ཚངས་མགུར་རྐང་དྲུག་མ།

ཐོར་བུ།        2022-02-25

ཤར་རིའི་ཕྲག་པའི་སྟེང་ནས།།

ཉི་གཞོན་དགྱེས་མཛུམ་མངོན་དུས།།

ཡིད་ཀྱི་པདྨའི་སྟེང་ལ།།

མ་སྐྱེས་ཨ་མ་སྦྲུམ་བྱུང་།།

སྒེའུ་ཡོལ་རླུང་གིས་གཡོ་བའི།།

གྲྭ་ཤག་གྲུ་བཞིའི་ནང་དུ།།

ཚངས་མགུར་ངག་ལ་གྱེར་དུས།།

སྐྱོ་བའི་དངན་པ་ཤོར་སོང་།།

ཕུ་ཆུའི་ངོགས་སུ་འཁྲུངས་པའི།།

དྲི་ཞིམ་མེ་ཏོག་སེར་ཆེན།།

རྐང་དྲུག་སྦྲང་མའི་སེམས་པ།།

ཁྱོད་ཀྱི་སྲོག་ལ་ཞུགས་ཡོད།།

སྤྲིན་པ་ལྷོ་ལ་བཞུད་སོང་།།

ལང་ཚོའི་མེ་ཏོག་རྙིད་སོང་།།

གྲོང་ཁྱེར་སྒྱུ་མའི་ཀློང་ནས།།

སྐྱོ་ཡང་སྐྱོ་རོགས་མ་རྙེད།།

ལང་ཚོའི་མེ་ཏོག་སྐམ་པའི།།

འབྲོག་ཐང་ཉུལ་བའི་བུ་མོས།།

གཞོན་དུས་སྣང་བ་དྲན་ཏེ།།

འཛུམ་པའི་སྒོ་མོ་ཕྱེས་བྱུང་།།

ནགས་སུ་སྒོམ་ལ་ཞུགས་པའི།།

རྣལ་འབྱོར་མི་ལ་རས་པ།།

འཁོར་བའི་རང་མཚུང་སྟོན་དང་།།

མོ་ལ་གྱེས་བརྡ་གཏོང་ཆོག།


  • ལེ་ཚན་སྔོན་མ།:མཐོ་སྒང་རིང་ཐང་ཉུལ་བའི་གླུ་རྩེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།