ལོ་སར་རྟེན་འབྲེལ་གཡང་ཆགས་མ།

ཁ་བ་ན་རོ།        2022-03-02

ལོ་གསར་པ་གོས་ཡག་གྱོན་ཡག་ཡིན་རེད།།

མི་ཐམས་ཅད་འཇའ་ཚོན་སྣ་ལྔ་འདྲ་ལེ།།

ལོ་གསར་པ་ཟས་མཆོག་བཅུད་ལྡན་ཡིན་རེད།།

ཤ་ཚིལ་ཞག་ཟས་རིགས་སྣ་མང་འཛོམས་ལེ།།

ལོ་གསར་པ་བཀྲ་ཤིས་རྟགས་བརྒྱད་ཡིན་རེད།།

གཡང་སྡེར་ཁ་ཅན་ཞིག་བསྒྲིགས་ནས་ཡོད་ལེ།།

ལོ་གསར་པ་མཐུན་པ་སྤུན་བཞི་ཡིན་རེད།།

ནང་འགྲིག་པོ་མཐུན་པོ་རྟག་བརྟན་ཡིན་ལེ།།

ལོ་གསར་པ་བསང་དུད་སྔོན་པོ་ཡིན་རེད།།

ཚེ་བསོད་ནམས་འཕེལ་བའི་མཚོན་རྟགས་ཡིན་ལེ།།

ལོ་གསར་པ་དུང་གི་རྒྱང་འབོད་ཡིན་རེད།།

ཚེ་རླུང་རྟ་དར་བའི་སྨོན་ལམ་ཡིན་ལེ།།

ལོ་གསར་པ་ཞོགས་པའི་སྐྱ་རེངས་ཡིན་རེད།།

རྟགས་རྟེན་འབྲེལ་ཁ་གཡང་ཆད་མེད་ཡིན་ལེ།།

ལོ་གསར་པ་འོ་ཇའི་མཆོད་མགོ་ཡིན་རེད།།

སྐྱིད་གཞིས་ཁྱིམ་འཛོམས་པའི་བདེ་སྐྱིད་ཡིན་ལེ།།

ལོ་གསར་པ་ནས་ཆང་མངར་མོ་ཡིན་རེད།།

ཕ་ཨ་ཁུའི་དགོད་སྒྲ་ལྷང་ལྷང་ཡིན་ལེ།།

ལོ་གསར་པ་གླུ་སྐད་དྭངས་མོ་ཡིན་རེད།།

རང་ཁ་བའི་ཡུལ་གྱི་ཁྱད་ཆོས་ཡིན་ལེ།།

ལོ་གསར་པ་ཤོག་སྦག་གད་སྒྲ་ཡིན་རེད།།

ཆུང་ན་ཟླ་བློ་རིག་རྒྱས་པ་ཡིན་ལེ།།

ལོ་གསར་པ་བཀྲ་ཤིས་གཡང་འཁྱིལ་ཡིན་རེད།།

ལས་ཅི་བྱ་བར་ཆད་མེད་པར་སྨོན་ནོ།།



  • ལེ་ཚན་སྔོན་མ།:གནམ་ལོ་གསར་པ་ཤར་བྱུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།