རོང་བྲག་རྫོང་གི་མུའུ400ལྷག་གི་ཤིང་ཏོག་ལྡུམ་རའི་ནང་སྐྱེས་ཚུལ་བཟང་བའི་ཀུ་ཤུའི་དྲི་ཞིམ་འཐུལ།

        2021-09-15

རོང་བྲག་རྫོང་གི་མུའུ400ལྷག་གི་ཤིང་ཏོག་ལྡུམ་རའི་ནང་སྐྱེས་ཚུལ་བཟང་བའི་ཀུ་ཤུའི་དྲི་ཞིམ་འཐུལ།
གྲོང་དམངས་ཚོས་ཀུ་ཤུ་ལྡུམ་རའི་ནང་ལས་དོན་སྒྲུབ་བཞིན་པའི་ཚུལ།

སྤྱི་ཟླ9པའི་ཟླ་སྟོད་དུ་རོང་བྲག་རྫོང་ཉ་གའི་ཀུ་ཤུ་འདེབས་འཛུགས་རྟེན་གཞིའི་ནང་ཀུ་ཤུའི་ཐོན་ཚད་བཟང་བར་མ་ཟད་དྲི་ཞིམ་ཕྱོགས་ཀུན་ཏུ་འཐུལ་བཞིན་འདུག

འདེབས་འཛུགས་རྟེན་གཞིའི་ནང་ཤོག་བུས་དཀྲིགས་པའི་ཀུ་ཤུས་ཁེངས་ཡོད་ལ། དེ་དག་གི་མངར་ཚད་དང་སྨིན་ཚད་བཅས་ལེགས་སུ་གཏོང་དགོས་ན་ངེས་པར་དུ་ཉི་འོད་ལ་བརྟེན་དགོས་ཀྱི་ཡོད། ཨ་ཅ་སྒྲོལ་མས་ཁོ་རང་ཚང་གི་ལྡུམ་ར་མུའུ་གསུམ་གྱི་ནང་དུ་ལས་ཀར་བྲེལ་བཞིན་དུ་ང་ཚོས་ཀུ་ཤུ་སྡོང་པོ་ཁྱོན་བསྡོམས310བཙུགས་ཡོད་པར་ན་ལོར་ཀུ་ཤུ་རྒྱ་མ2500ཙམ་ཐོན་བྱུང་། སྔོན་དཔག་བྱས་ན་ད་ལོ་ཐོན་ཚད་རྒྱ་མ་ལྔ་སྟོང་དྲུག་སྟོང་ཙམ་ལ་ཟིན་རྒྱུ་རེད། ན་ལོར་ཚོང་པས་རྟེན་གཞིའི་ཉོ་སྒྲུབ་རིན་གོང་ཀུ་ཤུ་རྒྱ་མ་གང་རེར་སྒོར5སྤྲད་བྱུང་། ད་ལོར་ང་ཚོས་ཀུ་ཤུ་ཁག་གཅིག་དྲྭ་ཚོང་བྱ་རྒྱུ་ཡིན་པས་རིན་གོང་དེ་བས་ཡག་པ་དང་ཡོང་འབབ་དེ་བས་མཐོ་ངེས་རེད་ཅེས་བཤད།

ཨ་ཅ་སྒྲོལ་མ་ནམ་རྒྱུན་ཕྱི་རོལ་དུ་ཡུལ་སྐོར་ལས་རིགས་གཉེར་གྱི་ཡོད།ཁྱིམ་གྱི་རྒན་རྒོན་དང་བུ་ཕྲུག་ཚོར་ལྟ་རྟོག་བྱེད་དགོས་པའི་དབང་གིས་ན་ནིང་མོས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུའི་གདམ་ག་བྱས། ཁྱིམ་དུ་ཀུ་ཤུའི་སྡོང་པོ་བཙུགས་རྗེས་ཕན་འབྲས་ཀྱང་ཡག་པོ་ཐོན་ཡོད་ཅིང་།ད་ཆ་བློ་བདེ་པོའི་ངང་ཁྱིམ་དུ་བསྡད་ནས་ཁྱིམ་མིར་ལྟ་རྟོག་བྱ་ཆོག་པས་མ་ཚད་ཡོང་འབབ་གསོག་རྒྱུ་ཡང་འཐུས་ཤོར་མི་ཡོང་བ་རེད།

ད་ལོར་ལོ65ལ་སོན་པའི་དབྱང་ཁྲེང་ཧྭ་ཡིས་སྨྱུག་འཛིན་པར།ཐོག་མར་གྲོང་སྡེར་ཀུ་ཤུ་འདེབས་འཛུགས་སྐོར་ཁྱབ་གདལ་གཏོང་སྐབས་ངས་ཁས་མ་བླངས་ནས་འདེབས་འཛུགས་བྱེད་མཚམས་བཞག་པ་ཡིན། 2018ལོར་འདེབས་འཛུགས་དུད་ཚང་ཁག་དང་པོར་ཡོང་འབབ་ཡག་པོ་ཐོབ་པའི་གནས་ཚུལ་ཤེས་རྗེས། ལོ་གཉིས་པར་ངས་ཀྱང་མུའུ་གསུམ་ལྷག་ཚོད་ལྟ་འདེབས་འཛུགས་བྱས་ཡོད། བསམ་ཡུལ་ལས་འདས་པར་ཐོན་འབབ་ཡག་པོ་ཐོབ་བྱུང་། ད་ལོར་ང་ཚོས་ད་དུང་ས་ཞིང་མུའུ་གཉིས་ཙམ་ནང་ཀུ་ཤུ་སྡོང་པོ་འཛུགས་རྩིས་ཡོད་ཅེས་བཤད།

ད་སྔའི་བར་རོང་བྲག་རྫོང་གི་ཀུ་ཤུ་འདེབས་ཁྱོན་མུའུ5000ལྷག་ལ་ཟིན་ནས་རྫོང་ཡོངས་ཀྱི་ཡུལ་གྲོང10ཡི་གྲོང་སྡེ40ལ་ཁྱབ་པའི་ནང་མུའུ400ལྷག་ཙམ་ནང་གི་ཀུ་ཤུའི་སྡོང་པོར་འབྲས་བུ་བཏགས་ཡོད།སྔོན་དཔག་བྱས་ན་ཆ་སྙོམས་མུའུ་རེའི་ཐོན་ཚད་རྒྱ་མ2000ནས3000བར་ཟིན་ནས་མུའུ་རེའི་ཡོང་འབབ་སྒོར15000ཙམ་ལ་ཟིན་རྒྱུ་རེད། རོང་བྲག་ནི་མ་གཞི་ནས་ཀྲུང་གོའི་ཀུ་ཤུ་འདེབས་ས་འཚམ་ཤོས་ཀྱི་ས་ཁོངས་གྲས་ཤིག་ཡིན་ལ། ད་སྔར་རྒྱལ་ནང་གི་ས་བོན་ཡག་ཤོས་ཀྱི་གྲས་ཤིག་ཀྱང་ཡིན། གནས་འདི་ནས་ཐོན་པའི་ཀུ་ཤུའི་མངར་ཚད་ཏུའུ18ཡན་ལ་ཟིན་གྱི་ཡོད། རོང་བྲག་རྫོང་ཞིང་འབྲོག་གྲོང་སྡེ་དང་ཚན་རྩལ་ཅུས་ཀྱི་མཐོ་རིམ་ཞིང་ལས་ལག་རྩལ་པ་ལིའུ་ཞིན་ལིང་གིས་ད་སྔར་རྫོང་དེའི་ཀུ་ཤུ་མང་ཆེ་བ་ཀྲུང་གོ་ཤིང་འབྲས་ལས་རིགས་སྤྱི་གཉེར་ཁང་དང་ཀྲུང་གོ་འབྲུ་རིགས་ཚོགས་པའི་མངགས་ཐོ་ནང་བཞག་ཡོད། དེའི་རྗེས། ང་ཚོས2022ལོའི་སྔོན་དུ་མུའུ་ཁྲི་གཉིས་ཀྱི་བྲོ་ཞིམ་ཀུ་ཤུའི་འདེབས་འཛུགས་ཁྱབ་གདལ་བཏང་ནས་མི་དེ་བས་མང་པོར་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།



  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་གི་ཟམ་པ་གསུམ་རྒྱལ་ཁབ་ཀྱི་མིང་བྱང་དུ་བཞག་ཡོད།
  • ལེ་ཚན་རྗེས་མ།:ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་འདམ་རྫབ་ཚད་ལྡན་ངང་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཁོར་ཡུག་ཉེན་མེད་ཡོང་བར་འགན་ལེན་བྱས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10