སློབ་ཕྲུག་ལ་ཕུལ་བའི་སྙིང་གཏམ།

ཁ་བ་ན་རོ།        2022-03-09

ཟླ་བ་དྲུག་པ་འདིར། ཤེས་རིག་གི་དགའ་ཚལ་ནས།

ཁྱེད་ཚོ་ཁྲ་ལམ་ལམ་ངང་བཞད་འོངས་པ་མཐོང་ཚེ།

ཁྱེད་ཅག་གི་ལམ་བུ་དང་རྒྱང་རིང་གི་མི་ཚེ་དྲན་ཡོང་།

སྙིང་ཉེ་བའི་སློབ་ཕྲུག་ཚོ།

ཁྱེད་ཚོའི་ཕྱི་ནང་གི་དྭངས་གཙང་ཡོད་ཚད་ལ།

དུས་མཐའི་མུན་པ་ནག་པོ་མ་བྱུག་གོང་འདིར།

ཕ་ཡུལ་གྱི་རྨོངས་མུན་གྱི་སེམས་པ་འཇོམས་ཆེད།

མུན་པ་མ་བྱུག་པའི་ཁྱེད་ཅག་གི་འོད་ཟེར་འཕྲོས་ན་བསམ་བྱུང་།

དེ་མིན།

རྒྱུ་འབྲས་ཀྱི་བློ་མིག་དབེན་པའི་མི་གཞན་གྱིས།

ཁྱོད་ཚོའི་དྭངས་གཙང་གི་སེམས་དཀར་བརྙོགས་ནས།

ཅི་ཡིན་འདི་ཡིན་མེད་པའི་མུན་ནག་གི་ལམ་བུར་འཕེན་སྲིད།

ཡིན་ནའང་། སློབ་ཕྲུག་ཚོ།

ཁྱོད་ཚོ་ངེས་པར་དུ་བྲག་རི་ལྟར་བརྟན་ནས།

ཕ་ཡུལ་གྱི་གཏིང་རིང་བའི་རྨོངས་མུན་

གྱི་སེམས་པ་དེ་བརྗེད་ག་ལ་རུང་།



  • ལེ་ཚན་སྔོན་མ།:དྲན་དཀྱིལ་འབྲོག་མོའི་སྣང་བརྙན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།