སྡེ་དགེའི་དམངས་སྲོལ་ཆེད་བསྒྲིགས«ཁམས་པའི་འཛུམ་རིས»པར་དུ་བསྐྲུན།

        2018-09-12

   

སྡེ་དགེའི་དམངས་སྲོལ་ཆེད་བསྒྲིགས«ཁམས་པའི་འཛུམ་རིས»པར་དུ་བསྐྲུན།

སྡེ་དགེའི་དམངས་སྲོལ་ཆེད་བསྒྲིགས«ཁམས་པའི་འཛུམ་རིས»པར་དུ་བསྐྲུན།

   ཟླ་འདིའི་སྤྱི་ཚེས10ཉིན་ཁམས་པའི་འཛུམ་རིས2018ལོའི་འདོན་ཐེངས་གསུམ་པ༼སྤྱིའི་འདོན་ཐེངས་ཉེར་གཅིག་པ༽པར་དུ་བསྐྲུན་ནས་སྒོར་ཐོན་ཡོད།

སྡེ་དགེའི་དམངས་སྲོལ་ཆེད་བསྒྲིགས«ཁམས་པའི་འཛུམ་རིས»པར་དུ་བསྐྲུན།
སྡེ་དགེའི་དམངས་སྲོལ་ཆེད་བསྒྲིགས«ཁམས་པའི་འཛུམ་རིས»པར་དུ་བསྐྲུན།

   འདི་ནི་མཁས་དབང་རབ་བརྟན་དགེ་ལེགས་ཕུན་ཚོགས་མཆོག་གིས་ཁམས་སྡེ་ས་ཁུལ་གྱི་དམངས་ཁྲོད་རིག་གནས་འཚོལ་སྡུད་བྱས་པ་ལས་ནང་དོན་སྐོར་ཞིག་གཙོ་བོར་བཟུང་ཤིང་དེ་མིན་གྱི་མཁས་དབང་འགའ་རེའི་གསུང་རྩོམ་འགའ་བཅས་ཕྱོགས་བསྡུས་བྱས་ནས་དེབ་གཟུགས་སུ་ཕབ་སྟེ་ཁམས་སྡེ་དགེའི་དམངས་སྲོལ་རིག་གནས་ཀྱི་ཆེད་བསྒྲིགས་འདི་ཉིད་དཔེ་སྐྲུན་བྱས་པ་ཡིན།

སྡེ་དགེའི་དམངས་སྲོལ་ཆེད་བསྒྲིགས«ཁམས་པའི་འཛུམ་རིས»པར་དུ་བསྐྲུན།

   དེབ་འདི་རུ་གཙོ་བོ་ས་སྐྱོང་སྡེ་དགེའི་རྒྱལ་རབས་ཀྱི་ལོ་རྒྱུས་དང་གླིང་གེ་སར་དང་འབྲེལ་ཡོད་ཀྱི་རྗེས་ཤུལ། སྡེ་དགེ་ཡུལ་གྱི་དམངས་ཁྲོད་ཀྱི་སྒྲུང་དང་ཁེད། དར་གྱི་བཤད་པ་དང་འབྲས་དཀར་གྱི་བཤད་པ། ཆོས་ལ་སྐུལ་བའི་གཏམ་སོགས་ཕྱོགས་བསྡུས་རང་བཞིན་གྱི་དུས་དེབ་ཅིག་ཏུ་བསྒྲུབས་ཡོད། 

སྡེ་དགེའི་དམངས་སྲོལ་ཆེད་བསྒྲིགས«ཁམས་པའི་འཛུམ་རིས»པར་དུ་བསྐྲུན།

  འདིའང་ཉམས་དང་ཉམས་བཞིན་པའི་བོད་ཀྱི་དམངས་ཁྲོད་ཀྱི་རིག་གནས་གང་མང་བརྒྱུད་འཛིན་དང་དར་སྤེལ་ཨེ་འཁྱོང་གི་ཀུན་སློང་གཙང་མས་ཀུན་ནས་བལྟམས་པ་ལགས་ན། དེ་དེ་བཞིན་འགྲུབ་པའི་རེ་སྨོན་དང་བཅས།།


  • ལེ་ཚན་སྔོན་མ།:༼ ཁམས་པའི་འཛུམ་རིས ༽ སྤྱིའི་འདོན་ཐེངས་བཅུ་དགུ་པ་སྒོར་ཐོན་ཡོད།
  • ལེ་ཚན་རྗེས་མ།:«ཁམས་པའི་འཛུམ་རིས»ལི་ཐང་གི་དམངས་སྲོལ་ཆེད་བསྒྲིགས་པར་དུ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།