《ཁམས་པའི་འཛུམ་རིས》ཁམས་ལི་ཐང་གི་ཆེད་བསྒྲིགས་སྨད་ཆ་པར་དུ་བསྐྲུན།

        2021-09-24

   

《ཁམས་པའི་འཛུམ་རིས》ཁམས་ལི་ཐང་གི་ཆེད་བསྒྲིགས་སྨད་ཆ་པར་དུ་བསྐྲུན།

《ཁམས་པའི་འཛུམ་རིས》ཁམས་ལི་ཐང་གི་ཆེད་བསྒྲིགས་སྨད་ཆ་པར་དུ་བསྐྲུན།
《ཁམས་པའི་འཛུམ་རིས》ཁམས་ལི་ཐང་གི་ཆེད་བསྒྲིགས་སྨད་ཆ་པར་དུ་བསྐྲུན།

   ཟླ9པའི་ཚེས23ཉིན《ཁམས་པའི་འཛུམ་རིས》སྤྱིའི་འདོན་ཐེངས་སོ་གསུམ་པ་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས། འདི་ནི་སྤྱི་ལོ2021ལོའི《ཁམས་པའི་འཛུམ་རིས》འདོན་ཐེངས་གཉིས་པ། ཁམས་ལི་ཐང་ཡུལ་གྱི་མི་སྣའི་ལོ་རྒྱུས་དང་གེ་སར་གྱི་ངག་རྒྱུན། སྐད་བརྡ་ཞིབ་འཇུག། སྲོལ་རྒྱུན་ཆ་ལུགས། རང་བྱུང་ཡུལ་ལྗོངས། དམངས་སྲོལ་བཤད་པ། དམངས་ཁྲོད་གླུ་གཞས་སོགས་དེབ་ཏུ་བསྒྲིགས་པའི་འདོན་ཐེངས་སྨད་ཆ་དེ་ལགས་སོ།།

《ཁམས་པའི་འཛུམ་རིས》ཁམས་ལི་ཐང་གི་ཆེད་བསྒྲིགས་སྨད་ཆ་པར་དུ་བསྐྲུན།
《ཁམས་པའི་འཛུམ་རིས》ཁམས་ལི་ཐང་གི་ཆེད་བསྒྲིགས་སྨད་ཆ་པར་དུ་བསྐྲུན།
《ཁམས་པའི་འཛུམ་རིས》ཁམས་ལི་ཐང་གི་ཆེད་བསྒྲིགས་སྨད་ཆ་པར་དུ་བསྐྲུན།
《ཁམས་པའི་འཛུམ་རིས》ཁམས་ལི་ཐང་གི་ཆེད་བསྒྲིགས་སྨད་ཆ་པར་དུ་བསྐྲུན།

     འུ་ཅག་གི་ཡུལ་སྲོལ་གོམས་གཤིས་དང་འཚོ་བའི་ཁོར་ཡུག་སོགས་ཐུན་མོང་མ་ཡིན་པའི་དམངས་ཁྲོད་རིག་གནས་འདི་དག་ཉམས་པར་སླར་གསོ་དང་མ་ཉམས་གོང་དུ་སྤེལ་བ་ནི། ང་ཚོས་ནམ་ཡང་ཕྲག་ཏུ་བཏེགས་པའི་དམིགས་འབེན་གཙོ་བོ་ཡིན་པས། ལོ་འདི་ཤས་རིང་ང་ཚོས་དམངས་ཁྲོད་རིག་གནས་གཙོ་བོར་བྱས་པའི་དུས་དེབ་མི་ཉུང་བ་ཞིག་རྩོམ་སྒྲིག་བྱས་ཡོད་པ་ནི། རིགས་ཀྱི་སྤུན་ཟླ་རྣམས་ཀྱི་བསམ་པའི་རྒྱགས་ཕྱེ་དང་། རང་རིགས་ཀྱི་རིག་གནས་སོགས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་རྩ་བ་དང་རྨང་རྡོ་ལྟ་བུ་ཞིག་ཏུ་འགྱུར་ན་བསམ་ཞིང་། དེབ་དེ་དག་བསྒྲིགས་པའི་ཐོག་མཐའ་བར་གསུམ་དུ་ཐུགས་བརྩེ་ཆེན་པོའི་དྲིན་གྱིས་བསྐྱངས་ཤིང་དགའ་མགུ་རངས་གསུམ་གྱིས་གཞོགས་ནས་སྐྱོར་བཞིན་པའི་མཁས་དབང་དང་དབུ་ཁྲིད། རྩོམ་པ་པོ་དང་ཀློག་པ་པོ་རྣམས་ལ་ངེད་རྩོམ་སྒྲིག་པ་ཡོངས་ཀྱིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་ཤིང་། སླད་མར་ཡང་ལྷག་བསམ་དཀར་པོའི་ཐུགས་བཞེད་ནི་ཉལ་འགྲོའི་རྒྱུན་དང་འགྲོགས་ནས་འདི་ཕྱོགས་སུ་རྒྱབ་སྐྱོར་དང་རོགས་རམ་གནང་རྒྱུའི་རེ་བ་ཡང་ནས་ཡང་དུ་ཞུ་རྒྱུ་དང་། ད་དུང་རྩོམ་སྒྲིག་གི་ལམ་བུའི་ཐོག་ལ་ཡོན་ཚད་དང་དུས་ཚོད་བཅས་མི་འདང་བའི་དབང་གིས་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་ངེས་པས། མཁྱེན་དཔྱོད་ཀྱི་རྩལ་ཡངས་པའི་ཀློག་པ་པོ་རྣམས་ཀྱིས་ཡོ་སྲང་བཟོ་བཅོས་དང་དགོངས་འཆར་ལྷུག་སྩོལ་གནང་རྒྱུའི་རེ་བའང་ནན་གྱིས་ཞུ་བ་ལགས།། 

《ཁམས་པའི་འཛུམ་རིས》ཁམས་ལི་ཐང་གི་ཆེད་བསྒྲིགས་སྨད་ཆ་པར་དུ་བསྐྲུན།
《ཁམས་པའི་འཛུམ་རིས》ཁམས་ལི་ཐང་གི་ཆེད་བསྒྲིགས་སྨད་ཆ་པར་དུ་བསྐྲུན།
《ཁམས་པའི་འཛུམ་རིས》ཁམས་ལི་ཐང་གི་ཆེད་བསྒྲིགས་སྨད་ཆ་པར་དུ་བསྐྲུན།


  • ལེ་ཚན་སྔོན་མ།:༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༢པ་སྒོར་ཐོན་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།