ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་འདམ་རྫབ་ཚད་ལྡན་ངང་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཁོར་ཡུག་ཉེན་མེད་ཡོང་བར་འགན་ལེན་བྱས།

        2021-09-16

རེས་གཉིས་པའི་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་དམར་རྗེན་དུ་བཏོན་པའི་སི་ཁྲོན་ཞིང་ཆེན་སུའེ་ཉིང་གྲོང་ཁྱེར་གྱིས་ལས་ཀ་གང་བྱུང་དང་། ལྟ་སྐུལ་དོ་དམ་ཡག་པོ་མ་བྱེད་པའི་རྐྱེན་གྱིས་འབྲེལ་ཡོད་ཁེ་ལས་ཀྱིས་དུས་ཡུན་རིང་པོའི་ནང་ས་རྒྱུ་ལེགས་བཅོས་བྱ་རྒྱུར་ཁ་གཡར་ནས། ཁྲིམས་འགལ་གྱིས་འདམ་རྫབ་གཙང་སེལ་བྱས་པས་ཉེ་འཁོར་གྱི་ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེན་བཟོས་པའི་གྱོད་དཔེའི་གནས་ཚུལ་ལ་དམིགས་ཏེ། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་གྱོད་དཔེའི་བསླབ་བྱ་བསྡུ་ལེན་ནན་ཏན་བྱེད་པར་མཐོང་ཆེན་བྱས་ནས་འཕྲལ་དུ་བཅོས་སྒྲིག་བྱ་རྒྱུའི་ལས་ཀ་སྤེལ།

བརྒྱུད་བསྒྲགས་དང་སློབ་སྦྱོང་ཇེ་མགྱོགས་བྱེད་པར་བརྩོན་ལེན་བྱས། ཅུས་ཀྱི་མགོ་ཁྲིད་ཚོགས་པའི་ཁོངས་མི་དང་ཀྲུང་དབྱང་ལྟ་སྐུལ་ཞིབ་བཤེར་གཞུང་ལས་ཁང་གི་ཁོངས་མི་དེ་མ་ཐག་ཏུ་སྐོང་ཚོགས་བྱས་ནས་དཔེ་མཚོན་གྱོད་གཞི་ཁག་དང་པོའི་ཡོངས་བསྒྲགས་བརྙན་རིས་ལ་བལྟས་པ་དང་།《སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར(རྫོང་གི་གྲོང་ཁུལ)གྱི་འཚོ་བའི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་འཁོར་སྐྱོད་དཔྱད་ཞིབ་ལག་རྩལ་གྱི་མཛུབ་ཁྲིད་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་བསམ་བློའི་ངོས་འཛིན་སྔར་བས་ཇེ་དྲག་ཏུ་བཏང་བ་དང་གནད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་།

ལས་ཀ་བརྒྱུད་ཁྲིད་དངོས་སྒྲུབ་ཡོང་བར་བརྩོན་ལེན་བྱས། 《སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར(རྫོང)གྱི་འཚོ་བའི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་འཁོར་སྐྱོད་དཔྱད་ཞིབ་ལག་རྩལ་གྱི་མཛུབ་ཁྲིད་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》དང《དཀར་མཛེས་ཁུལ་གྱི་སྡོད་ཁང་དང་གྲོང་སྡེ་འཛུགས་སྐྲུན་ཅུས་ཀྱི་བཙོག་ཆུ་གཙང་བཅོས་སྒྲིག་བཀོད་ཚད་ལྡན་དུ་གཏང་རྒྱུའི་སྐོར་གྱི་བརྡ་ཐོ》སོགས་ཀྱི་བརྡ་ཐོའི་ཡིག་ཆ་འགྲེམས་སྤེལ་བྱས་པ་དང་། རྫོང(གྲོང་ཁྱེར)ཁག་གི་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་ཀྲུང་དབྱང་ལྟ་སྐུལ་ཞིབ་བཤེར་དང་རྗེན་འདོན་གྱི་དཔེ་མཚོན་དང་ཟུང་འབྲེལ་བྱས་ནས། ཕྱོགས་ཡོངས་ནས་འདམ་རྫབ་གཙང་སེལ་ལ་ཞིབ་བཤེར་བཅོས་སྒྲིག་བྱས་ཏེ་གནས་པའི་གནད་དོན་དེ་མ་ཐག་ཏུ་ཡོ་བསྲང་བྱས་པ་དང་། བཙོག་ཆུ་གཙང་སེལ་བཟོ་གྲྭའི(སྒྲིག་བཀོད)འཁོར་སྐྱོད་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་དང་འདམ་རྫབ་གཙང་སེལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ།འདམ་རྫབ་གཞན་སྒྱུར་གྱི་མཉམ་འབྲེལ་རྩིས་ཁྲའི་ལམ་ལུགས་དོན་འཁྱོལ་ཡོང་བ་བཅས་བྱས་ཏེ། འདམ་རྫབ་གཞན་སྒྱུར་བརྒྱུད་རིམ་ཁྲོད་ཕྱིར་བསྒྲགས་དང་སྙིགས་རོ་བསྐྱུར་བ་སོགས་ཁོར་ཡུག་སྦགས་བཙོག་གི་སྣང་ཚུལ་འབྱུང་བར་མཐའ་གཅིག་ཏུ་གཏན་འགོག་བྱས།

ལས་ཀ་བཀོད་གཏོང་དང་ལྟ་སྐུལ་སློབ་སྟོན་བྱེད་པར་ནན་པོ་ཡོང་བར་བརྩོན་ལེན་བྱས། དྲྭ་ཐོག་གི་བཀོད་གཏོང་དང་དྲྭ་འོག་གི་ལྟ་སྐུལ་རྒྱུན་འཁྱོངས་བྱས་ནས། གད་སྙིགས་ཀྱི་བཙོག་ཆུ་དྲྭ་ཐོག་ལྟ་ཞིབ་ཚད་ལེན་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ནས། རྫོང(གྲོང་ཁྱེར)ཁག་གི་བཙོག་ཆུ་གཙང་སྒྱུར་བཟོ་གྲྭའི(སྒྲིག་བཀོད)ཉིན་རེའི་བཀོད་གཏོང་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། རྫོང(གྲོང་ཁྱེར)ཁག་གི་བཙོག་ཆུ་གཙང་སྒྱུར་བཟོ་གྲྭའི་འདམ་རྫབ་གཙང་སེལ་གནས་ཚུལ་དུས་ཐོག་ཏུ་འཚོལ་བསྡུ་དང་།འདམ་རྫབ་གཙང་སེལ་གྱི་གནས་ཚུལ་མཐིལ་རྟོགས་བྱེད་པ།འདམ་རྫབ་གཙང་སེལ་གྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ།འདམ་རྫབ་གཙང་སེལ་གྱི་རྩིས་ཐོ་འཐུས་སྒོ་ཚང་དུ་བཏང་བ་རེད།།


  • ལེ་ཚན་སྔོན་མ།:རོང་བྲག་རྫོང་གི་མུའུ400ལྷག་གི་ཤིང་ཏོག་ལྡུམ་རའི་ནང་སྐྱེས་ཚུལ་བཟང་བའི་ཀུ་ཤུའི་དྲི་ཞིམ་འཐུལ།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ཏན་ཏིག་བྱས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10