སྡེ་རོང་རྫོང་གིས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་སློབ་གྲྭར་སྤེལ།

ཀུན་དགས་བསྒྱུར།        2021-09-27

སློབ་མ་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་ཆེད།ཉེ་ཆར།སྡེ་རོང་རྫོང་སྐྱེ་ཁམས་ཁོར་ཡུག་ཅུས་དང་སྤུན་གསུམ་གྲོང་རྡལ་གྱི་ལས་སྒྲུབ་ཚོགས་ཆུང་རྫོང་སློབ་འབྲིང་དུ་བསྐྱོད་དེ“ཁོར་ཡུག་ལ་གཅེས་སྐྱོང་བྱེད་པ་དང་། ཁྱེད་དང་ང་ནས་བྱེད་མགོ་འཛུགས་པ། ཉེ་འགྲམ་གྱི་དོན་ཆུང་ནས་བྱེད་མགོ་འཛུགས་པ”ཞེས་པའི་བརྗོད་དོན་ལ་དམིགས་ཏེ་དགེ་སློབ་ཉིས་བརྒྱ་ལྷག་ད་ཐེངས་ཀྱི་དྲིལ་བསྒྲགས་ཚོགས་འདུར་ཞུགས་ཡོད།

ལས་དོན་ཚོ་ཆུང་གིས་དྲིལ་བསྒྲགས་ཡིག་རིགས་དང་དངོས་དཔེ།ཆེད་དོན་བཅས་ཀྱི་དྲིལ་བསྒྲགས་ཐབས་ལམ་བརྒྱུད་དེ་སློབ་མ་ཚོར་འགྲོ་བ་མིའི་མདུན་དུ་ལྷགས་པའི་ཁོར་ཡུག་གི་གནད་དོན་དང་། ཁོར་ཡུག་དང་མིའི་རིགས་ཀྱི་བདེ་ཐང་། འཚོ་བའི་ཁྲོད་ཀྱི་ཁོར་ཡུག་ལ་གནོད་པའི་བྱ་སྤྱོད་སོགས་ཀྱི་ཐད་ནས་ཤེས་བྱ་འགྲེལ་བཤད་གང་ལེགས་བྱས་ཤིང་། སློབ་མ་ཚོར་ཐཱན་ཉུང་བཙོག་འབུད་ཉུང་གཏོང་གི་འཕེལ་རྒྱས་འདུ་ཤེས་དང་འཚོ་བ་རོལ་སྟངས་ཐད་དྲིལ་བསྒྲགས་བྱས་ནས་སློབ་མ་ཡོངས་ཀྱིས་རང་ཉིད་ནས་མགོ་བཙུགས་པ་དང་རྒྱུན་གཏན་གྱི་འཚོ་བ་ནས་མགོ་བཙུགས་ཏེ་ཐཱན་ཉུང་བཙོག་འབུད་ཉུང་གཏོང་དང་ཉེན་མེད་འཚོ་བའི་དཔུང་ཁག་ནང་ལག་གདང་སྦྲེལ་ནས་ཞུགས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་པ་དང་ལག་ལེན་པ་ཞིག་བྱེད་པར་སྐུལ་འདེད་བཏང་ཡོད། དེ་རྗེས་ལས་དོན་ཚོ་ཆུང་གིས་སློབ་མ་ཚོར་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་ལག་དེབ་སྤྲད་པ་དང་སློབ་མ་ཚོས་ནན་ཏན་ངང་ལྟ་ཀློག་བྱས་རྗེས་ཐཱན་ཉུང་བཙོག་འབུད་ཉུང་གཏོང་དང་ཉེན་མེད་འཚོ་བ་དར་སྤེལ་གྱི་ཆོད་སེམས་དང་དད་སེམས་བརྟན་དུ་བཏང་ཡོད།

ད་ཐེངས་ཀྱི་བྱེད་སྒོ་སྤེལ་བས་སློབ་གྲྭ་དེའི་དགེ་སློབ་ཚོའི་ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་དང་འབྱུང་འཕྲོད་ནུས་རྒྱུ་གྲོན་ཆུང་གི་འཚོ་བའི་འདུ་ཤེས་བཅངས་ནས“ཁོར་ཡུག་སྲུང་སྐྱོང་དང་མི་ཚང་མར་འགན་འཁྲི་ཡོད་པའི”ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་བཙུགས་པར་མ་ཟད།ཁོར་ཡུག་སྲུང་སྐྱོང་དང་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་བྱ་རྒྱུ་དེ་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོའི་རང་རྟོགས་ཀྱི་བྱ་སྤྱོད་དུ་གྱུར་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ཞིང་སྡེའི་ལས་དོན་ཐད་འདི་ལྟར་གསུངས།
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་གིས་སྐྱེ་ཁམས་དབུལ་སྐྱོར་ལ་དམ་འཛིན་བྱས་ཏེ་སྐྱེ་ཁམས་དམངས་ཕྱུག་མངོན་འགྱུར་བྱུང་།
  • དོ་སྣང་ཆེ་བའི་རྩོམ།