ཞིང་སྤྱོད་དངོས་རྫས་ཉོ་སྐབས་དོ་སྣང་བྱེད་དགོས་པ་འགའ།

        2022-03-04

ཞིང་སྤྱོད་དངོས་རྫས་ཉོ་སྐབས་གཏུམ་ཤོག་ཚད་ལྡན་ཡིན་མིན་དང་ཤོག་བྱང་ཆ་ཚང་ཡིན་མིན།ཚད་མཐུན་ལག་ཁྱེར་ཡོད་མེད།རྒྱུ་ཆའི་ཐོ་འགོད་ལག་ཁྱེར་གྱི་ཨང་གྲངས།བཟོ་གྲྭའི་མིང་དང་གནས་ཡུལ།ཚོང་རྟགས།བཟོ་བའི་དུས་ཚོད།སྤུས་ཚད་འགན་ལེན་བྱེད་ཡུན་དང་བེད་སྤྱོད་བྱེད་སྟངས་ཀྱི་གསལ་བཤད་སོགས་ལ་ལྟ་ཞིབ་བྱ་རྒྱུར་གཟབ་གཟབ་བྱ་དགོས།ཤོག་ཐུམ་ཁ་ཕྱེ་ནས་སིལ་ཚོང་གི་ས་བོན་དང་ཞིང་སྤྱོད་སྨན་རྫས།རྫས་ལུད་སོགས་ཉོ་སྒྲུབ་བྱེད་མི་རུང་།ཉོ་སྒྲུབ་བྱེད་སྐབས་ཚོང་གཉེར་སྡེ་ཚན་གྱི་གཞུང་ཐེལ་ཡོད་པའི་ཡིད་ཆེས་ཀྱི་བྱང་བུ་དང་དངོས་རྫས་ཉོ་སྒྲུབ་བྱེད་པའི་འཛིན་ཡིག་བླང་དགོས་པར་མ་ཟད།ཉོ་སྒྲུབ་བྱེད་པའི་དུས་ཚད་དང་ཐོན་རྫས་ཀྱི་མིང་།གྲངས་ཀ།རིམ་པ།ཚད་གཞི།ཨང་རྟགས།རིན་གོང་སོགས་ཆ་འཕྲིན་གཙོ་བོ་གསལ་པོ་འགོད་ཡོད་དགོས།

 རྩོམ་སྒྲིག་པས་འཚོད་སྡུད་བྱས།


  • ལེ་ཚན་སྔོན་མ།:གངས་ཅན་ཚེ་རིང་དཀར་ཐུད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།