ཚེས5ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་དུ་འཚོགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་ལས་དོན་སྙན་ཞུ་གནང་བ་རེད།
1 ད་ལོ་མཚལ་ཡིག་ཚད2.8%ཡས་མས་བཀོག་སྒྲིག་བྱེད་འཆར་ཡོད་པ་དང་ན་ནིང་ལས་དམའ་རུ་གཏོང་རྒྱུ་ཡིན་པ།2 འགྲོ་སོང་གཏོང་ཚད་ན་ནིང་ལས་སྒོར་དུང་ཕྱུར་ཁྲི་2ཡན་མང་དུ་གཏོང་རྒྱུ།3 ཀྲུང་དབྱང་གིས་ས་གནས་ལ་སྤོ་སྒྱུར་གཏོང་སྤྲོད་བྱེད་ཚད་ཧ་ལམ་སྒོར་དུང་ཕྱུར་ཁྲི་1.5ཙམ་མང་དུ་གཏོང་རྒྱུ་དང་ཁྱོན་སྒོར་དུང་ཕྱུར་ཁྲི་9.8ཙམ་ཟིན་རྒྱུ་དང་། 18%འཕར་རྒྱུ་ཡིན་པ་དེ་ལོ་མང་རིང་འཕར་ཚད་ཆེ་ཤོས་ཡིན།4 ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་དེ་བས་མང་བ་ཐད་འབྱོར་ཁྱབ་ཁོངས་སུ་འཇུག་རྒྱུ་ཡིན་པ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཀྱང་གྲོང་ཁྱེར་དང་རྫོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ།5 ད་ལོ་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་སྒོར་དུང་ཕྱུར་ཁྲི་3.65བཀོད་སྒྲིག་བྱེད་འཆར་ཡོད་པ།6 འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་ཀྱི་མཁོ་སྤྲོད་འགན་སྲུང་བྱ་རྒྱུ།
7 དམངས་འཚོ་དང་ཁེ་ལས་རྒྱུན་ལྡན་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་གློག་གི་དགོས་མཁོ་འགན་སྲུང་བྱ་རྒྱུ།8 ཁྱོན་ཡོངས་ནས་གྲོན་ཆུང་འཐབ་ཇུས་ལག་བསྟར་བྱ་རྒྱུ།9 དངུལ་རྩ་བརྟན་འཇགས་ཀྱི་འགན་སྲུང་ཐེབས་རྩ་འཛུགས་རྒྱུ་ཡིན་པ།10 གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་ལ་དུས་རིམ་རང་བཞིན་གྱིས་གནས་ཐང་འཕར་ཁྲལ་རྩ་ཆག་གཏོང་རྒྱུ།11 ཁེ་ལས་ཆུང་ཕྲན་གྱི་ལོ་འཁོར་འཇལ་སྤྲོད་ཁྲལ་ཚད་སྒོར་ཁྲི་100ནས་ཁྲི་300བར་ཡིན་པའི་ཆ་ཤས་ལ་ཡང་བསྐྱར་ཁེ་ལས་ཀྱི་ཐོབ་ཁྲལ་ཕྱེད་ཀ་ཉུང་འཕྲི་བྱ་རྒྱུ།12 ད་ལོ་ཕྱིར་སྤྲོད་ཁྲལ་དངུལ་ལ་ཁྲལ་སློག་ཤུགས་ཆེན་བྱ་རྒྱུ་ཡིན་པ། སྔོན་ལ་ཁེ་ལས་ཆུང་ཕྲན་ལ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་དང་། ཁེ་ལས་ཆུང་ཕྲན་གྱི་གསོག་འཇོག་ཁྲལ་དངུལ་ཟླ་6པའི་ཟླ་མཇུག་གོང་ལ་ཐེངས་གཅིག་རང་བཞིན་གྱིས་ཡོངས་སུ་ཕྱིར་སློག་བྱ་རྒྱུ་ཡིན་ཞིང་། ཕྱིར་སྤྲོད་ཁྲལ་དངུལ་ཆ་ཚང་ཕྱིར་སློག་བྱ་རྒྱུ་ཡིན་པ།13 སྔོན་དཔག་ལྟར་ན་ལོ་ཧྲིལ་པོར་སྒོར་དུང་ཕྱུར་ཁྲི་2.5ཙམ་ཁྲལ་སློག་ཁྲལ་འཕྲི་བྱ་རྒྱུ་དང་། དེའི་ཁྲོད་ཕྱིར་སྤྲོད་ཁྲལ་སློག་སྒོར་དུང་ཕྱུར་ཁྲི་1.5ཙམ་ཡོད་ཅིང་། ཁྲལ་སློག་མ་དངུལ་ཡོངས་ཐད་ཀར་ཁེ་ལས་ལ་གཏོང་རྒྱུ་ཡིན་པ་རེད།14 མུ་མཐུད་རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ལས་རིགས་དང་ཁེ་ལས་ལ་མ་དངུལ་བསྡུ་རུབ་ཀྱི་རྒྱབ་སྐྱོར་བྱས་ཏེ། ལས་རིགས་རང་བཞིན་གྱི་དངུལ་བུན་ཚོད་འཛིན་དང་དངུལ་བུན་ཕྱིར་འཐེན། དངུལ་བུན་མཚམས་གཅོད་སོགས་མི་འབྱུང་བ་བྱ་རྒྱུ།15 ལས་ཞུགས་རྣམ་པ་གསར་པའི་ལས་རིགས་གནོད་སྐྱོན་འགན་སྲུང་གི་ཚོད་ལྟའི་ས་ཚིགས་སྤེལ་རྒྱུ།16 མུ་མཐུད་དུ་གཞི་རྒྱ་ཆེ་བའི་ལས་རིགས་ལག་རྩལ་གསོ་སྦྱོང་བྱས་ནས། སྤྱི་པའི་དངོས་སྦྱོང་རྟེན་གཞི་ཁག་གཅིག་མཉམ་སྐྲུན་མཉམ་སྤྱོད་བྱ་རྒྱུ།17 སྒོར་དུང་ཕྱུར་1000གི་ལས་ཤོར་འགན་སྲུང་ཐེབས་རྩ་བཀོལ་སྤྱོད་བྱས་ཏེ་ལས་གནས་བརྟན་པོ་དང་གསོ་སྦྱོང་ལ་རྒྱབ་སྐྱོར་བྱས་ནས། བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་ཉེར་མཁོའི་མི་སྣ་གསོ་སྐྱོང་བྱེད་ཤུགས་མགྱོགས་སུ་གཏོང་རྒྱུ།18 ཁྱོན་ཡོངས་ནས་སྲིད་འཛིན་ཆོག་མཐུས་དོན་ཚན་གྱི་གསལ་ཐོའི་དོ་དམ་ལག་བསྟར་བྱ་རྒྱུ།19 གློག་རྡུལ་ལག་འཁྱེར་གྱི་འདྲ་པར་ཕན་ཚུན་ངོས་བཟུང་བྱ་རྒྱུ་སྤྱིའི་ཆ་ནས་མངོན་འགྱུར་བྱས་ཏེ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དོན་དག་ཡུལ་གཞན་དུ་བསྒྲུབ་པའི་གནད་དོན་ཐག་གཅོད་བྱེད་མགྱོགས་སུ་གཏོང་རྒྱུ།20 བརྟན་འཇགས་རྒྱུ་ནོར་ཐོ་འགོད་དང་རླངས་འཁོར་ཞིབ་བཤེར་ལེགས་བསྒྱུར་བྱེད་པ་སོགས་དམངས་བདེའི་བྱེད་ཐབས་འདོན་རྒྱུ།21 ཁྱོན་ཡོངས་ནས་རྐང་འཛིན་འགྲེམ་སྤེལ་ཐོ་འགོད་ལམ་ལུགས་ལག་བསྟར་བྱ་རྒྱུ།22 རྨང་གཞིའི་ཞིབ་འཇུག་གི་ལོ་བཅུའི་འཆར་འགོད་ལག་བསྟར་བྱ་རྒྱུ།23 ཚན་རྩལ་ལམ་ལུགས་སྒྱུར་བཅོས་ཀྱི་ལོ་གསུམ་འགག་སྒྲོལ་ཇུས་གཞི་ལག་བསྟར་བྱ་རྒྱུ།24 ཞིབ་སྤེལ་འགྲོ་གྲོན་གྱི་སྣོན་རྩིས་འཐེན་འཕྲིའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གི་སྣོན་རྩིས་འཐེན་འཕྲིའི་བསྡུར་ཚད་75%ནས་100%བར་མཐོ་རུ་གཏོང་རྒྱུ།25 ཁེ་ལས་ཀྱིས་རྨང་གཞིའི་ཞིབ་འཇུག་ལག་བསྟར་བྱེད་སྐབས་ཁྲལ་བསྡུའི་གཟིགས་སྐྱོང་ལག་བསྟར་བྱ་རྒྱུ།26 ཆེད་ལས་ཅན་དང་ཞིབ་ཚགས་ཅན། ཁྱད་ཆོས་ཅན། དཔེ་གསར་ཅན་བཅས་ཀྱི་ཁེ་ལས་སྐྱེད་སྲིང་ལ་ཤུགས་བརྒྱབ་ནས། མ་དངུལ་དང་ཤེས་ལྡན་པ་གསོ་སྐྱོང་སྟེགས་བུ་སྐྲུན་འཛུགས་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་ཆེན་པོ་བྱ་རྒྱུ།27 མུ་མཐུད་དུ་ནུས་ཁུངས་གསར་པའི་རླངས་འཁོར་འཛད་སྤྱོད་ལ་རྒྱབ་སྐྱོར་བྱ་རྒྱུ།28 སྡེ་ཁུལ་གྱི་རྒན་གསོ་དང་བུ་བཅོལ་ཁང་སོགས་ཆ་བསྒྲིགས་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། འཆར་འགོད་དང་ས་ཆ། ཁང་པ་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་དེ་བས་མང་བ་བྱ་རྒྱུ།29 ཁྱིམ་ཚང་ཞབས་ཞུ་ལས་རིགས་ཀྱི་སྤུས་ཚད་མཐོར་འདེགས་དང་ཤོང་ཚད་རྒྱ་སྐྱེད་ལ་སྐུལ་འདེད་གཏོང་རྒྱུ།30 གྲོང་གསེབ་ཀྱི་དྲ་རྒྱའི་ཚོང་ཁང་དང་མྱུར་སྐྱེལ་ཟོག་འདྲེན་འཕེལ་རྒྱས་གཏོང་རྒྱུ།31 གྲོང་ཁྱེར་དང་གྲོང་རྡལ་ཁག་གཅིག་གི་གཞིས་ཁུལ་རྙིང་པ་སྒྱུར་བཀོད་བྱེད་པའི་ལས་འགོ་ཡང་བསྐྱར་བཙུགས་ནས། གེགས་མེད་ཁོར་ཡུག་འཛུགས་སྐྲུན་དང་རྒན་རྒོན་ལ་འཚམ་པའི་སྒྱུར་བཀོད་ལ་སྐུལ་གདེད་གཏོང་རྒྱུ།32 འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་བརྟན་པོ་ཡོང་བ་བྱས་ནས། སྲན་ཆེན་དང་སྣུམ་རྒྱུ་ཐོན་སྐྱེད་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་རྒྱུ།33 འོས་འཚམ་གྱིས་འབྲས་དང་གྲོ་ཡི་ཉོ་སྒྲུབ་རིན་གོང་དམའ་ཤོས་མཐོ་རུ་གཏོང་རྒྱུ།34 འབྲུ་འདེབས་ཞིང་པར་ཡང་བསྐྱར་ཞིང་སྤྱོད་དངོས་རྫས་ཀྱི་ཁ་གསབ་འགྲེམ་སྤྲོད་བྱས་ནས། ཐོན་ཁུལ་གཙོ་བོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།35 མུའུ་དུང་ཕྱུར་18ཀྱི་རྨོ་ཞིང་ཐིག་དམར་བརྟན་སྲུང་དང་། ཡུན་རིང་གཞི་རྩའི་ས་ཞིང་དབྱེ་གཅོད་འདང་ངེས་དང་དྲང་པོ་བྱས་ནས། རྨོ་ཞིང་ཞིང་མིན་ཅན་དང་འབྲུ་མིན་ཅན་བཀག་འགོག་དང་སྔོན་འགོག་ཏན་ཏིག་བྱ་རྒྱུ།36 ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར་1གསར་འཛུགས་བྱ་རྒྱུ།37 རྒྱལ་ཡོངས་ཀྱི་ཞིང་སའི་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་འགོ་ཚུགས་རྒྱུ།38 རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་་ལེགས་པོ་སྤེལ་ནས་དུས་བཀག་ཟིན་རྗེས་རྫོང་ཡོངས་སུ་ཚོད་ལྟའི་ས་ཚིགས་ཡང་བསྐྱར་ལོ་30རིང་དུ་གཏོང་རྒྱུ།39 གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་སྤེལ་རྒྱུ།40 རྒྱལ་ཁོངས་བརྒལ་བའི་དྲ་ཚོང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་ཁོངས་ཕྱིར་མཛོད་ཁང་ཁག་གཅིག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།41 སོལ་གློག་ནུས་སྲི་དང་ཐན་ཉུང་སྒྱུར་བཀོད་དང་། སྟབས་བསྟུན་རང་བཞིན་གྱི་སྒྱུར་བཀོད། དྲོད་འདོན་སྒྱུར་བཀོད་བཅས་ལ་སྐུལ་འདེད་གཏོང་རྒྱུ། 42 རྒྱུན་སྡོད་མི་འབོར་གྱི་གཞི་ཁྱོན་ལ་གཞིགས་ནས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་བྱས་ཏེ། སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་རྒྱུར་འགན་སྲུང་བྱ་རྒྱུ།43 གྲོང་གསེབ་ཀྱི་ཁ་ཕྱོགས་གཏན་འཁེལ་གྱི་དགེ་རྒན་སྐྱེད་སྲིང་དང་ལས་ཐོག་གསོ་སྦྱོང་། ཐོབ་ཐང་འགན་སྲུང་བཅས་ལ་ཤུགས་སྣོན་རྒྱག་རྒྱུ།44 མུ་མཐུད་དུ་འོས་འགན་སློབ་གསོའི་དུས་རིམ་གྱི་ཁུར་པོ་ཡང་གཏོང་ལས་དོན་ལེགས་པོ་བསྒྲུབ་རྒྱུ།45 ཐབས་ལམ་མང་པོས་ཀུན་ཕན་རང་བཞིན་གྱི་སློབ་ལོ་མ་ལོན་གོང་གི་སློབ་གསོའི་ཐོན་ཁུངས་འཕར་སྣོན་གཏོང་རྒྱུ།46 རང་བྱུང་དང་བཟོ་སྐྲུན་རིག་པ་དང་ཞིང་ལས་རིག་པ། གསོ་བ་རིག་པ་བཅས་ཀྱི་ཆེད་ལས་མི་སྣ་དཀོན་པོ་གསོ་སྐྱོང་བྱེད་ཚད་མགྱོགས་སུ་གཏོང་རྒྱུ།47 སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་གྱི་མི་རེའི་ནོར་སྲིད་རོགས་དངུལ་ཚད་གཞི་ཁག་སོ་སོར་སྒོར་30དང་སྒོར་5མཐོ་རུ་གཏོང་རྒྱུ།48 སྨན་རྫས་དང་རིན་ཐང་ཆེ་བའི་སྨན་མཁོ་རྫས་གཅིག་སྡུད་དང་སྟོན་ཚད་ལྟར་ཉོ་སྒྲུབ་བྱེད་པར་སྐུལ་འདེད་གཏོང་རྒྱུ།49 རྒྱལ་ཡོངས་སྨན་བཅོས་འགན་བཅོལ་གྱི་སྨན་སྤྱོད་ཁྱབ་ཁོངས་སྤྱིའི་ཆ་ནས་གཅིག་གྱུར་ཡོང་བ་བྱ་རྒྱུ།50 མུ་མཐུད་དུ་རིམས་ནད་རྐྱེན་གྱིས་དཀལ་ངལ་འཕྲད་པའི་སྨན་བཅོས་ལས་ཁུངས་ལ་རོགས་སྐྱོར་བྱས་ནས། བུད་མེད་དང་བྱིས་པའི་ཚན་ཁག་དང་དབང་རྩའི་འཕྲོད་བསྟེན། རྒན་རྒོན་གྱི་་གསོ་རིག་སོགས་ཀྱི་ཞབས་ཞུ་མི་འདང་ས་ཁ་སྐོང་བྱ་རྒྱུ།51 རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་་དངུལ་དང་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་འོས་འཚམ་གྱིས་མཐོ་རུ་བཏང་ནས། དུས་ལྟར་ཆ་ཚང་འགྲེམ་གཏོང་བྱེད་པར་ཁག་ཐེག་བྱ་རྒྱུ།52 ལོ་3མན་གྱི་ཕྲུ་གུའི་ལྟ་སྐྱོང་གྲོན་དངུལ་མི་སྒེར་ཐོབ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཕྲི་འཐེན་ཁྲོད་བཅུག་ནས། ཀུན་ཕན་བཅོལ་གསོའི་ཞབས་ཞུ་འཕེལ་རྒྱས་གཏོང་རྒྱུ།53 ཡུན་རིང་བོགས་གཏོང་ཁང་པའི་ཁྲོམ་ར་མགྱོགས་མྱུར་འཕེལ་རྒྱས་དང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཚོང་ཟོག་ཁང་པའི་ཁྲོམ་ར་སྔར་བས་ལེགས་པའི་སྒོ་ནས་ཁང་ཉོ་མཁན་གྱི་ལུགས་མཐུན་སྡོད་ཁང་དགོས་མཁོ་སྐོང་བར་རྒྱབ་སྐྱོར་བྱ་རྒྱུ།54 པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤུལ་དངོས་བེད་སྤྱོད་ལེགས་པོ་བྱེད་པ། མང་ཚོགས་ཉེ་འགྲམ་དུ་ལུས་རྩལ་ར་བའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས། དམངས་ཡོངས་ལ་ལུས་སྦྱོང་གི་སྲོལ་བཟང་ཆགས་པར་སྐུལ་འདེད་གཏོང་རྒྱུ།55 བུད་མེད་དང་བྱིས་པ་བསླུ་འཚོང་གི་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡུང་ནན་པོ་གཏོང་རྒྱུ།56 དྲ་རྒྱའི་བདེ་འཇགས་དང་གྲངས་གཞིའི་བདེ་འཇགས། མི་སྒེར་གྱི་ཆ་འཕྲིན་བཅས་ཀྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།57 ཁྱོན་ཡོངས་ནས་དམག་སྦྱོང་དང་དམག་འཐབ་གྲ་སྒྲིག་གཏིང་ཟབ་བྱས་ནས། སྲ་བརྟན་དང་སྟབས་བསྟུན་གྱིས་དམག་དོན་འཐབ་རྩོད་སྤེལ་རྒྱུ།58 རྒྱལ་སྲུང་སྐུལ་སློང་གི་ལམ་ལུགས་སྒྱུར་བཅོས་ལེགས་འགྲུབ་བྱས་ནས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་ཤུགས་ཆེར་གཏོང་རྒྱུ།59 ཆུ་གློག་ལམ་རླངས་འཕྲིན་སྦྲག་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ།60 བབ་བསྟུན་གྱིས་གྲོང་གསེབ་གསང་སྤྱོད་དང་བཙོག་ཆུའི་གད་སྙིགས་ཐག་གཅོད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ།