགུ་རངས་གསུམ་གྱིས་གཞོགས་ནས་སྐྱོར་བཞིན་པའི་མཁས་དབང་དང་དབུ་ཁྲིད། རྩོམ་པ་པོ་དང་ཀློག་པ་པོ་རྣམས་ལ་ངེད་རྩོམ་སྒྲིག་པ་ཡོངས་ཀྱིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། སླད་མར་ཡང་ལྷག་བསམ་དཀར་པོའི་ཐུགས་བཞེད་ནི་ཉལ་འགྲོའི་རྒྱུན་དང་འགྲོགས་ནས་འདི་ཕྱོགས་སུ་རྒྱབ་སྐྱོར་དང་རོགས་རམ་གནང་རྒྱུའི་རེ་བ་ཡང་ནས་ཡང་དུ་ཞུ་རྒྱུ་དང་། ད་དུང་རྩོམ་སྒྲིག་གི་ལམ་བུའི་ཐོག་ལ་ཡོན་ཚད་དང་དུས་ཚོད་བཅས་མི་འདང་བའི་དབང་གིས་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་ངེས་པས། མཁྱེན་དཔྱོད་ཀྱི་རྩལ་ཡངས་པའི་ཀློག་པ་པོ་རྣམས་ཀྱིས་ཡོ་སྲང་བཟོ་བཅོས་དང་དགོངས་འཆར་ལྷུག་བཀྲོལ་གནང་རྒྱུའི་རེ་བའང་ནན་གྱིས་ཞུ་བ་ལགས།།
                                                   ༼ ཁམས་པའི་འཛུམ་རིས༽  རྩོམ་སྒྲིག་ཁང་ནས།

༼ ཁམས་པའི་འཛུམ་རིས༽ སྤྱིའི་འདོན་ཐེངས་སོ་བཞི་པ་ཐོན་ཡོད།

༼ ཁམས་པའི་འཛུམ་རིས༽ སྤྱིའི་འདོན་ཐེངས་སོ་བཞི་པ་ཐོན་ཡོད།

༼ ཁམས་པའི་འཛུམ་རིས༽ སྤྱིའི་འདོན་ཐེངས་སོ་བཞི་པ་ཐོན་ཡོད།

༼ ཁམས་པའི་འཛུམ་རིས༽ སྤྱིའི་འདོན་ཐེངས་སོ་བཞི་པ་ཐོན་ཡོད།

༼ ཁམས་པའི་འཛུམ་རིས༽ སྤྱིའི་འདོན་ཐེངས་སོ་བཞི་པ་ཐོན་ཡོད།

༼ ཁམས་པའི་འཛུམ་རིས༽ སྤྱིའི་འདོན་ཐེངས་སོ་བཞི་པ་ཐོན་ཡོད།




  • ལེ་ཚན་སྔོན་མ།:《ཁམས་པའི་འཛུམ་རིས》ཁམས་ལི་ཐང་གི་ཆེད་བསྒྲིགས་སྨད་ཆ་པར་དུ་བསྐྲུན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།