ཨ་ཅེ་འབྲོག་མོ་དྲན་པ།

ཁ་བ་ན་རོ།        2021-09-16

ཨ་ཅེ་འབྲོག་མོ།

དབྱར་དྲུག་པའི་ཉི་ཟེར་དང་བསྡོངས་ནས།

ཁྱོད་རང་སྒང་ཁའི་སྤང་ལྗོངས་ཀྱི་བར་ནས་མངོན་ཆུང་

གིས་འཛུམ་སྟེ།

སེམས་འདུན་དྲོན་མོ་རི་ལུང་གི་ཀློང་ལ་བཏབ་ཅིང་།

མེ་ཏོག་དང་ལྷན་དུ་སྦས་པའི་གསང་བ་ལྗང་མདོག་

ཅན་གང་མང་།

ཁྱོད་ཀྱི་བློ་ཁོག་ཡངས་མོར་སུ་ཞིག་གིས་ཆེད་དུ་མ་

བྲིས་པར་འོད་མདངས་ལམ་ལམ་བཀྲ།

ཉིན་མོའི་ངལ་དུབ་ཀྱི་བར་ན་མེ་ཏོག་བཞིན་མཛེས་པའི་

ཨ་ཅེ་འབྲོག་མོས།

འུར་ཆའི་ནང་ལ་རྡེའུ་ཆུང་བཞག་ནས་ནོར་ཁྱུ་ཡུན་

གྱིས་བསྐོར་བའི་སྟངས་སྟབས་ཀྱི་བར་ནས།

བློ་ངོར་བཀལ་བའི་སྐྱེས་པ་སུ་ཞིག་གི་ཡིད་འོང་གི་

ཉམས་འགྱུར་མཐའ་དག་དར་ཅིག་དྲན་ཞོར།

ལ་གཞས་ཚན་པ་ཞིག་སྤང་ལྗོངས་ཡུག་ཡུག་གི་ལྗང་མདོག་

དང་མཉམ་དུ་བརྫིས།

ཨ་ཅེ་འབྲོག་མོ།

ཉིན་མོ་རེ་རེར་རི་ལུང་གི་ཉིན་སྲིབ་བར་ན་ཚེགས་ཡང་

གིས་འགྲེང་སྟེ།

ནོར་ཁྱུ་རི་ལུང་ངོས་ལ་མུ་ཏིག་ལྟར་གཏོར་ནས།

ཆར་ཆུས་བརླན་མ་ཐུབ་པའི་ཨ་ཅེས་འབྲོག་མོ།

མཛུམ་དམུལ་དམུལ་གྱི་མཛེས་ཀོང་གི་བཞིན་རས་གསེང་ནས།

ད་དུང་ཡང་ཆད་སྣང་མེད་པའི་ཧབ་ཆ་རིང་མོ་ཞིག་རི་

ལུང་ལ་འདྲིས།

ཨ་ཅེ་འབྲོག་མོ།

འགྲུབ་རྒྱུ་མེད་པའི་ཁྱིམ་ལས་ཙག་ཙིག་གི་དཀའ་སྡུག་

ཁྲོད་ནར་སོན་པ་ནས།

འབྲོག་ཐང་གི་ནོར་ཁྱུ་ནི་ཁྱོད་ཀྱི་རྒྱན་ཆ་རུ་བཟོས་པ་ལྟར།

དུས་བཞིའི་གོ་རིམ་ཧྲིལ་པོར་ནོར་ཁྱུ་དང་མཉམ་དུ་བསྡད་དེ།

ཁྱོད་ཀྱི་དབྱར་དགུན་སྟོན་དཔྱིད་ཀྱི་ཐོབ་ཤོར་ཡོད་ཚད་དང་

མི་ཚེ་ཡི་ལང་ཚོ་གསར་བ།

ནོར་ཁྱུའི་སྟེང་དང་འུར་ཆུའི་ལྟེབས་ཁུགས་སུ་གསང་བ་

བཞིན་སྦས་ཡོད་ཨང་།

ཨ་ཅེ་འབྲོག་མོ།

ནམ་ཞིག་གི་དུས་ལ།

ལང་ཚོའི་རྒས་གཉེར་དང་ལྷན་དུ་གནས་ཡུལ་རིང་མོ་

མིག་ཆུས་བྲིས་ཤིང་།

རྒྱན་ཆ་ལྟ་བུའི་ནོར་ཁྱུ་དང་སྲོག་ལྟ་བུའི་ཕ་མ་རྒྱབ་

ཏུ་སྐྱུར་བཞིན།

ཡང་བསྐྱར་འཚོ་བ་གསར་བ་ཞིག་གི་ཐག་སྣེ་ནས་འཇུ་དུས།

ངས་འབྲོག་ཐང་གི་རི་ལུང་གཏོར་ནས་སྨྲེང་གླུ་ཞིག་

ལེན་བཞིན།

རི་ལུང་ལྟར་ཁོད་ཡངས་པའི་ཁྱོད་ཀྱི་སེམས་ལྗོངས་ཉུལ་གྱིན།

ཁྱོད་ཀྱི་ཕྱི་མིག་རེ་འཕེན་གྱིན་ཡོད།

ཨ་ཅེ་ལགས། ཨ་ཅེ་འབྲོག་མོ་་་་་་་



  • ལེ་ཚན་སྔོན་མ།:ནུབ་ལ་འཕུར་བའི་བྱ་ཁྱུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།