དཀར་མཛེས་རྫོང་གིས་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ཏན་ཏིག་བྱས།

        2021-09-16

ཀྲུང་དབྱང་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལས་དོན་སྤེལ་མགོ་ཚུགས་ཚུན། དཀར་མཛེས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མཐོང་ཆེན་བླ་ན་མེད་པ་བྱས་ནས་མགྱོགས་མྱུར་དུ་དང་ལེན་བྱས་ཏེ། ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དཀར་མཛེས་རྫོང་གི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་དང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བར་རྒྱུན་མཐུད་དུ་ཤུགས་སྣོན་བརྒྱབ།

རྫོང་དེས་བཀོད་སྒྲིག་ནན་པོ་དང་འགན་འཁྲི་ཏན་ཏིག་འཁུར་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཞིབ་བཤེར་དང་ལེན་ལས་དོན་ཚོགས་ཆུང་བཙུགས་པ་དང་།ཆེད་དོན་ལས་དོན་ཚོགས་ཆུང8བཙུགས་ནས་ཞིབ་བཤེར་དང་ལེན་གྱི་ཇུས་གཞི་བཟོས། གྲུབ་ཆ་གཙོ་བོའི་འགན་འཁྲི་ཁྱོན་ཡོངས་ནས་སྒྲུབ་ཏན་ཏིག་བསྒྲུབས་པ་དང་། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་ཐེངས15འཚོགས་ནས། ཁྱོན་ཡོངས་ཀྱི་བསམ་བློས་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་རེད། གནད་དོན་རྩད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྱུང་རྩ་གསལ་པོར་རྟོགས་པར་བྱས་ཏེ། ཁྱོན་ཡོངས་ནས་ཁོར་ཡུག་སྲུང་སྐྱོང་ལ་ཏང་སྲིད་ཀྱིས་འགན་འཁྲི་མཉམ་འཁུར་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལྡོག་གནད་དོན་དག་ཐེར་ཡོ་བསྲང་བྱེད་པར་དམ་འཛིན་བྱེད་ཤུགས་ཆེ་རུ་བཏང་། རྫོང་དེས་རྫོང་དང་ཡུལ་ཤོག་གི་གད་སྙིགས་གཙང་སེལ་དང་།ཐལ་རྡུལ་བཅོས་སྒྲིག ། ཁོར་ཡུག་འཕྲོད་བསྟེན་སོགས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་དམིགས་ཏེ་འབྲེལ་ཡོད་སྡེ་ཁག་དང་ཡུལ་ཤོག་གྲོང་རྡལ་མཉམ་འབྲེལ་བྱས་ནས་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་གྲལ་བཤེར་དང་དག་ཐེར་བྱས་པ་རེད། དེ་དང་ཆབས་ཅིག་ཏུ་ལྟ་སྐུལ་བྱེད་ཞོར་དུ་བཅོས་སྒྲིག་བྱེད་པ། དག་ཐེར་གྱི་འགན་འཁྲི་ནན་དུ་གཏོང་བ། ཕྱོགས་ཡོངས་ནས་ཉེན་ཁའི་གནས་དང་ཉམས་ཞན་ཡོད་སར་གྲལ་བཤེར་བྱས་ཏེ། གནད་དོན་མགྱོགས་མྱུར་ངང་ཞིབ་བསྡུར་ཐུབ་པ་དང་། གྱོད་གཞི་མགྱོགས་མྱུར་ངང་ཐག་གཅོད་ཐུབ་པ། དག་ཐེར་དོན་འཁྱོལ་མཐར་ཕྱིན་ཡོང་བ་བཅས་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན།རྫོང་དེས་རྫོང་རིམ་པའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱེད་མགོ་བཙུགས་རྗེས། གསར་དུ་ཤེས་རྟོགས་བྱུང་བའི་གནད་དོན50ཡོད་པ་དང་།ད་སྔའི་བར་གནད་དོན32གཏན་འཁེལ་བྱས་ནས་མེད་པ་བཟོས་པ་དང་། དུས་ཐོག་ཏུ་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་བཅོས་སྒྲིག་མཐར་ཕྱིན་པ་བྱ་རྒྱུར་འགན་ལེན་བྱས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་འདམ་རྫབ་ཚད་ལྡན་ངང་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཁོར་ཡུག་ཉེན་མེད་ཡོང་བར་འགན་ལེན་བྱས།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས་ཟ་ཁང་གད་སྙིགས་གནོད་མེད་ཅན་དུ་བསྒྱུར།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10