ཁུལ་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་ཕྱོགས་བསྡོམས་ཚོགས་འདུ་དར་མདོར་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2022-03-02

སྤྱི་ཟླ2པའི་ཚེས24ཉིན་ལ། ཁུལ་ཡོངས་ཀྱིས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གྱི་ཕྱོགས་བསྡོམས་ཚོགས་འདུ་དར་མདོར་འཚོགས་པ་རེད། ཚོགས་ཐོག་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་ཁྲིད་སྟོན་གལ་ཆེན་དང་བསླབ་བྱ་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཚོགས་འདུ་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གྱི་ཕྱོགས་བསྡོམས་ཚོགས་འདུ། ཁུལ་ཨུའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་བཅས་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ནས། རང་ཁུལ་གྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་ལས་ཀའི་ཕན་འབྲས་དང་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་ཏེ། སློབ་གསོ་དག་ཐེར་གྱི་རྗེས་སྐྱོང་ལས་ཀ་ཏན་ཏིག་ངང་ལེགས་སྒྲུབ་བྱས་ནས་ཏང་ལ་དོ་དམ་དང་ཉེན་རྟོག་པར་བཅོས་སྐྱོང་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏིང་ཟབ་བཏང་སྟེ་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད།།



  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ནུས་ཁུངས་གཙང་མ་གསར་སྦོལ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་ཁྲིད་སྟོན་གནང་།
  • ལེ་ཚན་རྗེས་མ།:བདེ་འཇགས་ཀྱི་འགོག་སྲུང་དྲ་བ་དམ་དུ་བཙུགས་ཤིང་ནགས་ཚལ་མེ་ཟོན་གྱི་སྲུང་ར་སྲ་བརྟན་དུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།