ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཀྲང་གཞོན་པ་ཝང་ཁྲེན་གྱིས་བརྟག་ཞིབ་ཚོགས་ཆུང་ཁྲིད་ནས་རང་ཁུལ་དུ་བརྟག་ཞིབ་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2021-09-15

སྤྱི་ཟླ9པའི་ཚེས7ཉིན་ནས་ཚེས9ཉིན་གྱི་བར། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཀྲང་གཞོན་པ། ཀྲུང་གོ་གསོ་རིག་ཚན་རིག་ཁང་པེ་ཅིང་ཞེ་ཧོ་སྨན་ཁང་གི་མགོ་གཙོ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝང་ཁྲེན་གྱིས་བརྟག་ཞིབ་ཚོགས་ཆུང་ཁྲིད་ནས་རང་ཁུལ་གྱི་དར་མདོ་གྲོང་ཁྱེར་དང་རོང་བྲག་རྫོང་སོགས་སུ་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལས་གཞི་དང་། སྨན་ཁང་གི་སྤྱི་པའི་འཕྲོད་བསྟེན་སྔོན་འགོག་ཚོད་འཛིན་ནུས་པ་འཛུགས་སྐྱོང་བྱས་ཚུལ་སོགས་ཀྱི་ལས་ཀར་རྟོག་ཞིབ་གནང་བ་རེད།

དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་ཕེབས་དུས་ཝང་ཁྲེན་གྱིས་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལས་གཞི་ལག་བསྟར་བྱ་རྒྱུ་ནི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་རིམ་བཞིན་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞི་ཡིན་ཞིང་། ཁྱིམ་ཚང་སྨན་པའི་གན་རྒྱ་ཞབས་ཞུའི་ལས་དོན་སྤེལ་ནས་གྲོང་དམངས་ཀྱི་བདེ་ཐང་བརྟག་དཔྱད་དང་གློག་རྡུལ་ཡིག་ཚགས་བཟོ་བ་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ཏེ། གཙོ་གནད་མི་ཚོགས་ལ་བདེ་ཐང་བརྟག་དཔྱད་བྱས་ནས་ཁོངས་གཏོགས་ས་ཁུལ་གྱི་གྲོང་དམངས་ཀྱིས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དངོས་འབྲེལ་ཉམས་ལེན་དང་། ལོངས་སྤྱོད་ཐུབ་པ་བྱས་པ་ལས་བྱུང་བའི་སྟབས་བདེ་དང་དངོས་ཕན་ཐོབ་པ་བྱ་དགོས་ཞེས་གསུང་བ་རེད།

རོང་བྲག་རྫོང་སྨན་ཁང་དུ་ཕེབས་སྐབས། ཝང་ཁྲེན་གྱིས་བྱེད་ཐབས་ཁག་དོན་འཁྱོལ་ཏན་ཏིག་བྱས་ནས་རིམས་ནད་འགོག་ཟོན་གྱི་མཐའ་ཚད་བསམ་གཞིག་ལ་ཤུགས་སྣོན་དགོས་པ་དང་། རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་མུ་མཐུད་ནས་ལེགས་སུ་གཏོང་བ། མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྨན་ཁབ་རྒྱག་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་མང་ཚོགས་སྒྲིག་འཛུགས་བྱས་ནས་སྨན་ཁབ་བརྒྱག་དགོས། གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་པ་དང་དེ་འཐུས་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་དམངས་ཕན་སྲིད་ཇུས་དང་འབྲེལ་ཡོད་ཁྲིམས་སྲོལ་དྲིལ་བསྒྲགས་ཡག་པོ་དང་ཁྱབ་གདལ་ཡག་པོ་གཏང་དགོས། ཞན་ཆ་གསབ་ནས་འཕྲལ་སྡོམ་སྨན་བཅོས་དངོས་རྫས་བེད་སྤྱོད་ཀྱི་སྔོན་ཇུས་འགན་ལེན་བྱེད་ནུས་ཆེ་རུ་བཏང་སྟེ། མི་དམངས་མང་ཚོགས་དང་ཚེ་སྲོག་ཉེན་མེད་ཡོང་བར་སྲུང་སྐྱོང་བྱེད་པའི་སྲུང་ཡོལ་ནུས་ལྡན་ཞིག་རིམ་བཞིན་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།།



  • ལེ་ཚན་སྔོན་མ།:གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།
  • ལེ་ཚན་རྗེས་མ།:ལྕགས་ཟམ་རྫོང་གི་ཟམ་པ་གསུམ་རྒྱལ་ཁབ་ཀྱི་མིང་བྱང་དུ་བཞག་ཡོད།
  • དོ་སྣང་ཆེ་བའི་རྩོམ།