གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

ཐུབ་ཀྱིས་བསྒྱུར།        2021-09-15

ད་ལོར། རང་ཁུལ་གྱིས2021ལོའི་ཁུལ་ཡོངས་ཀྱི་གཙོ་གནས་ལས་གཞིའི་གྲས་སུ་ཁྲོན་བོད་ལྕགས་ལམ་དཀར་མཛེས་ཁུལ་བརྒྱུད་ལམ་སོགས་ལས་གཞི60བཞག་པ་དང་། གཙོ་གནད་དུ་སྐུལ་འདེད་གཏོང་བའི་ལས་གཞི60ཡི་མ་འཇོག་འཆར་གཞི་སྒོར་དུང་ཕྱུར246ཡིན་ཞིང་། ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞིའི་ལོ་འཁོར་གྱི་མ་འཇོག་འཆར་གཞིའི་བརྒྱ་ཆ79ལ་ཟིན་ཡོད་པ་རེད།

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

   ཉེ་ཆར། རང་ཁུལ་གྱིས་གོ་སྒྲིག་ཡོད་པའི་སྒོ་ནས་འབྲི་ཆུའི་དཔལ་འབྱོར་དར་རྒྱུད་ཀྱི་ཆུ་གློག་ས་ཚུགས་ཆུང་གྲས་གཙང་སེལ་དག་ཐེར་བྱ་རྒྱུའི་ལས་དོན་སྤེལ་བ་རེད། ད་ཆའི་བར་ཆུ་གློག་ས་ཚུགས་ཆུང་གྲས376གཙང་སེལ་བྱས་ཏེ་སེལ་ཚད་བརྒྱ་ཆ45ལ་ཟིན་ནས་སི་ཁྲོན་གྱི་ཨང་དང་པོར་གྱུར་ཡོད། 

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

  ཚེས13ཉིན་ལ། སི་ཁྲོན་ཞིང་ཆེན་སྐད་ཡིག་ལས་དོན་ཨུ་ལྷན་གྱིས《ཞིང་ཆེན་ཡོངས་ཀྱི་ཏང་སྲིད་ལས་ཁུངས་དང་དོན་ལས་སྡེ་ཚན་དུ་སྤྱི་སྐད་ཁྱབ་གདལ་དང་བེད་སྤྱོད་སྔར་བས་ཆེ་བ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས། གཞུང་ཞབས་པས་གཞུང་དོན་སྒྲུབ་ཡུལ་དུ་ངེས་པར་དུ་སྤྱི་སྐད་སྤྱད་དགོས་པར་མ་ཟད། ཀ་རིམ་པ་གསུམ་པའི་ཆུ་ཚད་ཡན་ལ་བསླེབ་དགོས་པའི་བླང་བྱ་བཏོན་པ་རེད། 

 

   ཀྲུང་གོ་མི་དམངས་རྒྱུ་ནོར་ཉེན་སྐྱོབ་སྤྱི་གཉེར་ཁང་བྲག་མགོ་ཡན་ལག་སྤྱི་གཉེར་ཁང་གིས2014ལོར་སྲིད་ཇུས་རང་བཞིན་གྱི་ནོར་ནག་ཉེན་སྐྱོབ་ཀྱི་སྒྲུབ་འགན་ཁུར་བ་ནས་བཟུང་། ནོར་ནག་མགོ་གྲངས་ཁྲི49ལ་ཉེན་སྐྱོབ་འགན་ལེན་བྱས་ཤིང་། དུད་ཚང་ཁྲི1.17ལ་ཕན་ཐོགས་ཡོད་ལ། རིམ་རྩིས་བྱས་ན་སྒོར་དུང་ཕྱུར1.29སྐྱིབ་ཚབ་སྤྲད་ཡོད་པ་རེད། 

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས། 

  འདབ་པ་རྫོང་གིས་ཡུལ་ཤོག་དང་གྲོང་སྡེའི་འགྲུལ་སྐྱེལ་འཁོར་ལམ18བཟོས་ནས་ཡུལ་ཤོག་དང་གྲོང་རྡལ13དང་སྲིད་འཛིན་གྲོང་སྡེ92ལ་འགྲུལ་སྐྱེལ་འཁོར་ལམ་ཁེབས་ཡོད། 

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས། 

   ཉེ་ཆར། 2021ལོའི་ལང་ཚོ་གསར་དུ་སྐྲུན་ཞེས་པའི་སི་ཁྲོན་ནུབ་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ན་གཞོན་གསར་གཏོད་ལས་སྐྲུན་འགྲན་བསྡུར་ཆེན་པོའི་མཇུག་འགྲན་ཁྲོད་དུ་དཀར་མཛེས་རྫོང་ལ་བྱ་དགའ་ཨང་དང་པོ་དང་གསུམ་པ་ཐོབ་ཡོད། 

གསར་འགྱུར་འདི་ཚོ་ལ་དོ་ཁུར་གནང་རོགས།

  ད་ལོར། རང་ཁུལ་གྱི་ཚད་གཞི་ལྟར་རྒན་གསོའི་ལྟ་སྐྱོང་ཁྱོན་ཡོངས་ནས་མཐོར་འདེགས་བཏང་ཡོད། གྲོང་ཡུལ་གཞིས་མིའི་གཞི་རྩའི་རྒན་གསོའི་ཉེན་སྐྱོབ་ཀྱི་རྨང་གཞིའི་རྒན་གསོའི་ཚད་གཞི་ཆེས་དམའ་བ་སྒོར55ནས་སྒོར113བར་སྤར་ཡོད།


  • ལེ་ཚན་སྔོན་མ།:ཁྲེང་ཏུའུ་རུ་རྒྱལ་སྤྱིའི་བཤམ་སྟོན་འདུ་ཚོགས་ཤིག་འཚོག་རྒྱུ་རེད།
  • ལེ་ཚན་རྗེས་མ།: ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཀྲང་གཞོན་པ་ཝང་ཁྲེན་གྱིས་བརྟག་ཞིབ་ཚོགས་ཆུང་ཁྲིད་ནས་རང་ཁུལ་དུ་བརྟག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།