ཟླ་མཆོད་དུས་ཆེན་རིང་རང་ཁུལ་གྱིས་འགྲུལ་བ་ཁྲི31ལ་སྣེ་ལེན་བྱས་ཡོད།

བདེ་ཆེན་གྱིས་བསྒྱུར།        2021-09-23

    སྤྱི་ཟླ9པའི་ཚེས21ཉིན། གསར་འགོད་པས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་སྐབས་སུ་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་ཁྱོན་བསྡོམས་ཁྲི31.04ལ་སྣེ་ལེན་བྱས་ཏེ་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར3.41རག་པ་དང་། 2019ལོའི་དུས་མཚུངས་ལས་བརྒྱ་ཆ1.84དང་བརྒྱ་ཆ1.79འཕར་ཡོད་པ་རེད། བསྡོམས་རྩིས་ནང་བཅུག་པའིAརིམ་པའི་ལྗོངས་ཁུལ61གིས་ཡུལ་སྐོར་བ་ཁྱོན་བསྡོམས་ཁྲི10.8149ལ་སྣེ་ལེན་བྱས་ཏེ་སྒོ་འཛིན་ཡོང་འབབ་སྒོར་ཁྲི232.22ལ་ཟིན་པ་རེད། ཁུལ་ཡོངས་ཀྱི་སྤྱི་པའི་དཔེ་མཛོད་ཁང་དང་རིག་གནས་ཁང་གིས་ཁྱོན་བསྡོམས་མང་ཚོགས9924ལ་སྣེ་ལེན་བྱས་པ་རེད།

 

ཟླ་མཆོད་དུས་ཆེན་རིང་རང་ཁུལ་གྱིས་འགྲུལ་བ་ཁྲི31ལ་སྣེ་ལེན་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་གསུམ་གྱི་གུང་གསེང་སྐབས་སུ་རང་ཁུལ་གྱི་ཡུལ་སྐོར་ཁྲོམ་ར་རུ་འཁོར་གཏོང་ཡུལ་སྐོར་གཙོ་བོ་ཡིན་ཞིང་། ཁྲེང་ཏུའུ་དང་ཁྲུང་ཆིང་ནི་རང་ཁུལ་གྱི་འགྲུལ་ཁུངས་གཙོ་བོ་ཡིན་པ་རེད། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་འགྲོ་འོང44042དང་ལྕགས་ཟམ་རྫོང་ལམ་བརྒྱུད་དུ་རླངས་འཁོར་འགྲོ་འོང23379ལ་ཟིན་པ་རེད།

ཟླ་མཆོད་དུས་ཆེན་རིང་རང་ཁུལ་གྱིས་འགྲུལ་བ་ཁྲི31ལ་སྣེ་ལེན་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་སྐབས་སུ་རང་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་དེ་རིམས་ནད་མ་ཐོན་གོང་གི2019ལོའི་དུས་མཚུངས་དང་བསྡུར་ན་འགྲུལ་བའི་འཕར་ཚད་བརྒྱ་ཆའི་གྲངས1.84ཡིན་ཞིང་། ཟླ་མཆོད་དུས་རིམ་གྱི་ཡུལ་སྐོར་བར་སྣེ་ལེན་བྱས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།།

ཟླ་མཆོད་དུས་ཆེན་རིང་རང་ཁུལ་གྱིས་འགྲུལ་བ་ཁྲི31ལ་སྣེ་ལེན་བྱས་ཡོད།
ཟླ་མཆོད་དུས་ཆེན་རིང་རང་ཁུལ་གྱིས་འགྲུལ་བ་ཁྲི31ལ་སྣེ་ལེན་བྱས་ཡོད།
ཟླ་མཆོད་དུས་ཆེན་རིང་རང་ཁུལ་གྱིས་འགྲུལ་བ་ཁྲི31ལ་སྣེ་ལེན་བྱས་ཡོད།
ཟླ་མཆོད་དུས་ཆེན་རིང་རང་ཁུལ་གྱིས་འགྲུལ་བ་ཁྲི31ལ་སྣེ་ལེན་བྱས་ཡོད།


  • ལེ་ཚན་སྔོན་མ།:ཧུའུ་ཁྲུན་ཧྭ་རང་ཁུལ་དུ་ཕེབས་ནས་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་ལ་ཁེ་སྙན་གྲགས་མཉམ་དུ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།