ད་ལོར་རང་ཁུལ་གྱིས་འགྲིམ་འགྲུལ་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།

ཐུབ་ཀྱིས་བསྒྱུར།        2022-03-03

ད་ལོར་རང་ཁུལ་གྱིས་འགྲིམ་འགྲུལ་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།

    ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་ལག་ལེན་བསྟར་བའི་ལོ་གལ་ཆེན་ཞིག་རེད། ད་ལོ་དང་སླད་ཕྱིན་དུས་སྐབས་ཤིག་གི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་འཆར་འགོད་དང་ཡག་པོ་བསྒྲུབ་རྒྱུ་ནི་དམངས་འཚོའི་མཐིལ་ཚད་དམ་དུ་སྲུང་བའི་སྒྲུབ་དགོས་ངེས་ཀྱི་འགན་འཁྲི་ཡིན་ལ། མི་དམངས་ཀྱི་བློ་ལ་འབབ་པའི་འགྲིམ་འགྲུལ་འཛུགས་སྐྲུན་བྱེད་པའི་དགོས་ངེས་ཀྱི་དོན་སྙིང་ཡང་ཡིན་པ་རེད།

ད་ལོར་རང་ཁུལ་གྱིས་འགྲིམ་འགྲུལ་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།


ད་ལོར་རང་ཁུལ་གྱིས་འགྲིལ་འགྲུལ་སྐྱེལ་འདྲེན་ཐད་ལ་གཙོ་བོ་གཤམ་གྱི་ལས་དོན་ཁག་བསྒྲུབ་རྒྱུ་སྟེ།

གཅིག། ལས་གཞི་འཛུགས་སྐྲུན་ཐད་མ་དངུལ་འཇོག་ཚད་ཇེ་མཐོར་བཏང་ནས་ཕན་འབྲས་ཐོན་པ་བྱ་རྒྱུ་རེད། ལོ་ཧྲིལ་པོར་སྒོར་དུང་ཕྱུར100ཡན་གཏང་བ་སྟེ། ལས་གཞི་གཙོ་བོའི་ཐད་ལ་སྒོར་དུང་ཕྱུར89.9གཏང་རྒྱུ་དང་། རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོ་གསོ་བ་དང་གནོད་སྐྱོན་ཐེབས་རྗེས་བསྐྱར་སྐྲུན་གྱི་ཐད་ལ་སྒོར་དུང་ཕྱུར1.1གཏང་རྒྱུ། ཁྲོན་བོད་ལྕགས་ལམ་གྱི་ལེ་ལག་ཆ་འགྲིག་ཁོངས་སུ་གཏོགས་པའི་ཞིང་སྡེའི་གཞུང་ལམ་ཐད་ལ་མ་དངུལ་སྒོར་དུང་ཕྱུར9.5གཏང་རྒྱུ། དེ་མིན་ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མགྱོགས་ལམ་དང་། རྒྱལ་སྲུང་གཞུང་ལམ318པའི་རྒྱུ་ལའི་ཕུག་ལམ་སོགས་མུ་སྐྲུན་ལས་གཞི24འཛུགས་སྐྲུན་བྱ་རྒྱུ། དར་མདོ་ནས་ར་རྔ་ཁ་བར་གྱི་མགྱོགས་ལམ་དང་། སྡེ་རོང་ཝ་ཁའི་འབྲི་ཆུའི་ཟམ་ཆེན། སེར་ཤུལ་སྨན་འབྲས་ཀྱི་འབྲི་ཆུའི་ཟམ་ཆེན་སོགས་ལས་གཞི11གསར་དུ་བསྐྲུན་རྒྱུ། དེ་དང་མཉམ་དུ་འབར་ཁམས་ནས་དར་མདོའི་བར་གྱི་མགྱོགས་ལམ་དང་། སེར་ཤུལ་ནས་དཀར་མཛེས་བར་གྱི་མགྱོགས་ལམ། ཞིང་ཆེན་རིམ་པའི་གཞུང་ལམ432པ་པའོ་ཞིང་ས་མཚམས་ནས་སྐྱིད་ཐང་གི་ཆུ་ཁ་ཟམ་ཆེན་སོགས་ཀྱི་ལས་གཞིའི་སྔོན་ཚུད་ལས་དོན་བསྒྲུབ་དགོས།  

ད་ལོར་རང་ཁུལ་གྱིས་འགྲིམ་འགྲུལ་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།

   གཉིས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས།  དེ་ཡང་དོན་དག་ལྔ་ཡག་པོ་བསྒྲུབ་པ་སྟེ། གཅིག་ནི་མུ་མཐུད་དེ་འགྲིམ་འགྲུལ་དབུལ་སྐྱོར་གྱི་གྲུབ་འབྲས་རྒྱ་སྐྱེད་དུ་གཏོང་བ་སྟེ། གྲོང་སྡེ་ཟླ་སྒྲིལ་གཏོང་བའི་ཐོགས་མེད་འགྲོ་ལམ་སྤྱི་ལེ50དང་གྲོང་སྡེ་མཛེས་སྡུག་ལྡན་པའི་འགྲོ་ལམ་སྤྱི་ལེ100དང་། དུད་ཚང30ཡན་གྱི་ཚོ་ཁག་གི་ཨར་འདམ་གཞུང་ལམ་སྤྱི་ལེ80དང་། དགོན་སྡེར་བསྐྱོད་པའི་འགྲོ་ལམ་སྤྱི་ལེ24དང་། ཟམ་པ་རྙིང་རལ་སྨི1500བཅོས་སྐྲུན་བཅས་བྱ་དགོས། གཉིས་ནི་ཞིང་སྡེའི་འགྲོ་ལམ་ཡག་པོ་བཞི་མུ་མཐུད་དེ་སྐྲུན་པ་སྟེ། དར་མདོ་གྲོང་ཁྱེར་དང་གསེར་རྟ་རྫོང་གིས་ཞིང་སྡེའི་འགྲོ་ལམ་ཡག་པོ་བཞིའི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་གསར་འཛུགས་བྱ་རྒྱུ་དང་ལྕགས་ཟམ་རྫོང་དང་ལི་ཐང་རྫོང་གིས་ཞིང་སྡེའི་འགྲོ་ལམ་ཡག་པོ་བཞིའི་ཞིང་ཆེན་རིམ་པའི་དཔེ་སྟོན་རྫོང་གསར་འཛུགས་བྱེད་པར་རོགས་དན་བྱ་རྒྱུ། གསུམ་ནི་ཞིང་སྡེའི་གཞུང་ལམ་བདག་སྐྱོང་དོ་དམ་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ་རིམ་པ་གསུམ་གྱི་གཞུང་ལམ་ལམ་དཔོན་ལམ་ལུགས་ཟབ་སྤེལ་བྱ་དགོས། བཞི་ནི་ཐོགས་མེད་ལས་གྲྭ་མུ་མཐུད་དེ་སྤེལ་བ་སྟེ། འགྲུལ་སྐྱེལ་དང་སྦྲག་སྲིད་མྱུར་སྐྱེལ། ཟོང་འགྲུལ། ཡུལ་སྐོར་བཅས་ཡག་པོ་གཉེར་ཞིང་། སྲིད་ཇུས་དྲིལ་བསྒྲགས་དང་གཞི་རིམ་བཅོས་སྐྱོང་། འཚུབ་བསྟུན་རོགས་སྐྱོབ། ཚོང་ལས་སྤེལ་བ་བཅས་ཀྱི་ནུས་པ་ཆེ་རུ་གཏང་དགོས། ལྔ་ནི་མུ་མཐུད་དེ་གྲོང་ཡུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གཞི་གཅིག་ཅན་གྱི་ཚོད་ལྟ་ལས་ཀ་སྤེལ་བ་དང་། གསེར་རྟ་རྫོང་གིས་རྒྱལ་ཡོངས་ཀྱི་གྲོང་ཡུལ་འགྲིམ་འགྲུལ་སྐྱེལ་འདྲེན་གཞི་གཅིག་ཅན་གྱི་དཔེ་སྟོན་རྫོང་ཚན་པ་གཉིས་པའི་གསར་འཛུགས་ལས་དོན་འཚོལ་ཞིབ་བྱེད་པར་ཁྲིད་སྟོན་བྱ་དགོས།

ད་ལོར་རང་ཁུལ་གྱིས་འགྲིམ་འགྲུལ་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།
ད་ལོར་རང་ཁུལ་གྱིས་འགྲིམ་འགྲུལ་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།

 གསུམ། ཨར་ལས་སྤུས་ཀ་ཅན་གསར་འཛུགས་ཡག་པོ་བྱ་དགོས། དེ་ཡང་དོན་དག་བཞིའི་ཐད་ནས་དམ་འཛིན་བྱ་དགོས་པ་སྟེ། གཅིག་ནི་གཞི་རྩའི་འཛུགས་སྐྲུན་གྱི་གོ་རིམ་ནན་པོ་བྱ་རྒྱུ། གཉིས་ནི་ཨར་ལས་ཀྱི་འཛུགས་སྐྲུན་རིན་གོང་དོ་དམ་ནན་པོ་བྱ་རྒྱུ། གསུམ་ནི་ཨར་ལས་ཀྱི་སྤུས་ཚད་དོ་དམ་ནན་པོ་བྱ་རྒྱུ། བཞི་ནི་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་དོན་འཁྱོལ་ནན་པོ་བྱ་རྒྱུ།

ད་ལོར་རང་ཁུལ་གྱིས་འགྲིམ་འགྲུལ་ལས་ཀ་འདི་འདྲ་བསྒྲུབ་རྩིས་ཡོད།

 བཞི། ཐོན་སྐྱེད་ཉེན་མེད་ཀྱི་མཐིལ་ཚད་བརྟན་སྲུང་བྱ་དགོས། དེ་ཡང་ཕྱོགས་བཞི་ནས་བསྒྲུབ་དགོས་པ་སྟེ། གཅིག་ནི་རིམས་ཚུལ་འགོག་ཟོན་རྒྱུན་རྣམ་ཅན་དུ་དམ་འཛིན་ཡག་པོ་བྱེད་པ་དང་། མུ་མཐུད་དེ་རིམས་ནད་ཕྱི་ནས་འགོ་བ་དང་ནང་ནས་བསྐྱར་དུ་ལོག་པ་སྔོན་འགོག། མི་དང་དངོས་ཟོག་མཉམ་འགོག་བཅས་ཀྱི་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་ཞིང་། དཔྱིད་གསར་དུས་ཆེན་སོགས་དུས་མཚམས་གནད་ཆེ་དུས་ཀྱི་འགོག་ཟོན་ལས་དོན་དམ་འཛིན་མངོན་གསལ་བྱ་དགོས། གཉིས་ནི་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལས་དོན་ཡག་པོ་སྒྲུབ་པ་དང་། འགྲུལ་འཁོར་དང་ཡུལ་སྐོར་བོགས་བླངས་འགྲུལ་འཁོར། ཉེན་ཁ་ཅན་གྱི་དངོས་རྫས་སྐྱེལ་འདྲེན་རླངས་འཁོར། དེ་བཞིན་ཟོང་འཁོར་ཆེ་རིགས་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས་ཆེད་དོན་བཅོས་སྒྲིག་བྱས་ཏེ། ཟོང་འདྲེན་རླངས་འཁོར་མཐོ་ཚད་དང་ཐེག་ཚད་ལས་བརྒལ་བ་བཅོས་སྐྱོང་དང་ཁུངས་མགོ་ནས་དོ་དམ་བྱ་རྒྱུ། གསུམ་ནི་འཚུབ་བསྟུན་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་འགུལ་དང་ཆུ་ལོག། གངས་འཁྱག་སོགས་གནོད་འཚེའི་ཆེད་དོན་སྔོན་བཀོད་དང་ལེན་གོ་རིམ་དང་ཐག་གཅོད་གོ་རིམ་མུ་མཐུད་དེ་ལེགས་འགྱུར་གཏོང་ཞིང་། འཚུབ་བསྟུན་ཉེན་སྐྱོབ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་རྒྱག་པ་དང་། ལས་རིགས་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་ཆ་འཕྲིན་འཚུབ་བསྟུན་ཐག་གཅོད་གོ་རིམ་ཚད་ལྡན་དུ་གཏང་དགོས། ལྔ་ནི་འགྲིམ་འགྲུལ་ཉེན་མེད་ཡོང་བ་བྱེད་པ་དང་། ལས་རིགས་ཀྱི་གནད་དོན་མངོན་གསལ་ཆེ་བ་ལ་ཆེད་དོན་བཅོས་སྒྲིག་བྱ་དགོས། 




  • ལེ་ཚན་སྔོན་མ།:བདེ་འཇགས་ཀྱི་འགོག་སྲུང་དྲ་བ་དམ་དུ་བཙུགས་ཤིང་ནགས་ཚལ་མེ་ཟོན་གྱི་སྲུང་ར་སྲ་བརྟན་དུ་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།