ཧྲེན་དབྱང་གིས་ཞིང་སྡེའི་ལས་དོན་ཐད་འདི་ལྟར་གསུངས།

ཐུབ་ཀྱིས་བསྒྱུར།        2021-09-24

     སྤྱི་ཟླ9པའི་ཚེས22ཉིན་ལ། ཁུལ་ཨུའི་ཞིང་སྡེའི་ལས་དོན་མགོ་ཁྲིད་ཚོ་ཆུང་གི2021ལོའི་གྲོས་ཚོགས་ཐེངས་དང་པོ་དེ་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་ཞིང་སྡེའི་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་ཧྲེན་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་བ་རེད།

     ཧྲེན་དབྱང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་ལས་དང་ཞིང་སྡེ། ཞིང་པ་བཅས་ཀྱི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལ་ག་བསྟར་མཐར་ཕྱིན་བྱེད་ཅིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏིག་བྱེད་པ་དང་། ཞིང་ལས་དང་ཞིང་སྡེ་དམིགས་སུ་བཀར་ནས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་ཁུལ་ཡོངས་ཀྱི་ཞིང་ལས་དང་ཞིང་སྡེ། ཞིང་པ་བཅས་ཀྱི་ལས་དོན་དོ་དོ་དན་དན་གྱིས་ཡག་པོ་སྒྲུབ་ཅིང་། དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱུན་ཆད་མེད་པར་གཏོང་བ་དང་། རྒྱུན་མཐུད་དེ་ཡུལ་སྡེ་དར་རྒྱས་ཁྱོན་ཡོངས་ནས་གཏོང་ཞིང་། ཞིང་ལས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ་དང་། ཡུལ་སྡེ་སྡོད་སྤྲོ་ལ་ལས་གཉེར་འཚམ་པ། ཞིང་པ་འབྱོར་ཞིང་ཕྱུག་པ་བཅས་ཡོང་བར་སྐུལ་སྤེལ་བཏང་སྟེ། ཁུལ་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་ཡག་པོ་ཞིག་འཛུགས་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོམ་པ་དང་པོ་སྤོ་བར་འདེགས་སྐྱོར་དང་འགན་སྲུང་དེ་བས་ཡག་པོ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།། 


  • ལེ་ཚན་སྔོན་མ།:སློབ་ཁྲིད་སྟེགས་བུའི་ཐོག་གཅེས་སེམས་བརྟན་སྲུང་བྱེད་མཁན་སློབ་གཙོ།
  • ལེ་ཚན་རྗེས་མ།: སྡེ་རོང་རྫོང་གིས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་སློབ་གྲྭར་སྤེལ།
  • དོ་སྣང་ཆེ་བའི་རྩོམ།