སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་གི་གླེང་གཞི་གལ་ཆེན་དག

    མི་དམངས་དྲ་བ།    2022-03-09

  སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་གི་གླེང་གཞི་གལ་ཆེན་དག

  ཟླ3པའི་ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆིང་གིས་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་། གཙོ་གནད་འདི་དག་ཁྱེད་ཉིད་དང་འབྲེལ་བ་ཡོད།

 གྲོང་གསེབ་དར་རྒྱས་གཏོང་བའི་ཐད། 

   ཞིང་ལས་ཐོན་སྐྱེད་དམ་འཛིན་ཤུགས་ཆེན་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་དེར་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་སྟེ་ཞིང་ལས་ལ་ལོ་ལེགས་དང་ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

མི་རིགས་ས་ཁུལ་ཐད། 

   ཤར་རྒྱུད་ས་ཁུལ་དང་། དབུས་རྒྱུད་ས་ཁུལ། ནུབ་རྒྱུད་ས་ཁུལ། བྱང་ཤར་ས་ཁུལ་བཅས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། ཐོན་ལས་སྐས་རིམ་ལྟར་སྤོ་སྒྱུར་དང་ས་ཁོངས་མཉམ་ལས་ལ་རྒྱབ་སྐྱོར་བྱ་དགོས། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ་བཅས་འཕེལ་རྒྱས་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱ་དགོས། 

སློབ་གསོའི་ཐད། 

   མཐོ་རིམ་སློབ་གྲྭས་སློབ་མ་བསྡུ་བར་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དང་གྲོང་གསེབ་ས་ཁུལ་ལ་གཟིགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱིས་མཉམ་དུ་མི་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། 

སྨན་བཅོས་འགན་བཅོལ་ཐད།

   གྲོང་མིའི་སྨན་བཅོས་འགན་བཅོལ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་སོ་སོར་ཡང་བསྐྱར་སྒོར་30དང་སྒོར་5མཐོ་རུ་གཏོང་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་དགོས།

ཞིང་ལས་ཐད།

   རྫས་ལུད་སོགས་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱས་ཏེ་འབྲུ་རིགས་འདེབས་མཁན་ཞིང་པར་ཞིང་ལས་རྒྱུ་ཆའི་ཁ་གསབ་རོགས་དངུལ་སླར་ཡང་སྤྲོད་པ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་ནས་ཞིང་པས་འབྲུ་རིགས་འདེབས་པར་ལུགས་མཐུན་གྱི་ཕན་པ་ཐོབ་པ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོས་འབྲུ་རིགས་དམ་འཛིན་བྱེད་པར་ནང་གནས་ཀྱི་སྒུལ་ཤུགས་ལྡན་པ་བྱ་དགོས། 

རིག་གནས་ཐད།

   རིག་དངོས་གནའ་རྫས་སྲུང་སྐྱོང་བེད་སྤྱོད་དང་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། 

ལས་ཞུགས་ཐད། 

   དམག་ཞབས་ཐིམས་པའི་དམག་མི་བཀོད་སྒྲིག་དང་ལས་ཞུགས་འགན་ལེན་ཡག་པོ་བྱས་ཏེ་ཞིང་པ་ལས་མི་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་དབང་པོ་སྐྱོན་ཅན་དང་ལས་ཞུགས་མེད་པའི་ཁྱིམ་ཚང་གི་ཁོངས་མིར་ལས་ཞུགས་རོགས་སྐྱོར་བྱེད་དགོས།

དཔྱ་ཁྲལ་ཆག་ཡང་གཏོང་བའི་ཐད། 

   བཟའ་བཏུང་དང་། ཞག་སྡོད། སིལ་འཚོང་། ཡུལ་སྐོར། འགྲུལ་སྐྱེལ་སོགས་ལས་རིགས་ཀྱི་ལས་ཞུགས་ཤོང་ཚད་ཆེ་བ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་བས་རོགས་སྐྱོར་སྲིད་ཇུས་ཁག་ཚང་མར་གཟིགས་སྐྱོང་བྱ་དགོས་པ་དང་། ལས་རིགས་དང་ཁེ་ལས་དེ་དག་གིས་དཀའ་གནད་འཁུར་ཐུབ་པ་དམིགས་ས་ཡོད་པ་བཅས་ལ་རྒྱབ་སྐྱོར་བྱ་དགོས།

 འཛད་སྤྱོད་ཐད།    

   ནུས་རྒྱུ་གསར་པའི་རླངས་འཁོར་གྱི་འཛད་སྤྱོད་ལ་མུ་མཐུད་རྒྱབ་སྐྱོར་བྱས་ནས། ས་གནས་ཀྱིས་ལྗང་མདོག་རིག་ནུས་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་སྐྱེལ་བ་དང་རྙིང་ཚབ་གསར་བརྗེ་བྱེད་པར་སྐུལ་ལྕག་བྱ་རྒྱུ། 


  • ལེ་ཚན་སྔོན་མ།:ཚོགས་ཆེན་གཉིས་ཐོག་གི་གྲངས་ཉུང་མི་རིགས་ཀྱི་མེ་ཏོག་ཚོ་ལྷག་ཏུ་མཛེས།
  • ལེ་ཚན་རྗེས་མ།:མཉམ་དུ་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་ཀྱི་གྲོགས་ཚོམས་ལ་བལྟ།
  • དོ་སྣང་ཆེ་བའི་རྩོམ།