རང་ཁུལ་གྱིས་ཆུ་གློག་ས་ཚུགས་ཆུང་གྲས་གཙང་བཤེར་དག་ཐེར་ལ་སྐུལ་འདེད་ཤུགས་ཆེན་བཏང་།

        2021-09-23

ཕྲལ་མར་ཕྱིར་འཐེན་བྱེད་དགོས་རིགས་ཀྱི་ཆུ་གློག་ས་ཚུགས143དེ་ཚང་མ་ཕྱིར་འཐེན་བྱས་ཚར།

ཉེ་ཆར། གསར་འགོད་པར་ཁུལ་ཆུ་བེད་ཅུས་ནས་ཤེས་རྟོགས་བྱུང་དོན། སྡེ་རོང་རྫོང་རྩ་བྲག་ཆུའི་ཆུ་གློག་ས་ཚུགས་ཀྱི་ཆུ་རགས་དང་འགག་སྒོ། དེ་བཞིན་འདྲེན་ཡུར་ཁག་གཅིག་དཀར་ཆེན་གངས་རིའི་ཁུལ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་ཡོད་པ་དང་། དཀར་མཛེས་རྫོང་གཙང་ཟླ་ཁོག་ཆུ་གློག་ས་ཚུགས་ཀྱི་ཆུ་འདྲེན་མདོང་ལམ་དེ་གནས་མདའ་ལུང་རྫོང་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཡོད་ཅིང་།འབྲི་ཆུའི་དཔལ་འབྱོར་གླིང་ཁུལ་གྱི་ཆུ་གློག་ས་ཚུགས་ཆུང་གྲས་གཙང་སེལ་དང་དག་ཐེར་བཅོས་སྐྱོང་གི་འབྲེལ་ཡོད་གཏན་འབེབས་ལྟར། ཆུ་གློག་ས་ཚུགས་འདི་གཉིས་ཕྱིར་འཐེན་རིགས་སུ་བཞག་ཡོད།

རྫོང་གཉིས་ཀྱི་རྫོང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་བླ་ན་མེད་པར་བྱས་ནས་ཆུ་གློག་ས་ཚུགས་ཆུང་གྲས་གཙང་བཤེར་དང་དག་ཐེར་བཅོས་སྐྱོང་བྱེད་པའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཆེད་ལས་འཛིན་གྲྭ་འཛུགས་པ་དང་།འགན་འཁྲི་དོན་འཁྱོལ་དང་ཇུས་གཞི་བཟོ་འགོད།བྱ་སྤྱོད་མྱུར་པོ་སྤེལ་བ་བཅས་བྱས་ནས་མགོ་ཁྲིད་གཙོ་བོའི་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པར་བརྟེན། ཆུ་གློག་ས་ཚུགས་ཕྱིར་འཐེན་གྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། དག་ཐེར་ཡོ་བསྲང་གི་ཇུས་གཞི་ལྟར། ཆུ་རགས་དང་ཆུ་འདྲེན་རྩིག་བཟོ།འཕྲུལ་གློག་སྒྲིག་ཆས་སོགས་སྒྲིག་ཆས་བཤིག་རྒྱུའི་ལས་དོན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བས་མ་ཚད།སྐྱེ་ཁམས་སླར་གསོའི་ལས་དོན་ཅིག་ཅར་དུ་ལེགས་འགྲུབ་བྱུང་སྟེ་རྫོང་རིམ་པའི་ཞིབ་བཤེར་རྩིས་ལེན་གྱི་ཚད་རིམ་ཐོག་སླེབས་པར་མ་ཟད། སྲིད་གཞུང་གི་སྒོ་མོ་དྲྭ་ཚུགས་ཐོག་གཙང་བཤེར་དག་ཐེར་བྱས་ཚུལ་ཡོངས་བསྒྲགས་བྱས་ནས་གཙང་བཤེར་དག་ཐེར་གྱི་ལས་འགན་ཚད་གཞི་མཐོ་ལ་དུས་བཀག་ལྟར་སྤུས་ཚད་འགན་ལེན་བྱེད་པར་ལེགས་འགྲུབ་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།རང་ཁུལ་གྱིས་འབྲི་ཆུའི་དཔལ་འབྱོར་གླིང་ཁུལ་གྱི་ཆུ་གློག་ས་ཚུགས་ཆུང་གྲས་གཙང་བཤེར་དག་ཐེར་ལས་དོན་སྤེལ་མགོ་བཙུགས་པ་ནས་བཟུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཐོང་ཆེན་བླ་ན་མེད་པ་བྱས་ཏེ་མགྱོགས་མྱུར་དུ་བཀོད་སྒྲིག་བྱས་མཐར། ཁུལ་ཆུ་བེད་ཅུས་ཀྱིས་སྣེ་ཁྲིད་དེ་དོན་འཁྱོལ་དམ་འཛིན་བྱས་ཡོད། སྟོང་ཝ་ཁྲི5མན་གྱི་ཆུ་གློག་ས་ཚུགས་ཆུང་གྲས་གཙང་སེལ་བཤེར་ཞིབ་དང་དཔྱད་དཔོག་རིགས་བགོས་བྱས་ཏེ་ས་ཚུགས་གཅིག་དང་ཐབས་ཇུས་གཅིག་གི་དག་ཐེར་བཅོས་སྐྱོང་ཇུས་གཞིའི་སྒྲིག་ཁོངས།བརྟན་ལྷིང་ཉེན་ཁ་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་གོ་རིམ་ལྡན་པ་སྤེལ་ཡོད། ཞིང་ཆེན་འབྲི་ཆུའི་དཔལ་འབྱོར་གླིང་ཁུལ་གྱི་ཆུ་གློག་ས་ཚུགས་ཆུང་གྲས་གཙང་སེལ་དང་དག་ཐེར་བཅོས་སྐྱོང་མགོ་ཁྲིད་ཚོགས་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས་པར་བརྒྱུད་རང་ཁུལ་གྱི་འབྲི་ཆུའི་དཔལ་འབྱོར་གླིང་ཁུལ་གྱི་ཆུ་གློག་ས་ཚུགས་ཆུང་གྲས་གཙང་སེལ་དང་དག་ཐེར་བཅོས་སྐྱོང་བྱེད་ཁོངས་སུ་ཚུད་པའི་ཆུ་གློག་ས་ཚུགས་ཆུང་གྲས376ཡོད་པའི་ནང་རིགས19དང་དག་ཐེར་བཅོས་སྐྱོང་རིགས147འཕྲལ་མར་མེད་པ་བཟོས་པ་དང་དུས་བཀག་ནང་ཕྱིར་འཐེན་བྱས་པའི་རིགས27ཡོད་པ་དང་ཕྱིར་འཐེན་བྱེད་ཚད་བརྒྱ་ཆ45ལ་ཟིན་ནས་སི་ཁྲོན་ཞིང་ཆེན་གྱི་ཨང་དང་པོར་སླེབས་ཡོད།

དག་ཐེར་བཅོས་སྐྱོང་རིགས་ཀྱི་ཆུ་གློག་ས་ཚུགས187ལ་ཁ་གསབ་དང་འཐུས་ཚང་དུ་གཏང་རྒྱུའི་འགྲོ་ལུགས་བསྒྲུབ་དགོས་པའི་ལས་གཞི་ཁྱོན་བསྡོམས311ཡོད་པའི་ནང་ལས་གཞི་ཁག43ལ་ཁ་གསབ་དང་འཐུས་ཚང་དུ་བཏང་སྟེ་ལས་གཞི43ལེགས་འགྲུབ་བྱས་པ་དང་། ཁོར་ཡུག་ལ་ཤུགས་རྐྱེན་གང་ཡོང་བར་གདེང་འཇོག་བྱ་རྒྱུའི་ལས་གཞི111ཡོད་པའི་ནང་ལས་གཞི107ལེགས་སུ་གྲུབ་ཡོད།ཆུ་གློག་ས་ཚུགས4ད་རུང་ལེགས་གྲུབ་བྱུང་མེད།ད་སྔར་འཛུགས་སྐྲུན་བྱེད་མཚམས་བཞག་ནས་དག་ཐེར་བཅོས་སྐྱོང་བྱེད་བཞིན་ཡོད། ཆུའི་ཐོན་ཁུངས་ཁུངས་སྐྱེལ(ཆུ་ལེན་ཆོག་པ)ཁག38ལ་ལས་གཞི38ལེགས་འགྲུབ་བྱུང་། ས་ཞིང་གི་གྲ་སྒྲིག་འདྲི་གཅོད་ལས་གཞི6ལེགས་སུ་འགྲུབ།ལས་གཞི6ལེགས་སུ་འགྲུབ། ཆུ་སྐྱེས་སྐྱེ་དངོས་ཀྱི་ཤུགས་རྐྱེན་གདེང་འཇོག་ཁག102ལ་ཟིན་པ་དང་ཁག102ལེགས་སུ་འགྲུབ། ནགས་ས་ཁག11བསྡུས་པ་དང་ལས་གཞི་ཁག8ལེགས་སུ་འགྲུབ། ཆུ་གློག་ས་ཚུགས3ད་དུང་ལེགས་འགྲུབ་བྱུང་མེད་པས་དག་ཐེར་བཅོས་སྐྱོང་བྱེད་བཞིན་ཡོད། ད་སྔའི་བར་འཕྲལ་དུ་ཕྱིར་འཐེན་བྱས་པའི་ཆུ་གློག་ས་ཚུགས143ཚང་མ་ཕྱིར་འཐེན་བྱས་པ་དང་། དུས་བཀག་ཕྱིར་འཐེན་བྱ་རྒྱུའི་རིགས་ཀྱི་ཆུ་གློག་ས་ཚུགས27གྱི་ཆུ་གློག་ས་ཚུགས13ཕྱིར་འཐེན་བྱས་ཚར་བ་རེད།

ཕྱིན་ཆད་རང་ཁུལ་གྱིས་ཕྱོགས་བཞིར་དམིགས་ཏེ་བསྐྱར་ཞིབ་ལྔ་དང་གཙོ་གནད་ས་ཁོངས་ལ་དམ་པོར་དམིགས་པའི་ལས་ཀའི་བླང་བྱ་གཞིར་བཟུང་ནས་བླང་བྱ་དེ་བས་ནན་པོ་དང་ཚད་གཞི་དེ་བས་མཐོ་བ་སྤྱད་དེ་ཁུལ་ཡོངས་སུ་ཆུ་གློག་ས་ཚུགས་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་དང་།དག་ཐེར་རིགས་ཀྱི་ཆུ་གློག་ས་ཚུགས་དང་ཕྱིར་འཐེན་རིགས་ཀྱི་ཆུ་གློག་ས་ཚུགས་ལ་བསྐྱར་དུ་ལྟ་བ།ཆུ་གློག་ས་ཚུགས་ཆུང་གྲས་གཙང་བཤེར་དང་དག་ཐེར་བྱེད་པའི“ཕྱིར་མིག་ལྟ་བའི”ལས་དོན་མུ་མཐུད་ནས་གཏིང་ཟབ་ཏུ་གཏོང་བ།ཆུ་གློག་ས་ཚུགས་ཆུང་གྲས་གཙང་བཤེར་དང་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་ལེན་བྱ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་མགོ་ཐང་གྲོང་རྡལ་གྱིས་ཁོར་ཡུག་བཅོས་སྐྱོང་བྱས་ནས་འབྱུང་འཕྲོད་ཁྱིམ་གཞིས་སྐྱོང་།
  • ལེ་ཚན་རྗེས་མ།:ལྕགས་ཟམ་ཁ་ནས་སྲིབ་སྨན་བར་གྱི་མྱུར་བགྲོད་གཞུང་ལམ་གྱིས་འཁྱིལ་ཆུ་ཡིས་དཔེ་སྟོན་ལས་གྲྭ་བསྐྲུན་པར་འགན་སྲུང་བྱས།
  • དོ་སྣང་ཆེ་བའི་རྩོམ།