རང་ཁུལ་གྱིས་ཉེན་མེད་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2021-09-22

     སྤྱི་ཟླ9པའི་ཚེས10ཉིན། ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་དར་མདོར་འཚོགས་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་གིས་ཚོགས་འདུ་གཙོ་འགན་བཞེས་པར་མ་ཟད་གསུང་བཤད་གནང་བ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཉེ་ཞིན་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེན་ཅིང་སོགས་ཚོགས་འདུའི་ནང་ཞུགས་པ་རེད།

     ཚོགས་འདུའི་ཐོག་བསྟན་དོན། ད་ལོའི་དུས་ཚིགས་དང་པོར་ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་མོད། འོན་ཀྱང་དུས་ཚིགས་གཉིས་པར་སླེབས་རྗེས་དང་ལྷག་པར་དུ་སྤྱི་ཟླ5པ་ནས་བཟུང་། ཁུལ་ཡོངས་ཀྱི་ས་ཁུལ་ཁག་གཅིག་དང་ལས་རིགས་ཁག་གཅིག་གི་ཉེན་ཁ་ལས་འཛོལ་བྱུང་གྲངས་དང་། མི་ཤི་ཚད་དུས་མཚུངས་ལས་ཆེས་ཆེར་འཕར་ནས་ཐོན་སྐྱེད་ཉེན་ཁའི་ལས་འཛོལ་བྱུང་མང་བའི་རྣམ་པ་བྱུང་བར་བརྟེན། ངེས་པར་དུ་ནུས་ཤུགས་ཡོད་རྒུས་ཉེན་མེད་ཐོན་སྐྱེད་ལས་ཀར་དམ་འཛིན་ཡག་པོ་བྱ་དགོས།

     ཚོགས་འདུའི་ཐོག་རྫོང﹙གྲོང་ཁྱེར﹚ཁག་དང་ཁུལ་རིམ་པའི་སྡེ་ཁག་སོ་སོས“ཚེ་སྲོག་མཐའ་དག་ལས་མཐོ་བའི” བསམ་བློ་བློ་ལ་བརྟན་པོར་བཅངས་ནས། དུས་དང་རྣམ་པ་ཀུན་ཏུ་ཐོན་སྐྱེད་ཉེན་མེད་དམ་འཛིན་ཡག་པོ་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཤིང་། “འགོག་ཟོན་ནི་གེགས་སེལ་ལས་རྣམ་པར་རྒྱལ་བའི”བསམ་བློ་སེམས་ལ་བརྟན་པོར་བཅངས་ནས། ནུས་ཤུགས་ཡོད་རྒུས་ཉེན་མེད་ཐོན་སྐྱེད་ཀྱི་མེ་འགོག་གྱང་རགས་བརྟན་པོ་བཙུགས་ཏེ། འབྱུང་རྩ་ནས་འགོག་ཟོན་དང་ལྟ་སྐུལ་ཞིབ་བཤེར། ལྟ་སྡོམ་ཁྲིམས་འཛིན། རྩ་ལག་མཉམ་བཅོས། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱ་དགོས།“བདེ་འཇགས་ནི་བརྟན་སྲུང་ལས་བྱུང་བའི” བསམ་བློ་སེམས་ལ་བརྟན་པོར་བཅངས་ནས། ཉེན་མེད་ཐོན་སྐྱེད་ཀྱི་གཞི་རྩའི་ཡུལ་དངོས་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ། ལས་རིགས་དོ་དམ་བྱེད་པར་ངེས་པར་དུ་ཉེན་མེད་ལས་དོ་དམ་དང་ལས་སྒོ་དོ་དམ་བྱ་དགོས།ཐོན་སྐྱེད་གཉེར་སྐྱོང་དོ་དམ་བྱེད་པར་ངེས་པར་དུ་ཉེན་མེད་དོ་དམ་བཅས་བྱ་དགོས་པའི་བླང་བྱ་ལྟར། རྡོ་སོལ་གཏེར་ཁ་མིན་པའི་རི་བོ་དང་ཨར་ལས་བཟོ་སྐྲུན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མེ་ཟོན། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས། ས་གཤིས་ཀྱི་གནོད་འཚེ་འགོག་བཅོས། འགྲིམ་འགྲུལ་སྐྱེལ་འདྲེན། བཟའ་བཅའ་ཉེན་མེད། རིག་གནས་དང་ཡུལ་སྐོར་གྱི་བྱེད་སྒོ། རིམས་ཚུལ་འགོག་ཟོན། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་སོགས་ཁྱབ་ཁོངས་ལ་དམིགས་ཏེ་ནུས་ཤུགས་ཡོད་རྒུས་ཉེན་ཁ་གྲལ་བཤེར་དང་མི་མངོན་པའི་རྐྱེན་ངན་སེལ་དགོས་པ་རེད། “འགན་འཁྲི་ཐའེ་ཧྲན་ལས་ལྗིད་པའི”བསམ་བློ་སེམས་ལ་བརྟན་པོར་བཅངས་ནས། ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲིའི་འབྲེལ་ཐག་ནན་དུ་ཏན་ཏིག་གཏོང་བ་དང་། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་ནན་པོ། ལས་གནས་གཅིག་ལ་འགན་འཁྲི་གཉིས་འཁུར་བ། མཉམ་འཛིན་སྤྱི་སྒྲུབ། འགན་འཛོལ་འགན་འཁྲི་བདའ་འདེད་བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ། མགོ་ཁྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་དུ་གཏོང་བ་བྱེད་པའི་འགན་འཁྲི་བརྟན་དུ་གཏོང་བ་བཅས་བྱས་ནས་གཟབ་ནན་དང་འགྱུར་བ་མེད་པའི་འགན་འཁྲིའི་འབྲེལ་ཐག་ཅིག་དངོས་འབྲེལ་ཆགས་པ་བྱས་ཏེ། ཉེན་མེད་ཐོན་སྐྱེད་ཀྱི་ལས་འཛོལ་སྣ་ཚོགས་བྱུང་རྒྱུར་འགོག་ཟོན་ནུས་ལྡན་བྱས་ནས། ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་ཀྱི་དུས་བབ་རྒྱུན་མཐུད་ལེགས་སུ་ཕྱིན་པར་འགན་ལེན་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།



  • ལེ་ཚན་སྔོན་མ།:ཐང་ག་དང་གཟི་འདི་ཚོ་ཁྱེད་ཀྱིས་མཐོང་མྱོང་རྒྱུ་མ་རེད།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་མགོ་ཐང་གྲོང་རྡལ་གྱིས་ཁོར་ཡུག་བཅོས་སྐྱོང་བྱས་ནས་འབྱུང་འཕྲོད་ཁྱིམ་གཞིས་སྐྱོང་།
  • དོ་སྣང་ཆེ་བའི་རྩོམ།