གསེར་ཐར་རྫོང་གིས་ཟ་ཁང་གད་སྙིགས་གནོད་མེད་ཅན་དུ་བསྒྱུར།

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར།        2021-09-16

ཉེ་བའི་ལོ་ཤས་རིང་། གསེར་ཐར་རྫོང་གིས་ཟམ་མི་ཆད་པར་ཟ་ཁང་གི་གད་སྙིགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ཡོད། ཟ་ཁང་གི་གད་སྙིགས་བསྡུ་རུབ་ཀྱི་ཆེད་སྤྱོད་རླངས་འཁོར་གཅིག་ཉོས་པར་མ་ཟད་རྫོང་གྲོང་གི་བཟའ་བཏུང་གཉེར་སྐྱོང་ཚན་པ་དང་གན་རྒྱ་བཞག་ནས་དེས་ཐོན་པའི་ཟ་ཁང་གི་གད་སྙིགས་རིན་པ་མི་དགོས་པ་བསྡུ་རུབ་དང་གཙང་སེལ་བྱས་ཏེ་གསེར་ཐར་རྫོང་གི་ཟ་ཁང་གི་གད་སྙིགས་གཙང་སེལ་ལྟེ་གནས་སུ་གཅིག་སྡུད་ཐོག་དབོར་འདྲེན་བྱས་ནས་གནོད་མེད་ཅན་གྱི་ཐག་གཅོད་བྱས་པ་དང་རྩིས་ཐོ་རྣམ་པའི་དོ་དམ་བྱས་ཏེ་ཟ་ཁང་གི་གད་སྙིགས་འཚོལ་བསྡུ་དང་སྐྱེལ་འདྲེན།ཐག་གཅོད་བཅས་བྱས་ཡོད།

གསེར་ཐར་རྫོང་གྲོང་ཁུལ་གྱི་འཚོ་བའི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་འགན་འཁུར་བ་དབྱང་ཆང་གིས་ང་ཚོའི་ཟ་ཁང་གད་སྙིགས་འཚོལ་བསྡུའི་རླངས་འཁོར་གྱིས་ཉིན་ལྟར་ཞོགས་པའི་ཆུ་ཚོད་དགུ་པ་ནས་བཟུང་ལས་ཀ་བྱེད་ཀྱི་ཡོད།ཉིན་ལྟར་གད་སྙིགས་རླངས་འཁོར་གཉིས་བཀོད་སྒྲིག་བྱས་ཏེ་གས་སྙིགས་གཙང་སེལ་བྱེད་ཀྱི་ཡོད་ཅེས་བཤད།

གསེར་ཐར་རྫོང་གི་ཟ་ཁང་གད་སྙིགས་གཙང་སེལ་ལྟེ་གནས་ནི་རྫོང་གི་གྲོང་ཁུལ་དང་སྤྱི་ལེ4རྒྱང་བའི་ཕྱི་རོལ་དུ་ཡོད་པའི་གསེར་ཐར་རྫོང་གྲོང་པའི་འཚོ་བའི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཟ་ཁང་གི་གད་སྙིགས་གཙང་སེལ་ས་ཚུགས་སུ་ཡོད་པ་དང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ500ཡོད། ཐག་གཅོད་འཁོར་ཁང་དུ་ལས་ཀ་བྱེད་མཁན་གྱི་མི་ཧ་ལམ་མཐོང་རྒྱུ་མེད་པས་ཚང་མ་རང་འགུལ་འཕྲུལ་འཁོར་གྱིས་ཐོན་སྐྱེད་ལས་ཀར་བྲེལ་བཞིན་ཡོད། ལྟེ་གནས་དེ་ཟ་ཁང་གད་སྙིགས་གཙང་སེལ་མ་ལག་དང་སྣུམ་ཆུ་ལོགས་སུ་འབྱེད་པའི་མ་ལག། སྙིགས་རོ་མེད་པ་བཟོ་བའི་མ་ལག། བསྙལ་བའི་ལུད་བཟོ་མ་ལག། དྲི་ངན་མེད་པ་བཟོ་བའི་མ་ལག་བཅས་ཆ་ཤས་ལྔ་ལས་གྲུབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།གསེར་ཐར་རྫོང་གིས་ཟ་ཁང་གད་སྙིགས་གཙང་སེལ་ལྟེ་གནས་ལ་དངུལ་བསྡོམས་འབོར་སྒོར་ཁྲི570བཏང་ནས་ཉིན་རེར་གད་སྙིགས་ཏུན10ཐག་གཅོད་ནུས་པ་ལྡན་པ་ཇུས་འགོད་བྱས་ཡོད། ད་སྔའི་བར་ཟ་ཁང་གི་གད་སྙིགས་ཏུན900ལྷག་ཐག་གཅོད་བྱས་པ་དང་།ཟ་ཁང་གི་སྣུམ་ཚིལ་ཏུན10དང་།གད་སྙིགས་ཏུན70 བཙོག་ཆུ་ཏུན820བཅས་ཐག་གཅོད་བྱས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ཏན་ཏིག་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།