༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༢པ་སྒོར་ཐོན་ཡོད།

        2021-06-02

༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༢པ་སྒོར་ཐོན་ཡོད།

 ༼  ཁམས་པའི་འཛུམ་རིས༽ ཀྱི་འདས་མ་ད་གསུམ་ལ་ལྷག་བསམ་གྱི་བློ་དཀར་བའི་རྩོམ་པ་པོ་དང་ཀློག་པ་པོ་ལྷན་རྒྱས་ཁམས་བཟང་། 

   འདི་ནས་སྤྱི་ལོ༢༠༢༡ལོའི༼ ཁམས་པའི་འཛུམ་རིས༽ འདོན་ཐེངས་དང་པོ(སྤྱིའི་འདོན་ཐེངས་སོ་གཉིས་པ)དཔྱིད་སྦྲང་ཆར་ཟིལ་མའི་རླན་བཤེར་ལས་མཛེས་མེ་ཏོག་སྣ་ལྔའི་འཛུམ་མདངས་བཞད་པའི་སྐབས་དང་བསྟུན་ཏེ་རྒྱ་ཆེའི་རྩོམ་པ་པོ་དང་ཀློག་པ་པོ་ཁྱེད་ཅག་གི་སྤྱན་སྔར་དུ་བསྟར་ཐུབ་བྱུང་ཡོད་ལ། ད་ཐེངས་ཁམས་མི་ཉག་ལྷ་སྒང་གོ་རོ་མ་སྡེ་བའི་ས་གནས་ལོ་རྒྱུས་དང་དམངས་ཁྲོད་ལག་རྩལ།ལྟོ་གོས་གནས་མལ།མི་སྣའི་ལོ་རྒྱུས།གནས་རི་གནས་བཤད་དང་གླུ་གར་རིག་གནས་སོགས་དམངས་ཁྲོད་རིག་གནས་ཆེད་བསྡུས་ཀྱིས་དེབ་གཟུགས་སུ་བསྡེབས་ནས་དཔེ་བསྐྲུན་བྱས་ཡོད། འདི་ནས་ཆེད་དུ་གོ་རོ་མའི་ཕ་གཞིས་དྲོན་མོ་ནས་འཚར་ལོངས་བྱུང་ཞིང་། རིག་པའི་གནས་ལ་ཐུགས་རྒྱུད་ཕྱུག་པ་དང་།གདུལ་བྱའི་སློབ་ཚོགས་གྲངས་མང་བསྐྱངས་ཏེ་མི་རིགས་རང་གི་སྐད་དང་ཡི་གེའི་འཛིན་སྐྱོང་སྤེལ་གསུམ་ལ་བྱས་རྗེས་བླ་ལྷག་ཏུ་ཆེ་བའི་སི་ཁྲིན་མི་རིགས་སློབ་གླིང་ནས་ལས་འཁྱུར་ངལ་གསོ་གནང་བཞིན་པའི་དགེ་རྒན་ཆེན་མོ་རིག་འཛིན་བསྟན་སྲུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ལགས་ཏེ། ཁོང་གིས་ལོ་མང་རིང་རང་ཡུལ་རང་ས་ནས་སྐུ་ངལ་ལ་མ་འཛེམ་པར་དམངས་ཁྲོད་ཀྱི་རིག་གནས་འདི་དག་འཚོལ་སྡུད་དང་གསར་རྩོམ་གནང་བར་བརྟེན་དེབ་འདི་ཉིད་དཔེ་བསྐྲུན་ཐུབ་པར་བྱུང་།

༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༢པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༢པ་སྒོར་ཐོན་ཡོད།

    སླན་ཆད་ཀྱང་བོད་ཀྱི་ཡུལ་གྲུ་སོ་སོའི་མཁས་དབང་དང་རྩོམ་པ་པོ་ལྷན་རྒྱས་ཀྱིས་སོ་སོའི་ཡུལ་ལུང་པའི་དམངས་ཁྲོད་ཀྱི་རིག་གནས་ལོ་རྒྱུས་སྐོར་གྱི་ཕྱག་རྩོམ་གྱིས་རྒྱབ་སྐྱོར་གནང་སྟེ༼ ཁམས་པའི་འཛུམ་རིས༽ འདི་ཉིད་ཀྱི་སྐྱེས་སྟོབས་ལ་སྔར་བཞིན་གསོན་ཤུགས་རེ་བསྩལ་བའི་རེ་སྨོན་གྱིས་ཀུན་ནས་བརྟས་པ་ལགས་སོ།།


༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༢པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༢པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༢པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༢པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༢པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༢པ་སྒོར་ཐོན་ཡོད།


  • ལེ་ཚན་སྔོན་མ།:༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༡པ་སྒོར་ཐོན་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།