ང་ཡི་མི་ཚེའི་དཔུང་རོགས་ལགས།

སྨན་ལྗོན།        2021-09-24

འཁོར་བའི་སྲིབ་ངོས་ཀྱི་མེ་ལོང་ནང་དུ། །

སེམས་མཚོན་དར་སྐུད་ཀྱི་ཨ་ལོང་སྦྲེལ་ནས། །

བརྩེ་བའི་མེ་ཏོག་གི་ཕྲ་རྒྱན་ཞིག་གིས། །

ཁྱེད་ཀྱི་བྱད་གཟུགས་ཀྱི་དབུ་རྐེ་འཁྱུད་ནས། །

ངོ་གདོང་འཛུམ་ཆུང་གི་དབུས་སུ་བགྱིད་ཀྱིན། །

ཚེ་གཅིག་ལས་བཟང་གི་གྲོགས་སུ་གྱུར་ན། །

གྲོགས་དེ་འགྱུར་མེད་ཀྱི་སེམས་རྟེན་ཡིན་འདྲ། །

སྲིད་པའི་ཐང་སྟོང་གི་མི་ཚོགས་བརྒྱུད་དུས། །

སྨྲེང་སེམས་ཁེར་ཧྲེང་གི་མནར་གཅོད་གཏོང་སྐབས། །

བྱེའུ་ཆུང་སེམས་མཐུན་གྱི་ལས་དབང་དྲན་ན། །

ང་དང་གཏན་གྲོགས་ཁྱོའི་བརྩེ་འདང་རིང་མོ། །

གཏན་གྱི་གྱེས་བྲལ་ལ་རེ་འདོད་མ་སྐོང་། །

ད་ལྟའི་སྐབས་བབ་ཀྱི་མི་སེམས་ཀྱག་ཀྱོག །

ངོ་བསྟོད་ཆེ་ཚུགས་ཀྱི་གཤིས་ཀ་བགྱིས་ནས། །

མི་ནི་འཕོ་འགྱུར་གྱི་ལམ་ལ་སྙེག་སྐབས། །

ང་ཡི་རང་ཚུགས་ལ་གཡོ་འགུལ་མེད་པར། །

འཇིག་རྟེན་གསར་རྙིང་གི་གྲོགས་དེ་གཅིག་པུ། །

མི་ཚེའི་དགའ་སྡུག་གི་དཔུང་རོགས་བཅོལ་འདྲ། །



  • ལེ་ཚན་སྔོན་མ།:ཉག་ཉོག་ཚིག་གི་རྩེད་འཇོ།
  • ལེ་ཚན་རྗེས་མ།:ཚོར་ཤུལ་ཨུཏྤལ་དཀར་དམར།