ནགས་སྲུང་བ་ཞིག་གི་སྙིང་གཏམ་འདི་ལས་བདེན་ཞིག་ག་ན་ཡོད།

ཐུབ་ཀྱིས་བསྒྱུར།        2021-09-16

ནགས་སྲུང་བ་ཞིག་གི་སྙིང་གཏམ་འདི་ལས་བདེན་ཞིག་ག་ན་ཡོད།

2021ལོའི་ཟླ་བ9པའི་ཚེས14ཉིན་གྱི་འོད་ཟེར་ཚགས་པར་གྱི་པར་ངོས་དང་པོར་ཚགས་པར་དེའི་གསར་འགོད་པ་ལི་ཞའོ་ཏུང་གིས《སྔོ་ལྗང་རི་ཀླུང་བསྲུང་ཐུབ་ན། འཚོ་བ་སྐྱིད་པོ་ཡང་བསྲུང་ཐུབ》ཅེས་པའི་རྩོམ་ཡིག་ཅིག་བཀོད་འདུག། དེ་ནི་ཚགས་པར་དེའི་ངེད་ཁྱིམ་ཚང་གི་འབྱོར་འབྲིང་གཏམ་རྒྱུད་བཤད་པ་ཞེས་པའི་ལེ་ཚན་ཞིག་ཡིན་ལ། བཤད་མཁན་ནི་རང་ཁུལ་དཔལ་ཡུལ་རྫོང་རྒྱལ་དབང་ནགས་ཚལ་སྲུང་སྐྱོང་དོ་དམ་ཅུས་འབར་རོང་ནགས་རའི་མགོ་གཙོ་ཝུའུ་ལིན་རེད། ཁོས་འདི་འདྲ་བཤད་འདུག་སྟེ། 

ནགས་སྲུང་བ་ཞིག་གི་སྙིང་གཏམ་འདི་ལས་བདེན་ཞིག་ག་ན་ཡོད།

   དེ་ལོར། ཨ་ཕས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་དུ་བླངས་ནས་སི་ཁྲོན་ནུབ་བྱང་མཐོ་སྒང་དུ་ཤིང་གཅོད་བཟོ་པ་ཞིག་བྱས། 1989ལོར་ཨ་ཕས་སོག་ལེ་དང་སྟ་རེ་ང་ལ་སྤྲད་བྱུང་། 

  ངའི་ལས་ཀ་ནི་ཤིང་བཅད་དེ་རི་འདབས་ཀྱི་ཆུ་བོར་འཕང་རྒྱུ་དེ་རེད། ཤིང་སྡོང་དག་སྨད་རྒྱུད་ཀྱི་གྲོང་ཁྱེར་ལ་ཁུར་ནས་ལྕགས་ཟམ་གྱི་ལམ་གདན་དང་གཏེར་ཁྲོན་གྱི་སྒྲོམ་ཤིང་དུ་གྱུར་པ་རེད། 

   ང་ཚོ་མི་གསུམ་རེ་ཚོ་རེར་བྱས་ནས་ཉིན་གཅིག་ལ་ལོ་བརྒྱ་ལོན་པའི་སྡོང་རྒན་བདུན་བརྒྱད་རེ་བཅད་ཐུབ། ཤིང་གི་སྲོག་རྩ་གཅོད་མཁན་གྱི་རྒྱ་སྟག་ངར་མ་རེད་ཟེར་ན་མིང་དོན་མཚུངས་པ་ཞིག་རེད།

ནགས་སྲུང་བ་ཞིག་གི་སྙིང་གཏམ་འདི་ལས་བདེན་ཞིག་ག་ན་ཡོད།

    དེའི་སྐབས་སུ། ངས་མིང་སྙན་མོ་འདི་འདྲ་ཞིག་ཐོབ་པར་སྤོབས་པ་སྐྱེ་བཞིན་ཡོད། རེད་དེ། ནགས་ཚུལ་ཡུག་དང་ཡུག་སྡོང་དུམ་དུ་གྱུར་སོང་། རི་སྐམ་སོང་། ཆུ་རྙོག་སོང་། ཆར་དྲག་འབབ་དུས་ས་རྡོ་རི་ལུང་གང་བྱུང་། 

   རྗེས་སུ། སྲིད་གཞུང་གིས་རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་ཇུས་ལག་ལེན་བསྟར་ནས་རང་བྱུང་ནགས་ཚལ་གཅོད་མི་ཆོག་པ་བྱས་པ་རེད། ང་ཚོ་རྒྱ་སྟག་ངར་མ་ཚོ་ཡང་རི་ནས་མི་ལོག་ཀ་མེད་བྱུང་། 

   ང་རང་ཡང་རི་ཁུག་ལུང་ཁུག་ནས་ཕྱི་རོལ་དུ་འགྲོ་འདོད་ཧ་ཅང་ཆེ་ཡང་། ཨ་ཕས་ཚང་མ་འགྲོ་ཚར་ན་རི་སྐམ་བོང་བུའི་ཐོད་པ་འདྲ་འདྲ་འདི་ཚོ་ཅི་འདྲ་བྱ་དགོས་རེད་ཅེས་ཟེར་ནས་ཁས་ལེན་མ་སོང་། ཨ་ཕའི་སྐད་ཆ་དེས་ང་རང་གཉིད་ལས་དཀྲོགས། དེ་ནས་བཟུང་ང་རང་གཅོད་མཁན་ཞིག་ནས་ཤིང་འཛུགས་མཁན་ཞིག་ཏུ་གྱུར།

ནགས་སྲུང་བ་ཞིག་གི་སྙིང་གཏམ་འདི་ལས་བདེན་ཞིག་ག་ན་ཡོད།

    ཤིང་སོས་བྱུང་། ནགས་སྟུག་ཐལ། ད་ལྟ་ཡིན་ན་རི་ཚང་མ་སྔོ་ལྗང་ལྗང་རེད། བྱ་དཀར་དང་སྤྲེའུ། ཤྭ་ཁྲ་སོགས་ནགས་ཚལ་དུ་རྩེད་མོ་ལ་ཅི་དགར་རྩེ་བཞིན་ཡོད། ངས་ཀྱང་ནགས་གསེང་ལ་བོད་ཕག་དང་བོད་བྱ་གསོ་བ་དང་། ཤ་མོ་འདེབས་པ་ཡིན། ཤིང་མྱུག་ར་བ་ནང་གི་ལྟད་མོ་ལྟ་ཡས་ཀྱི་ཤིང་སྡོང་གི་ཚོང་ཡང་ཧ་ཅང་བྲིན་པོ་འདུག། ཁྱིམ་གྱི་ཡོང་འབབ་ཉིན་རེ་བཞིན་ཇེ་མང་རེད། 

   ཁོམ་སྐབས་ཡོད་དུས་ལ་ང་རང་ནགས་གསེང་དུ་བསྐོར་བ་འགྲོ་རྒྱུར་དགའ། སེམས་ནང་དུ་ཨ་ཕས་སྔོ་ལྗང་རི་ཀླུང་བསྲུང་ཐུབ་ན། འཚོ་བ་སྐྱིད་པོ་ཡང་བསྲུང་ཐུབ་ཅེས་པའི་སྐད་ཆ་དེ་ཡང་ཡང་འཁོར་བྱུང་།

ནགས་སྲུང་བ་ཞིག་གི་སྙིང་གཏམ་འདི་ལས་བདེན་ཞིག་ག་ན་ཡོད།

   རང་ཁུལ་གྱིས་རང་བྱུང་ནགས་ཚལ་སྲུང་སྐྱོང་ཉམས་གསོའི་ལས་དོན་སྤེལ་ནས་ལོ20ལྷག་སོང་ཞིང་། དཀར་མཛེས་ཁུལ་གྱི་མི་དམངས་ཚོའི་མིག་ལམ་དུ་རི་སྔོ་ལ་ཆུ་དྭངས་པ་ཞིག་ཡང་བསྐྱར་མངོན་པ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རིར་ཆགས་ཟིན་ལ། སྐྱེ་ཁམས་དང་སྤྱི་ཚོགས། དཔལ་འབྱོར་བཅས་རྒྱུན་སྲིང་འཕེལ་རྒྱས་ཡོང་བའི་ཕན་འབྲས་ཀྱང་ཆེ་རུ་སོང་ཡོད་དོ།།

 

 



  • ལེ་ཚན་སྔོན་མ།:མཛེས་པའི་དཔལ་གྱིས་ཕྱུག་པའི་དཀར་མཛེས་ཁུལ།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱི་ས་ཆ་འདི་ལ་རིམ་པ6ཅན་གྱི་ས་འགུལ་བྱུང་འདུག།
  • དོ་སྣང་ཆེ་བའི་རྩོམ།