མཛེས་པའི་དཔལ་གྱིས་ཕྱུག་པའི་དཀར་མཛེས་ཁུལ།

ཡེ་ཤེས་ཀྱིས་བསྒྱུར།        2021-09-16

མཛེས་པའི་དཔལ་གྱིས་ཕྱུག་པའི་དཀར་མཛེས་ཁུལ།

ར་རྔ་ཁ་གྲོང་རྡལ། རྩྭ་ཐང་། གྲོ་སྙེའི་རྦ་རླབས། 

སྤྲོ་གསེང་གཏོང་ཡུན་ཉིན་གཅིག། 

  སྟོན་དུས་ཀྱི་ར་རྔ་ཁ་ནི་དངོས་གནས་བརྙན་ལེན་བྱེད་སའི་ཞིང་ཁམས་ཡིན་ཞིང་།མིག་རྒྱང་གང་གི་ནང་གྲོ་སྙེ་སྨིན་པའི་གསེར་མདོག་གི་རང་བྱུང་རི་མོ་ཆགས། 

  རྩི་ཤིང་གི་དམར་མདོག། གསོམ་སྡོང་གི་ལོ་མ་སེར་པོ། སྦྱར་སྡོང་གསེར་འདྲ་བ་བཅས་ནི་གནམ་དྭངས་པོ་དང་གནམ་འཐིབས་ཡོད་མེད་གང་ཡིན་རུང་ཚང་མར་མཛེས་ཉམས་མི་འདྲ་བ་རེ་ཡོད། 

   འདི་ལ་ནི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཀྱང་ཡིན་ལ། ཁྲོན་བོད་ལྷོ་བྱང་ལམ་ཐིག་གི་ལམ་མདོར་གནས་ཡོད། བྱང་དུ་ལྷ་སྒང་དང་རོང་བྲག། ལྷོ་རུ་གངས་དཀར་རི་བོ་དང་འབྲེལ་ནས་ཡོད། ནུབ་ཏུ་འགྲོ་ན་ལི་ཐང་དང་ལྷོ་རུ་འགྲོ་ན་འདབ་པ་ཉི་སྟེན་དུ་འགྲོ་ཆོག་པ་བཅས་ནི་རྒྱལ་སྲུང་གཞུང་ལམ318པ་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་རེད། 

   D1 ཆུ་མིག་བརྒྱ་དང་རྩ་བརྒྱད་ཀྱིས་རབ་གནས་མཛད་པའི་མི་ཉག་གླིང་ཆུ།རྒྱལ་སྒོ་ཆོས་ཁྲི་ཀོ་རོང་མ། 

   D2 ཆེས་མཛེས་པའི་གཞུང་ལམ་གྱི་མཛེས་ལྗོངས། ལྷ་སྒང་རྩྭ་ཐང་།

    ལམ་ཐིག་འདིའི་ཐོག་གི་མཛེས་ལྗོངས་ནི་ཨ་འབྲུ་ནས་ཀྱི་ཞིང་། བོད་མིའི་ཁྱིམ་གཞིས་སྡོད་ཁང་། མ་ཎི་རྡོ་འབུམ། རྩྭ་ཐང་བཅས་ཡིན་པ་རེད།  

མཛེས་པའི་དཔལ་གྱིས་ཕྱུག་པའི་དཀར་མཛེས་ཁུལ།

མཛེས་པའི་དཔལ་གྱིས་ཕྱུག་པའི་དཀར་མཛེས་ཁུལ།

  འདབ་པ་རྫོང་། མཐོ་རི་བོ།། ཆུ་བོ་དང་མཚེའུ། 

  སྤྲོ་གསེང་གཏོང་བའི་དུས་ཡུན་ཉིན་གཉིས། 

    འདབ་པའི་ཉི་སྟེན་ལCNNཡིས་གོ་ལ་ཧྲིལ་པོར་ངེས་པར་དུ་འགྲོ་དགོས་པའི་དམིགས་ཡུལ་གྲས་སུ་བདམས་ཡོད། སྟོན་དུས་ནི་དེ་གར་ཆེས་ཡག་ཤོས་ཀྱི་དུས་ཚིགས་རེད། 

   དཀར་ཞིང་གཙང་བའི་གངས་རི། གསེར་མདོག་གིས་ཁེངས་པའི་རྩྭ་ཐང་། ཚོན་མདོག་རྣམ་པར་བཀྲ་བའི་བྲག་རི། སྔོན་པོ་གཡུ་འདྲ་བའི་མཚེའུ། 

   འདབ་པའི་རི་གསུམ་མགོན་པོས་ལྟེ་གནས་བྱེད་པའི་ཉི་སྟེན་མཛེས་ལྗོངས་ཁུལ་དུ་ལོ་ལྟར་གྱི་སྤྱི་ཟླ་དགུ་པ་དང་བཅུ་པ་ནི་དེ་གའི་བཞིན་མདོག་ཆེས་མཛེས་ཤོས་ཀྱི་དུས་སྐབས་ཡིན་པ་རེད། 

   D1 སྤྱན་རས་གཟིགས་ཀྱི་འོ་མ་མདོག་གི་མཚེའུ་ནས་ལོ་རོང་འབྲོག་སྡེ། མཚོ་མགོ་དགོན་པ། 

   D2 ཉི་སྟེན་གྲོང་སྡེ།མཚོ་མགོ་དགོན་པ།བློ་བཟང་འབྲོག་ར་ནས་མཇུག་མཐའི་གསེར་མདོག་མཚེའུ་བཅས། 

མཛེས་པའི་དཔལ་གྱིས་ཕྱུག་པའི་དཀར་མཛེས་ཁུལ།

མཛེས་པའི་དཔལ་གྱིས་ཕྱུག་པའི་དཀར་མཛེས་ཁུལ།

ནེས་འགག་མཚེའུ། གངས་རི། སྤྲིན་མཚོ། མཁའ་དབྱིངས་ཀྱི་སྐར་ཚོགས། 

སྤྲོ་གསེང་གཏོང་ཡུན་ཉིན་གསུམ། 

    གངས་དཀར་རི་བོར་པར་ལེན་ཆེད་ས་ཆ་མི་ཉུང་བ་ཞིག་གིས་དོ་ཁུར་བྱ་ཡུལ་དུ་གྱུར། དཔེར་ན་ཚེ་མ་ལ་ཁ་སོགས་ནི་སྐད་གྲགས་ཆོད་པའི་ས་ཆ་ཡིན་ཡང་གངས་དཀར་རི་བོའི་གཟུགས་བརྙན་དེ་ནེས་འགག་མཚེའུ་ནས་ད་གཟོད་མཐོང་ཐུབ་པ་རེད། 

    ནེས་འགག་མཚེའུ་ནི་གངས་དཀར་རི་བོའི་འདབས་ཀྱི་ཧ་ཅང་མཐོ་བའི་མཚེའུ་ཞིག་ཡིན་ལ། མཚེའུ་ཡི་མཛེས་སྡུག་ཆེས་ཡག་ཤོས་ཀྱི་དུས་ནི་ཉི་མ་ནུབ་དུས་ཡིན་ཞིང་། དེའི་དུས་སྤྲིན་གྱིས་བཀབ་པའི་རི་རྩེ་དེ་ཉི་འོད་ཀྱི་འོད་ཟེར་འོག་ཧ་ཅང་ངོ་མཚར་ལྡན། དེའང་ནེས་འགག་མཚེའུ་ཡི་ནང་བཀྲ་བའི་གངས་དཀར་གཟུགས་བརྙན་དེ་ལས་མཛེས་སྡུག་ལྡན་པས་མི་རྣམས་ཀྱིས་ལྷ་ཡུལ་ཞིག་དང་གཉིས་སུ་མེད་པ་རེད་ཅེས་བསྟོད་བསྔགས་བརྗོད་ཀྱི་མི་ལངས་བ། 

   D1 ཁྲེང་ཏུའུ་ནས་རྫ་སྨུག་གླིང་ག་དང་། ལྷ་སྒང་རྩྭ་ཐང་། ར་རྔ་ཁ། 

   D2 ར་རྔ་ཁ། ནེས་འགག་མཚོ།ཡིད་ལྷུང་གཤིས། 

   D3 ཡིད་ལྷུང་གཤིས། སྐྱ་གད། རྒྱུ་ལ་རི་བོ། ཁྲེང་ཏུའུ། 

    ལམ་ཐིག་འདིའི་ཐོག་མཛེས་ལྗོངས། ཉི་རྩེ་དང་། སྤྲིན་མཚོ། སྐར་ཚོགས། རི་མཐོའི་སྤང་ལྗོངས་བཅས་ལྟད་མོ་བལྟ་རྒྱུ་མང་པོ་ཡོད། 

མཛེས་པའི་དཔལ་གྱིས་ཕྱུག་པའི་དཀར་མཛེས་ཁུལ།

མཛེས་པའི་དཔལ་གྱིས་ཕྱུག་པའི་དཀར་མཛེས་ཁུལ།

  མཁར་གསུམ་མཚོ། སྤྲིན་ཚོགས། ཉི་རྩེ། 

 སྤྲོ་གསེང་གཏོང་བའི་དུས་ཡུན་ཉིན་གཅིག། 

  རྒྱལ་སྲུང་གཞུང་ལམ317པ་བརྒྱུད་མྱོང་བའི་མི་ཚོས་ས་ཆ་དེར་ཕལ་ཆེར་རྒྱུས་མངའ་ཡོད་རྒྱུ་རེད་མོད། བྲེལ་འཚུབ་ངང་བསྐྱོད་ཀྱི་ཡོད་པས་དེར་སྡོད་མཁན་ཧ་ཅང་ཉུང་ཉུང་ཡིན་ལ། དེ་ནི་ཁྲོན་ནུབ་ཀྱི་འདུས་སྡོད་ཁུལ་ཆེ་ཤོས་དེ་ཡིན་པ་དང་། རི་ཚོགས་ཀྱིས་ཕྱོགས་བཞི་བསྐོར་ནས་སྤྲིན་དཀར་པོ་དང་མཚེའུ་དང་། རི་མདོག་སྤྲིན་དཀར་བཅས་གཞི་གཅིག་ཏུ་འདྲེས་ཡོད། 

   D1 གེ་སར་རྒྱལ་པོའི་མཁར་རྫོང་ནས་མཁར་གསུམ་མཚེའུ། དེ་ནས་བྲག་མགོའི་ཐང་ག།

  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གིས་ཟ་ཁང་གད་སྙིགས་གནོད་མེད་ཅན་དུ་བསྒྱུར།
  • ལེ་ཚན་རྗེས་མ།:ནགས་སྲུང་བ་ཞིག་གི་སྙིང་གཏམ་འདི་ལས་བདེན་ཞིག་ག་ན་ཡོད།
  • དོ་སྣང་ཆེ་བའི་རྩོམ།