སི་ཁྲོན་གྱི་ས་ཆ་འདི་ལ་རིམ་པ6ཅན་གྱི་ས་འགུལ་བྱུང་འདུག།

ཐུབ་ཀྱིས་བསྒྱུར།        2021-09-16

     ལུའུ་ཀྲོའུ་ནས་གཏམ་གསར་སྤེལ་བར་གཞིགས་ན། སྤྱི་ཟླ9པའི་ཚེས16ཉིན་གྱི་ཞོགས་པའི་ཆུ་ཚོད4དང་སྐར་མ33ཐོག་ལ། སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར་ལུའུ་རྫོང་དུ་རིམ་པ6ཅན་གྱི་ས་འགུལ་བྱུང་ནས་ཁང་པ་ཁ་ཤས་ལོག་སོང་བ་དང་། ཆུ་ཚོད7དང་སྐར་མ30བར་ལ། ལུའུ་རྫོང་ཧྥུ་ཅེ་གྲོང་རྡལ་ཚའོ་པ་གྲོང་སྡེར་མི2ཤི་བ་དང་མི3ལ་རྨས་སྐྱོན་ཚབས་ཆེན་ཕོག་ཅིང་། མི57ལ་རྨས་སྐྱོན་ཡང་མོ་ཐེབས་པ་རེད།

     ས་འགུལ་བྱུང་རྗེས། སི་ཁྲོན་ཞིང་ཆེན་གྱིས་རིམ་པ་གཉིས་པའི་ས་འགུལ་གྱི་འཚུབ་བསྟུན་བརྡ་ལེན་བྱས་ཤིང་། ལུའུ་རྫོང་གིས་རིམ་པ་དང་པོའི་ས་འགུལ་འཚུབ་བསྟུན་བརྡ་ལེན་བྱས་ཏེ། གནས་སྐབས་རོགས་སྐྱོར་ས་ཚུགས་བཙུགས་པ་དང་མང་ཚོགས6904ཉེ་འགྲམ་གྱི་རོགས་སྐྱོར་ས་ཚུགས་སུ་བཀོད་སྒྲིག་བྱས་པ་རེད། 

སི་ཁྲོན་གྱི་ས་ཆ་འདི་ལ་རིམ་པ6ཅན་གྱི་ས་འགུལ་བྱུང་འདུག།

སི་ཁྲོན་གྱི་ས་ཆ་འདི་ལ་རིམ་པ6ཅན་གྱི་ས་འགུལ་བྱུང་འདུག།
སི་ཁྲོན་གྱི་ས་ཆ་འདི་ལ་རིམ་པ6ཅན་གྱི་ས་འགུལ་བྱུང་འདུག།

  • ལེ་ཚན་སྔོན་མ།:ནགས་སྲུང་བ་ཞིག་གི་སྙིང་གཏམ་འདི་ལས་བདེན་ཞིག་ག་ན་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།