རང་ཁུལ་གྱི་བུད་མེད་འདི་ཚོ་ལ་རྟེན་འབྲེལ་ཞུ།

བདེ་ཆེན་གྱིས་བསྒྱུར།        2022-03-08

  རང་ཁུལ་གྱི་བུད་མེད་འདི་ཚོ་ལ་རྟེན་འབྲེལ་ཞུ།

   སྤྱི་ཟླ3པའི་ཚེས7ཉིན་ལ། གསར་འགོད་པས་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་དོན། ཉེ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་རྩ་འཛུགས་དང་སྤྱི་ཚོགས། ལས་རིགས། ཆེད་དོན་བཅས་ཀྱི་འོས་སྦྱོར་ཐབས་ལམ་བརྒྱུད་ནས། 2021ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་གསུམ་བརྒྱད་དར་དམར་བ་དཔེ་བཟང་གདམ་ཡུལ་མི10དང་། སི་ཁྲོན་ཞིང་ཆེན་གསུམ་བརྒྱད་དར་དམར་བ་གདམ་ཡུལ་མི190། སི་ཁྲོན་ཞིང་ཆེན་གསུམ་བརྒྱད་བུད་མེད་དར་དམར་ཚོགས་པར་གདམ་ཡུལ100ཕྱོགས་བསྡུས་སུ་བདམས་ཤིང་། དེའི་ནང་དུ་རང་ཁུལ་གྱི་ཡེ་ཡིའུ་ཞ་དང་ལི་ཆུང་། ཅང་པིང་། ཞེ་མན་ལིང་། ཀྲུའུ་ཞའོ་ཧུང་བཅས་བུད་མེད5ལ་ཞིང་ཆེན་ཡོངས་ཀྱི་གསུམ་བརྒྱད་དར་དམར་བའི་མཚན་སྙན་ཐོབ་པ་དང་། དཀར་མཛེས་ཁུལ་ཤེས་ལྡན་མི་སྣ་སྤེལ་རེས་དང་ལས་ཞུགས་ཞབས་ཞུ་ཅུས་དང་བརྒྱད་ཟིལ་རྫོང་མི་དམངས་སྨན་ཁང་གཉིས་ལ་ཞིང་ཆེན་ཡོངས་ཀྱི་གསུམ་བརྒྱད་དར་དམར་ཚོགས་པའི་མཚན་སྙན་ཐོབ་པ་རེད།

  • ལེ་ཚན་སྔོན་མ།:རྟའུ་རྫོང་སློབ་ཆུང་ཞིག་གིས་སློབ་འགོ་ཚུགས་པའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།