ལྕགས་ཟམ་རྫོང་གི་ཟམ་པ་གསུམ་རྒྱལ་ཁབ་ཀྱི་མིང་བྱང་དུ་བཞག་ཡོད།

བདེ་སྐྱིད་ཀྱིས་བསྒྱུར།        2021-09-15

གངས་དཀར་རི་བོ་དང་བརྒྱད་ཟིལ་རྫོང་གི་མཛེས་ལྗོངས་པར་རིས་ཡང་ཁག་བགོས་ནས་སྦྲག་རྟགས་སུ་བཀོད།

ཉིན་ཤས་གོང་གསར་འགོད་པས་ཤེས་རྟོགས་བྱུང་དོན། རང་ཁུལ་གྱི་ལྕགས་ཟམ་རྫོང་གི་ཟམ་པ་གསུམ་རྒྱལ་ཁབ་ཀྱི་མིང་བྱང་ཐོག་བཞག་ཡོད་པ་འདི་ནི་རྒྱལ་ཡོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཀྱི་ཁྲོད་དུ་ཧ་ཅང་མཐོང་དཀོན་པོ་ཞིག་ཡིན་པ་རེད། དེ་མིན་ད་རུང་གངས་དཀར་རི་བོ་དང་བརྒྱད་ཟིལ་རྫོང་གི་མཛེས་ལྗོངས་པར་རིས་ཡང་རྒྱལ་ཁབ་ཀྱི་དྲན་རྟེན་སྦྲག་རྟགས་དང་ཨ་རི་སོགས་རྒྱལ་ཁབ་ཀྱི་སྦྲག་རྟགས་ཐོག་བཀོད་ཡོད་པ་རེད།

1950ལོར་འཛམ་གླིང་ཀུན་ཏུ་སྐད་གྲགས་ཆོད་པའི་ཁྲོན་བོད་གཞུང་ལམ་བསྐྲུན་མགོ་བཙུགས།1956ལོར་རྒྱལ་ཁབ་ཀྱིས་དྲན་རྟེན་སྦྲག་རྟགས་འགྲེམས་སྤེལ་བྱས་ཤིང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་འབུམ་ཤོག་བཅོ་བརྒྱད་པས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཐོག་བསྐྲུན་པའི་ཞི་ཁམས་ལྕགས་ཟམ་ཟམ་ཆེན་དེ་སྦྲག་རྟགས་ཀྱི་པར་རིས་གཙོ་བོར་གྱུར། ཟམ་པ་འདི་ནི་གཞུང་ལམ་བརྒྱུད་ཡུལ་ཧྲིལ་པོའི་ཟམ་པ400ལྷག་ཙམ་ནང་གི་ཆེས་རིང་ཤོས་ཡིན་པ་རེད།

2006ལོར་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ70འཁོར་བར་དྲན་གསོ་ཞུ་སྐབས་རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས《ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ70འཁྲོར་བའི་དྲན་གསོའི་སྦྲག་རྟགས》བཏོན་ནས་དམར་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་ལེན་བྱས་པ་ནི་དེའི་ཁྲོད་ཀྱི་པར་རིས་གཅིག་རེད།

2019ལོར《ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ་ལོ60འཁོར་བའི》དྲན་རྟེན་སྦྲག་རྟགས་འགྲེམས་སྤེལ་བྱས་པ། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ནི་དེའི་ཁྲོད་ཀྱི་རི་མོར་བདམས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱི་གངས་དཀར་རི་བོ་ཡང་རྒྱལ་ཁབ་ཀྱི་དྲན་རྟེན་པར་རིས་སུ་བཞག། བརྒྱད་ཟིལ་རྫོང་གི་མཛེས་ལྗོངས་གཙོ་བོར་བྱས་པའི་པར་རིས་དེ་ཨ་རི་དང་ཧོ་ལན། ཧྥ་རན་སེ། པེར་ཀྲེམ་སོགས་རྒྱལ་ཁབ་ཀྱི་སྦྲག་རྟགས་ཐོག་བཀོད་པར་མ་ཟད། གོ་ལ་ཧྲིལ་པོར་ཡོངས་བསྒྲགས་ངང་འགྲེམས་སྤེལ་བྱས་པ་རེད།།



  • ལེ་ཚན་སྔོན་མ།: ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཀྲང་གཞོན་པ་ཝང་ཁྲེན་གྱིས་བརྟག་ཞིབ་ཚོགས་ཆུང་ཁྲིད་ནས་རང་ཁུལ་དུ་བརྟག་ཞིབ་གནང་།
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་གི་མུའུ400ལྷག་གི་ཤིང་ཏོག་ལྡུམ་རའི་ནང་སྐྱེས་ཚུལ་བཟང་བའི་ཀུ་ཤུའི་དྲི་ཞིམ་འཐུལ།
  • དོ་སྣང་ཆེ་བའི་རྩོམ།