ནང་སེམས་ཀྱི་དྲན་པ།

ཁམས་པ་རབ་དབྱངས།        2022-03-09

ཕྱི་དྲོ་དེར་ཉི་ནུབ་ཀྱི་འོད་ཟེར་རི་རྩེ་ལ་འཆར་དུས།

ང་ལ་རྒྱང་རིང་གི་མི་ཞིག་དྲན་པ་བསླངས་སོང་།

གསོན་ཤུགས་བྲལ་བའི་ཉི་ཟེར་དེས།

ང་ལ་འདས་དོན་མང་ཙམ་དྲ་བ་ཕྱེས་སོང་།

ལོ་མང་པོའི་སྔོན་གྱི་བྱ་བ་ཞིག

དེ་རིང་བྱུང་བ་ལྟར་དྲན་བྱུང་།

སྐྱེ་བ་འདིའི་ཕ་རོལ་ན།

ལོ་ཟླ་འདིའི་མདུན་ཕྱོགས་ན།

དུས་ཚོད་འདི་ག་ཙམ་ནས།

ངའི་སྤྱན་ཆུ་ཡི་ཕྲེང་བ་འཐོར་ས་ཁྱེད་རང་ཡོད་དོ།།

ཕྱི་དྲོ།

ཉི་མ་ལ་མགོ་ལ་བརྒྱབ།

ས་སྲོད་སྨག་ལ་རུབ།

སྐར་མ་སྨིན་དྲུག་ཤར་རྗེས།

ཁྱོད་རང་ཞེ་གཏིང་ནས་དྲན་སོང་།

ཞེ་གཏིང་ནས་དྲན་པ་ནི།

ཡིང་འོང་གི་རྒྱབ་གཟུགས་རེད།

སྤྱན་ཆུ་འཐོར་སའི་ཞལ་ངོ་རེད།

ཉི་འོད་ཀྱི་གྲིབ་མ་ཕོག་རྗེས།

གདོང་རས་ཀྱི་དངུལ་ཆུ་བཞུས་འགྲོ།

བརྗེད་དུ་མེད་པ།

སྐྱེ་བ་ད་རེས་མ་རེད།

མཐའ་མཇུག་གི་ཉིན་དེར་རེད།

ཞེ་ཆགས་རབ་རིབ་འདི།

ད་ཚོད་ཀྱི་འཇིག་རྟེན་མ་རེད།

སེམས་པའི་ཐང་ཆེན་གྱི་རྒྱབ་གཟུགས་དེ་རེད།

ལས་སྐལ་གྱི་རྫོགས་ཚིག་འདི།

གདུང་བ་ལྕི་མོ་མ་རེད།

དམ་ཚིག་གི་མེ་ལོང་བོར་བ་དེ་རེད།

མིག་མཐར་འཁྱིལ་བ་འདི།

སྐྱེ་འཆི་འདུ་བྲལ་གྱི་མཆི་མ་མ་རེད།

ནང་སེམས་ཀྱི་ཆབ་རོམ་ཞུ་བའི་ཆུ་ཐིགས་དེ་རེད། 


  • ལེ་ཚན་སྔོན་མ།:ས་སྲོད་ཀྱི་དྲན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།