ལྕགས་ཟམ་ཁ་ནས་སྲིབ་སྨན་བར་གྱི་མྱུར་བགྲོད་གཞུང་ལམ་གྱིས་འཁྱིལ་ཆུ་ཡིས་དཔེ་སྟོན་ལས་གྲྭ་བསྐྲུན་པར་འགན་སྲུང་བྱས།

        2021-09-23

སྤྱི་ཟླ9པའི་ཚེས12ཉིན་སྨྱུག་འཛིན་པ་ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམTJ3དུམ་མཚམས་ཀྱི་ཨེར་ལི་པ་མཉམ་བསྲེས་ས་ཚུགས་སུ་བཅར་འདྲི་བྱེད་དུ་འགྲོ་སྐབས། བཟོ་གྲྭའི་ནང་གི་ཁོར་ཡུག་དང་མཁའ་རླུང་གཙང་མ་ཡོད་པ་མཐོང་བས་མི་སེམས་ལ་སྤྲོ་སྣང་འཕེལ་ཐུབ་པར་མ་ཟད། ཆུ་སྲུང་སྒྲིག་ཆས་སྣ་ཚོགས་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་བཞིན་འདུག

བཟོ་གྲྭའི་ནང་ཁུལ་དུ་རང་འགུལ་ཆ་ཚང་གི་རླངས་སྦུད་རྡུལ་འཇོམས་སྒྲིག་ཆས་ཤིག་གསར་དུ་ནང་འདྲེན་བྱས་ཤིང་། བཟོ་གྲྭའི་ནང་རོལ་དུ་ཏུའུ360འཁོར་སྐྱོད་བྱེད་ཐུབ་པས། བཟོ་གྲྭའི་ནང་རོལ་དང་ཐོན་སྐྱེད་བར་གྱི་ཐལ་རྡུལ་ཚོད་འཛིན་བྱེད་པའི་ནུས་པ་ཆེན་པོ་ཐོན་པ་རེད།ལས་གཞིའི་བདག་གཉེར་ཁང་གི་དོ་དམ་པ་གཞོན་པ་ཅིན་ཙེའེ་ཧུང་གིས་ཆུ་རླངས་གཏོར་བྱེད་ཀྱི་སྒྲིག་ཆས་ལ་སྐོར་ཞིབ་དང་སྲུང་སྐྱོང་བྱེད་བཞིན་འདུག། ཁོས་སྨྱུག་འཛིན་པར་བཟོ་གྲྭའི་ནང་བཀག་སྡོམ་རྣམ་པའི་ཨར་ལས་བྱེད་བཞིན་ཡོད་པ་དང་། སྒོ་འགྲམ་དང་འཁོར་ཁང་ཚང་མར་རླངས་སྦུད་རྡུལ་འཇོམས་སྒྲིག་ཆས་སྒྲིག་ཆས་སྒྲིག་སྦྱོར་བྱས་པས་ཐལ་རྡུལ་གྱི་སྦགས་བཙོག་ནུས་ལྡན་ངང་འགོག་ཐུབ་པ་རེད་ཅེས་བཤད།

ཨེར་ལི་པ་མཉམ་བསྲེས་ས་ཚུགས་ནི་ལྕགས་ཟམ་རྫོང་ཏེ་ཝུའེ་གྲོང་རྡལ་ཨེར་ལི་པ་གྲོང་སྡེའི་ཞིང་ཆེན་རིམ་པའི་གཞུང211པ་བརྒྱུད་ཡུལ་གྱི་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་གནས་ཡོད། བཟོ་གྲྭ་དེ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་བླང་བྱར་ནན་པོར་གཞིགས་ནས་འདུ་ཤེས་གསར་པ་དང་།ལག་རྩལ་གསར་པ།བཟོ་རྩལ་གསར་པ་བཅས་སྤྱད་དེ་འཁྱིལ་ཆུ་ཡིས་སྒྲིག་བཀོད་དང་སྒྲིག་ཆས་སྲུང་སྐྱོང་བྱེད་པར་མ་དངུལ་གཏོང་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་སྲུང་སྐྱོང་དང་ས་ཆུ་སྲུང་འཛིན་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་སྟེ“འཁྱིལ་ཆུ་ཡིས་དཔེ་སྟོན་ལས་གྲྭ་བསྐྲུན་པར་འགན་སྲུང་བྱས་པའི”ལས་གྲྭ་འཛུགས་སྐྱོང་བྱས་པ་རེད།

ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱིTJ3ལས་གཞིའི་བདག་གཉེར་ཁང་གི་དོ་དམ་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལྕགས་ཟམ་ཁ་ནས་སྲིབ་སྨད་་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་དུམ་བུ་གཞན་དག་ཚང་མར “སྲུང་སྐྱོང་སྔོན་སྤེལ། སྔོན་འགོག་གཙོར་འཛིན། ཕྱོགས་བསྡུས་བཅོས་སྐྱོང་”བཅས་ཀྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས་གསར་གཏོད་དང་།མཐུན་སྦྱོར།འབྱུང་འཕྲོད། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་བཅངས་ནས“བཙོག་འབུད་མེད་པ་དང་། སྦགས་བཙོག་མེད་པ། ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་ལས་འཛོལ་མེད་པ”བཅས་དོ་དམ་དམིགས་ཡུལ་དུ་བྱས་ནས“སྐྱེ་ཁམས་ལམ་བུ”དང“གསར་བརྗེའི་ལམ་བུ”དང“མི་རིགས་ས་ཁུལ་གྱི་ཕྱུག་འགྱུར་ལམ་བུ”བཅས་འཛུགས་སྐྱོང་བྱས་ནས་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་རི་སྔོ་ཆུ་དྭངས་བརྟན་སྲུང་ཡག་པོ་བྱེད་གང་ཐུབ་བྱ་རྒྱུ་ཡིན་པ་རེད།།


  • ལེ་ཚན་སྔོན་མ།: རང་ཁུལ་གྱིས་ཆུ་གློག་ས་ཚུགས་ཆུང་གྲས་གཙང་བཤེར་དག་ཐེར་ལ་སྐུལ་འདེད་ཤུགས་ཆེན་བཏང་།
  • ལེ་ཚན་རྗེས་མ།:ཧུའུ་ཁྲུན་ཧྭ་རང་ཁུལ་དུ་ཕེབས་ནས་རྟོག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།