ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2022-03-07

སྤྱི་ཟླ3པའི་ཚེས2ཉིན། ཁུལ་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཚོགས་འདུ་ཐེངས་སོ་བདུན་པའི་ཐོག་དང་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏིག་བྱས་ཤིང་། རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་ཚོགས་འདུ་དང་། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཚོགས་འདུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚོགས་འདུ་བཅས་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། ཁུལ་རང་ཉིད་ཀྱིས་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཁུལ་ཡོངས་ཀྱིས་བསམ་བློ་རིག་གནས་དྲིལ་བསྒྲགས་དང་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་བློ་རྩ་བརྟན་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་ཁུལ་ཨུས་གཏན་འཁེལ་བྱས་པའི་སྤྱིའི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་ནས་བརྟན་པོ་གཙོར་བཞག་དང་བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་དང་། གཙོ་གནད་དང་ཁྱོན་ཡོངས་ལས་དོན་ལ་དམ་པོར་དམིགས་ཤིང་། ལས་འགན་གཙོ་བོ་དོན་འཁྱོལ་བཅས་བྱས་ནས་མཐུན་སྒྲིལ་ཕྱུག་འབྱོར་ཞི་མཐུན་མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། ཁུལ་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ནས་སྐབས་བརྗེས་རྗེས་མགོ་ཁྲིད་ཚན་ཁག་གི་བསམ་བློ་ཆབ་སྲིད་དང་འཇོན་ཐང་སྤྱོད་ཚུལ་འཛུགས་སྐྱོང་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཚད་གཞི་ཅན་འཛུགས་སྐྱོང་ལ་ཤུགས་བརྒྱབ་སྟེ་ལས་བྱེད་པ་ཡག་པོའི་ཚད་གཞི་དང“དམིགས་བསལ་བཞིའི”བླང་བྱ་དང་མཐུན་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེ་བསྐྱང་དགོས། དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་བསུ་མ་ཞུ་བ་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་གཙོ་བོར་བཟུང་ནས་དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་བསྒྲིམས། མི་གསར་གསོ་སྐྱོང་། རིག་གནས་དར་སྤེལ། གཟུགས་བརྙན་གསར་འཛུགས་བཅས་ལ་དམིགས་ཏེ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་། གསར་འགྱུར་གླེང་ཕྱོགས། ཕྱི་ཕྱོགས་དྲིལ་བསྒྲགས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མུ་མཐུད་དེ་སྲ་བརྟན་དུ་བཏང་སྟེ་ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་གཏང་དགོས། འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་རྒྱུ་གཞི་རྟེན་དུ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྲ་བརྟན་དུ་གཏང་རྒྱུའི་ལག་ལེན་བྱ་སྤྱོད་སྤེལ་འགོ་ཚུགས་པ་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་སྐུལ་འདེད་ཧུར་ཐག་གཏོང་ཞིང་།འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་ལས་དོན་གྱི་གནས་བབ་ཟབ་ཏུ་སྤེལ་བ། ཁུལ་ཨུའི་མི་རིགས་ལས་དོན་ཚོགས་འདུ་དང་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་འཚོག་རྒྱུའི་གྲ་སྒྲིག་བྱས་ནས་མི་རིགས་མཐུན་འགྲིག་དང་།ཆོས་ལུགས་ཞི་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏང་དགོས།

ཚོགས་འདུའི་ཐོག་ཉེ་དུས་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་དང་། རིམས་ཚུལ་འགོག་ཟོན། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན། ཐོན་སྐྱེད་ཉེན་མེད། དཔྱིད་རྨོད་ཐོན་སྐྱེད། གཙོ་གནད་ལས་གཞི་འཛུགས་སྐྲུན་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།།

  • ལེ་ཚན་སྔོན་མ།:ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:“དར་ལམ་དཀར་མཛེས་ཁུལ་དང་ཁྲོན་ནུབ་ཀྱི་སྦས་ཡུལ”ཞེས་པའི་རིག་གནས་ཡུལ་སྐོར་ཁྱད་རྟགས་ལ་ཀྲུང་གོའི་རིག་གནས་ཡུལ་སྐོར་གྱིIPཚོགས་ཆེན་ཐོག་བྱ་དགའ་ཆེན་པོ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།