ཧུའུ་ཁྲུན་ཧྭ་རང་ཁུལ་དུ་ཕེབས་ནས་རྟོག་ཞིབ་གནང་།

ཐུབ་ཀྱིས་བསྒྱུར།        2021-09-23

  

ཧུའུ་ཁྲུན་ཧྭ་རང་ཁུལ་དུ་ཕེབས་ནས་རྟོག་ཞིབ་གནང་།


  ཞིན་ཧྭ་གསར་འགྱུར་ཁང་དང་སི་ཁྲོན་ཉིན་རེའི་ཚགས་པར་ཐོག་ལ་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་སྤྱི་ཟླ9ཚེས16ནས་ཚེས17ཉིན་བར་སི་ཁྲོན་དུ་ཕེབས་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད། 

    ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར་ཡུལ་སྡེ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ལ་གཅིག་སྡུད་ཐོག་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ་དབུལ་ཐར་གྱི་རྨང་གཞི་དེ་བས་བརྟན་པ་དང་ཕན་འབྲས་དེ་བས་རྒྱུན་མཐུད་ཡོང་བའི་འགན་ལེན་བྱ་དགོས་པའི་ནན་གསུང་གནང་བ་རེད།  

    ཧུའུ་ཁྲུན་ཧྭ་སྔ་རྗེས་སུ་རྒྱལ་ཁབ་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་སྟེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དཀར་མཛེས་རྫོང་དང་། ཉག་རོང་རྫོང་། བྲག་མགོ་རྫོང་བཅས་ཀྱི་དབུལ་ཐར་ཡུལ་སྡེ་དང་། གནས་སྤོའི་བཀོད་སྒྲིག་བྱ་ཡུལ། ཐོན་ལས་གླིང་ཁུལ། སློབ་གྲྭ། སྨན་ཁང་བཅས་སུ་ཕེབས་ནས་དབུལ་ཐར་གྲུབ་འབྲས་སྲ་བརྟན་བཏང་ཚུལ་དང་། ཡུལ་སྡེའི་ཐོན་ལས་འཕེལ་རྒྱས། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།  

    ཧུའུ་ཁྲུན་ཧྭ་ཡིས་གཙོ་གནད་རོགས་སྐྱོར་བྱ་ཡུལ་རྫོང་གི་རང་བྱུང་ཆ་རྐྱེན་ཞན་པ་དང་འཕེལ་རྒྱས་ཀྱི་རྨང་གཞི་བལྟོས་བཅས་ཀྱིས་ཉམས་ཞན་ཡིན་པས་ངེས་པར་དུ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་དམ་འཛིན་ཏན་ཏིག་བྱ་དགོས། དབུལ་པོར་བསྐྱར་ལོག་མི་ཡོང་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལམ་སྲོལ་ཡག་པོ་སྤྱད་དགོས་པ་དང་། དུས་ཐོག་ཏུ་ཉེན་ཟོན་ཉེན་བརྡ་གཏོང་བ་དང་སྔོན་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།མཐའ་སྐྱོང་འགན་ལེན་འཐུས་ཚང་དུ་གཏོང་བ། གཞི་ཁྱོན་ལྡན་པའི་བསྐྱར་ལོག་མི་ཡོང་བའི་མཐིལ་ཚད་མཐའ་གཅིག་ཏུ་བསྲུང་དགོས། གནས་སྤོའི་རྗེས་མཐུད་རོགས་སྐྱོར་དང་ལྷག་པར་དུ་ལས་ཞུགས་རོགས་སྐྱོར་ལས་དོན་ལ་ཤུགས་བརྒྱབ་ནས་དབུལ་ཐར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏང་དགོས། ཡུལ་སྡེའི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་ཞིང་པའི་འབབ་འཕར་ཕྱུག་འགྱུར་ལ་མུ་མཐུད་དེ་སྐུལ་འདེད་གཏང་དགོས། ནང་གནས་ཀྱི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བ་དང་།རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་རྒྱག་པ། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བ། སྤྱི་ཡོངས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས་ཞེས་བསྟན་པ་རེད།

    ཧུའུ་ཁྲུན་ཧྭ་ཡིས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཡུལ་སྡེ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་འཕེལ་རྒྱས་གཏང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་འགན་འཁྲི་དང་།སྲིད་ཇུས།ལས་དོན་བཅས་དོན་འཁྱོལ་བྱ་རྒྱུར་སྔར་བས་ཤུགས་རྒྱག་པ་དང་།མ་དངུལ་དང་ལས་གཞི་བཀོད་སྒྲིག་ལ་སྤྱི་འདོམས་བྱེད་པ། སྲིད་ཇུས་དང་བྱ་ཐབས་མགྱོགས་མྱུར་ཞིབ་ཚགས་སུ་བཏང་སྟེ་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱ་དགོས་ཞེས་ནན་གསུང་གནང་བ་རེད། 

    ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་རྟོག་ཞིབ་ཁྲོད་དུ་ཞུགས་ཡོད། 


  • ལེ་ཚན་སྔོན་མ།:ལྕགས་ཟམ་ཁ་ནས་སྲིབ་སྨན་བར་གྱི་མྱུར་བགྲོད་གཞུང་ལམ་གྱིས་འཁྱིལ་ཆུ་ཡིས་དཔེ་སྟོན་ལས་གྲྭ་བསྐྲུན་པར་འགན་སྲུང་བྱས།
  • ལེ་ཚན་རྗེས་མ།:ཟླ་མཆོད་དུས་ཆེན་རིང་རང་ཁུལ་གྱིས་འགྲུལ་བ་ཁྲི31ལ་སྣེ་ལེན་བྱས་ཡོད།
  • དོ་སྣང་ཆེ་བའི་རྩོམ།