ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2022-02-28

སྤྱི་ཟླ2ཚེས23ཉིན་ལ། ཁུལ་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས་ཏེ། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི《ས་གནས་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་ཚན་པ་དང་དེའི་ཁོངས་མིའི་འབྲུ་རིགས་བདེ་འཇགས་འགན་འཁྲིའི་ལམ་ལུགས་གཏན་འབེབས་སྐོར་གྱི་བརྡ་ཐོ》དང་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གི《སྐོར་ཞིབ་དག་ཐེར་དང་གྲུབ་འབྲས་བཀོལ་སྤྱོད་ལ་ཤུགས་བརྒྱག་རྒྱུའི་སྐོར་གྱི་བསམ་འཆར》སོགས་ཡིག་ཆ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།རང་ཁུལ་གྱིས་བསམ་འཆར་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཞིབ་འཇུག་བྱས་ནས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་ཡོད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞི་གལ་ཆེན་ཞིག་རེད། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་འབྲུ་རིགས་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་པས་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དེང་སྐབས་ཀྱི་འབྲུ་རིགས་བདེ་འཇགས་ལས་དོན་གྱི་དུས་བབ་གསར་པ་དང་བླང་བྱ་གསར་པར་རིག་པ་དྭངས་གསལ་ངང་ངོས་འཛིན་བྱས་ཏེ་འབྲུ་རིགས་བདེ་འཇགས་དེ་ཏང་སྲིད་ཀྱི་འགན་འཁྲི་མཉམ་ཁུར་བྱ་རྒྱུ་དོན་འཁྱོལ་ནན་པོ་བྱས་ནས་འབྲུ་རིགས་བདེ་འཇགས་ཀྱི་འགོག་སྲུང་ར་བ་བརྟན་པོ་ཞིག་མཐའ་གཅིག་ཏུ་བསྐྲུན་དགོས་པ་བསྟན་ཡོད།

ཚོགས་འདུའི་ཐོག《སྐོར་ཞིབ་དག་ཐེར་དང་གྲུབ་འབྲས་བཀོལ་སྤྱོད་ལ་ཤུགས་བརྒྱག་རྒྱུའི་སྐོར་གྱི་བསམ་འཆར》ནི་དུས་སྐབས་གསར་པའི་སྐོར་ཞིབ་དག་ཐེར་དང་གྲུབ་འབྲས་བཀོལ་སྤྱོད་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་རེད། རིམ་ཁག་དང་སྡེ་ཚན་ཁག་གིས་སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཡིག་ཆའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱེད་པ་དང་། ཚད་གཞི་དང་ཡིག་ཆ་གཏན་འཁེལ་གྱི་བླང་བྱར་དམིགས་པ། གྲུབ་འབྲས་བེད་སྤྱོད་བྱེད་ཤུགས་ཇེ་དྲག་གཏོང་བ། སྐོར་ཞིབ་ཀྱི་རྗེས་མཇུག་སྐྱོང་བའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱང་རྒྱུ་ཟབ་ཕྱོགས་སུ་སྐུལ་འདེད་གཏང་དགོས་པ་བསྟན་པ་རེད།

ཚོགས་འདུའི་ཐོག2022ལོའི་ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞིའི་ལས་ཀར་སྐུལ་འདེད་གཏོང་བའི་ཇུས་གཞིར་གྲོས་ཞིབ་བྱས་པ་རེད།

ཚོགས་འདུའི་ཐོག་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་གཙོ་གནད་ལས་འགན་གྱི་འགན་འཁྲི་ཁག་བགོས་ཇུས་གཞི་དང2022ལོའི་ཁུལ་ཨུའི་ཚོགས་འདུ་གལ་ཆེན་དང་། བྱེད་སྒོ་གལ་ཆེན། ཡིག་ཆ་གལ་ཆེན་སོགས་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད།

ཚོགས་འདུའི་ཐོག2021ལོར་ཁུལ་ཡོངས་ཀྱི་གྲོང་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་གྲོས་འགོའི་མིང་ཐོ་དང་། གྲོང་སྡེ་དར་རྒྱས་གཏོང་བའི་སྔོན་ཐོན་རྫོང(གྲོང་ཁྱེར) སྔོན་ཐོན་ཡུལ་གྲོང་། དཔེ་སྟོན་གྲོང་ཚོ་བཅས་ཀྱི་དཔྱད་བསྡུར་གཏན་འབེབས་མིང་ཐོ་སོགས་ལ་གྲོས་ཞིབ་བྱས་པར་མ་ཟད། ད་དུང་རིམས་ནད་འགོག་ཟོན་དང་།ཉེན་མེད་ཐོན་སྐྱེད། རླངས་འབར་བདེ་འཇགས། ནགས་ཚལ་རྩྭ་ཐང་གི་མེ་ཟོན། བརྟན་བརླིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ལ་སླར་ཡང་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།



  • ལེ་ཚན་སྔོན་མ།:ལམ་དུ་ཁ་བ་ཆེ་སྐབས་རྫོང་འདིས་རོགས་སྐྱོར་འདི་འདྲ་བྱས།
  • ལེ་ཚན་རྗེས་མ།: ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་གཙོ་གནད་ཐོན་ཁུངས་གསར་སྦོལ་དོ་དམ་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་།
  • དོ་སྣང་ཆེ་བའི་རྩོམ།