ལས་དོན་སྙན་ཞུ་ཁག་གསུམ་ལ་གསན་ཞིབ་གནང་བ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-03-10

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སྐོང་འཚོགས་བྱས་པ་དང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་གྲོས་ཚོགས་ལ་ཞུགས་པ། ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་གནང་བ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུར་གསན་པ་དང་གྲོས་ཞིབ་གནང་བ།


     སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པས་སྤྱི་ཚེས་8ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་བཅས་ལ་གསན་པ་དང་གྲོས་ཞིབ་གནང་བ་རེད། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

     གྲོས་ཚོགས་ལ་འཐུས་མི་2951ཞུགས་དགོས་པ་དང་། འཐུས་མི་2761ཞུགས་ཡོད་པ། འཐུས་མི་190ཞུགས་མེད་པ། གྲོས་ཚོགས་ལ་ཞུགས་པའི་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

     རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་གནང་བ་རེད། ལི་ཀྲན་ཧྲུའུ་ཡིས་སྙན་ཞུའི་ནང་། སྤྱི་ལོ་2021ལོ་ནི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལོ་རྒྱུས་ཐོག་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་ཡིན། ཏང་ཀྲུང་དབྱང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྲོས་ཚོགས་ཐེངས་དང་པོ་སྐོང་འཚོགས་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་འཕེལ་གཏོང་བ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གང་ལེགས་བསྐྱོན་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལེགས་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་བསྟན་གནང་བ་རེད།

     ལི་ཀྲན་ཧྲུའུ་ཡིས་སྙན་ཞུའི་ནང་། ལོ་གཅིག་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གྱི་རྗེས་སུ་དམ་པོར་འབྲངས་ཐོག མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་འཆང་བའི་རེ་སྒུག་ལ་དམ་པོར་དམིགས་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་དགོས་མཁོར་དམ་པོར་དམིགས་ཏེ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་གཙང་སྒྲུབ་བྱས་ནས་གཙོ་བོ་གཤམ་གསལ་གྱི་ལས་དོན་བསྒྲུབས་པ་སྟེ། གཅིག་ནི་རྩ་ཁྲིམས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་སྔར་བས་འཐུས་ཚང་དུ་བཏང་སྟེ། རྩ་ཁྲིམས་ཀྱི་ཆེས་མཐོའི་བཅའ་ཁྲིམས་ཀྱི་གནས་བབ་དང་། དབང་གྲགས་དང་ཕན་ནུས་སྲུང་སྐྱོང་བྱས་ཡོད། ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་བཀོད་ཡིག་ཆ་དང་པོ་དང་ཟུར་བཀོད་ཡིག་ཆ་གཉིས་པར་བཟོ་བཅོས་བརྒྱབ་ནས་ཤང་ཀང་གི་བཅའ་ཁྲིམས་གནས་བབ་དང་དོན་དངོས་གནས་ཚུལ་དང་མཐུན་པའི་དམངས་གཙོའི་འདེམས་བསྐོའི་ལམ་ལུགས་ཆ་ཚང་ཞིག་ཆགས་པ་བྱས་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་བྱ་སྤྱོད་ཡོ་བསྲང་བྱས་ནས་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོང་བྱས་ཡོད། གཉིས་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ལ་དམིགས་ནས་ཁྲིམས་འཛུགས་དང་བཅའ་ཁྲིམས་བཟོ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བཅའ་ཁྲིམས་ཀྱི་འགན་སྲུང་མཁོ་འདོན་བྱས་ཡོད། ལོ་གཅིག་གི་རིང་ལ་བཅའ་ཁྲིམས་ཁག་17གཏན་འབེབས་བྱས་པ་དང་། བཅའ་ཁྲིམས་ཁག་22ལ་བཟོ་བཅོས་བརྒྱབ་ཅིང་། བཅའ་ཁྲིམས་ཀྱི་གནད་དོན་དང་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཆོད་དོན་ཁག་10བཟོས་ཡོད། གསུམ་ནི་ལྟ་སྐུལ་བྱེད་ཤུགས་དང་ཕན་འབྲས་ཇེ་ཆེར་བཏང་སྟེ། སྲིད་གཞུང་གཅིག་དང་ཨུ་ཡོན་ལྷན་ཁང་གཅིག ཁང་གཉིས་བཅས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ལྟ་སྐུལ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་འགན་སྲུང་བྱས་ཡོད། བཞི་ནི་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་བྱས་པ་དང་འགན་སྲུང་བྱས་ནས་འཐུས་མིའི་ནུས་པ་འདོན་སྤེལ་བྱ་རྒྱུ་དེ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ཡོད། ལྔ་ནི་རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་ལས་དོན་ལ་སྐུལ་འདེད་བཏང་ཡོད། དྲུག་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཞི་རྩའི་ངེས་གནས་མཐའ་འཁྱོངས་ཀྱིས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད་ཅེས་བསྟན་གནང་ཡོད།

     སྙན་ཞུའི་ནང་། ལི་ཀྲན་ཧྲུའུ་ཡིས། ལོ་གཅིག་གི་རིང་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་བློ་སྒོ་འབྱེད་ཆེ་ཤོས་དེ་ནི་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་གཅིག་གྱུར་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱ་རྒྱུ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དེ་ཏང་གིས་རྒྱལ་ཁབ་ཀྱི་སྲིད་དབང་ལས་ཁུངས་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་ཞིག་དང་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དེ་ཏང་ཀྲུང་དབྱང་གིས་བསྟན་པའི་ཁ་ཕྱོགས་ལྟར་གོང་འཕེལ་གཏོང་རྒྱུར་འགན་ལེན་བྱ་རྒྱུ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་འགྲོ་ལམ་བརྒྱུད་དེ་མདུན་དུ་བསྐྱོད་རྒྱུར་འགན་ལེན་བྱ་རྒྱུ་བཅས་ཡིན་ཞེས་བསྟན་འདུག

     ལི་ཀྲན་ཧྲུའུ་ཡིས་སྙན་ཞུའི་ནང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་ཁྲོད་ད་དུང་ཧེ་བག་དང་མི་འདང་བའི་ཆ་ཡོད་པས། རང་ངོས་ཀྱི་ནུས་པ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ལས་ཀའི་སྤུས་ཚད་དང་ཆུ་ཚད་ལེགས་བཅོས་དང་མཐོ་རུ་བཏང་སྟེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་གཟི་བརྗིད་ཀྱི་འགན་འཁྲི་ཏན་ཏིག་ངང་འཁུར་དགོས་ཞེས་གསུངས་ཡོད་པ་རེད།

     སྙན་ཞུའི་ནང་། ལི་ཀྲན་ཧྲུའུ་ཡིས། སྤྱི་ལོ་2022ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ། ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ནུས་ལྡན་བྱེད་པ། བརྟན་པོ་ཨང་དང་པོར་འཇོག་པ་དང་བརྟན་པོའི་ཁྲོད་ཡར་རྒྱས་ཡོང་བ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་གཞིར་བཟུང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཟམ་མི་ཆད་པར་གོང་འཕེལ་གཏོང་བ་དང་། ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་ཚབ། ཕྱི་ཕྱོགས་ལས་དོན་བཅས་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་དམངས་འཐུས་ཚོགས་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཏན་ཏིག་ངང་མཐོ་རུ་གཏོང་བ་བཅས་བྱས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་གནང་ཡོད།

     ལི་ཀྲན་ཧྲུའུ་ཡིས་སྙན་ཞུའི་ནང་འབྱུང་འགྱུར་ལོ་གཅིག་རིང་གི་ལས་འགན་གཙོ་བོ་བཀོད་སྒྲིག་གནང་བ་སྟེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཀྲུང་དབྱང་མི་དམངས་འཐུས་ཚོགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་རྒྱུ་དང་། ཆ་ལག་ཚང་བའི་ལམ་ལུགས་མ་ལག་གིས་རྩ་ཁྲིམས་ལག་ལེན་བསྟར་རྒྱུར་འགན་ལེན་བྱ་རྒྱུ། ཁྲིམས་འཛུགས་ལས་དོན་གྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་རྒྱུ། ཁྲིམས་ལུགས་ཀྱི་ལྟ་སྐུལ་དང་ལས་ཀའི་ལྟ་སྐུལ་ནན་ཏན་ངང་བྱ་རྒྱུ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ། མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་ལས་དོན་ནན་ཏན་ངང་བསྒྲུབ་རྒྱུ། “ཚན་པ་བཞིའི་”བླང་བྱ་ལྟར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཡིན་པ་རེད།

     ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ཀྲོའུ་ཆང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་གནང་སྐབས། སྤྱི་ལོ་2021ལོར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཟོལ་མེད་ངང་བསྒྲུབས་པས། ལས་དོན་ཁག་ལ་འཕེལ་རིམ་གསར་པ་ཐོན་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱས་པའི་གྱོད་གཞི་33602ཟིན་པ་དང་། ཞིབ་གཅོད་བྱེད་མཇུག་སྒྲིལ་བའི་གྱོད་གཞི་28720ཟིན་པ། ས་གནས་རིམ་ཁག་མི་དམངས་ཁྲིམས་ཁང་དང་ཆེད་དོན་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱས་པའི་གྱོད་གཞི་ཁྲི་3351.6ཟིན་པ་དང་། ཞིབ་གཅོད་བྱེད་མཇུག་སྒྲིལ་བ་དང་སྒྲུབ་གཉེར་བྱེད་བཞིན་པའི་གྱོད་གཞི་ཁྲི་3010.4ཟིན་པ། ཞིབ་གཅོད་བྱེད་མཇུག་སྒྲིལ་བའི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་8.3ཟིན་ཡོད་ཅེས་བསྟན་གནང་ཡོད།

     སྙན་ཞུའི་ནང་། ཀྲོའུ་ཆང་གིས་ཕྱོགས་དྲུག་གི་ཐད་ནས་སྤྱི་ལོ་2021ལོའི་ལས་དོན་གཙོ་བོར་ཕྱོགས་བསྡོམས་གནང་བ་སྟེ། གཅིག་ནི། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། གཉིས་ནི། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་ཞབས་འདེགས་ཧུར་ཐག་ཞུས་པ། གསུམ་ནི། སྔ་བར་ཕྱི་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ། བཞི་ནི། ཁྲིམས་འཛིན་སྒྲིག་གཞི་བསྒྱུར་བཅོས་དང་རིག་ལྡན་ཁྲིམས་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ། ལྔ་ནི། རང་རྟོགས་ངང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ། དྲུག་ནི། ཟོལ་མེད་དང་། དྭངས་གཙང་། འགན་འཁུར་བ་བཅས་ཀྱི་ཁྲིམས་དོན་མི་སྣ་གསོ་སྐྱོང་ཏན་ཏིག་བྱས་པ་བཅས་རེད།

     ཀྲོའུ་ཆང་གིས་སྙན་ཞུའི་ནང་། སྤྱི་ལོ་2022ལོར། མི་དམངས་ཁྲིམས་ཁང་གིས་ཏང་གིས་ཁྲིམས་འཛིན་ལས་དོན་ལ་བལྟོས་མེད་འགོ་ཁྲིད་གནང་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས། གོང་འཕེལ་དང་བདེ་འཇགས་ལ་གཅིག་འགྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས། བརྟན་པོའི་ཁྲོད་ཡར་རྒྱས་ཡོང་བ་བྱེད་པའི་ལས་ཀའི་སྤྱིའི་རྩ་དོན་རྒྱུན་འཁྱོངས། ཆབ་སྲིད་ཐད་བློ་དཀར་སེམས་དཀར་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་འདྲ་མཉམ་དང་དྲང་བཞག་ཚོར་ཐུབ་པ་བྱ་རྒྱུ་དེ་ཁྲིམས་ཁང་གི་ལས་དོན་ཚང་མར་ཁྱབ་པ་བྱ་རྒྱུ། བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་ཞབས་ཞུ་བསྒྲུབ་རྒྱུ། གོང་འཕེལ་གྱི་གནས་བབ་ཆེན་པོར་ཞབས་ཞུ་བསྒྲུབ་རྒྱུ་དང་། བརྟན་པོ་དྲུག་དང་འགན་ལེན་དྲུག་ལ་གནད་འཕིགས་ངང་ཞབས་ཞུ་བསྒྲུབ་རྒྱུ། དམངས་འཚོའི་ཁེ་དབང་ལ་འགན་སྲུང་གིས་མི་དམངས་མང་ཚོགས་ནས་འདྲ་མཉམ་དྲང་བདེན་ཐད་བཏོན་པའི་དགོས་མཁོ་ཟམ་མི་ཆད་པར་བསྐོང་རྒྱུ། བསྒྱུར་བཅོས་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་ནས་བསྒྱུར་བཅོས་སྔར་བས་མ་ལག་གཅིག་སྡུད་དང་མཐུན་སྦྱོར་ནུས་ཆེ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ། ཁྲིམས་ཁང་གི་ཁྲིམས་དོན་མི་སྣའི་དཔུང་ཁག་རྩེ་གྲ་འཛུགས་སྐྱོང་བྱས་ནས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་དང་། དུས་རབས་གསར་པའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་བཅས་ཡིན་པ་རེད།

     ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲང་ཅུན་གྱིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་གནང་སྐབས། སྤྱི་ལོ་2021ལོར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནུས་ལྡན་ལྟ་སྐུལ་འོག ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྔར་བས་རང་རྟོགས་ཆེ་བའི་ངང་རྒྱལ་ཁབ་བཅོས་སྐྱོང་ཁྲོད་ཞུགས་པ་དང་། ཁྲིམས་ལྟར་ལས་འགན་བསྒྲུབས་པས། ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་སོགས་ཞིབ་བཤེར་ལས་དོན་ཁག་ལ་འཕེལ་རིམ་གསར་པ་ཐོན་ཡོད། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་རིགས་ཁག་གི་གྱོད་གཞི་ཁྲི་363.7སྒྲུབ་གཉེར་བྱས་པ་དང་། དེ་དུས་མཚུངས་པ་ལས་བརྒྱ་ཆ་20.9འཕར་ཡོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་འཛིན་འགྲེལ་བཤད་ཀྱི་ཡིག་ཆ་19བཟོས་པ་དང་། མཛུབ་ཁྲིད་རང་བཞིན་གྱི་གྱོད་དཔེ་37ཁག་8ལ་དབྱེ་བ་དང་དཔེ་མཚོན་གྱོད་གཞི་563ཁག་76ལ་དབྱེ་ནས་སྒྲིག་བཟོ་དང་འགྲེམས་སྤེལ་བྱས་ཡོད་ཅེས་བསྟན་གནང་ཡོད།

     སྙན་ཞུའི་ནང་། ཀྲང་ཅུན་གྱིས་སྤྱི་ལོ་2021ལོའི་ལས་དོན་ལ་ཕྱིར་དྲན་གནང་བ་སྟེ། གཅིག་ནི། གནས་བབ་ཧྲིལ་པོར་ཞབས་འདེགས་ཞུས་ཏེ་ཞིབ་དཔྱོད་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་བརྟེན་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་བཏང་བ་དང་། གཉིས་ནི། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱས་ཏེ་ཞིབ་དཔྱོད་ཀྱི་འགན་ནུས་ལག་བསྟར་བྱེད་པར་བརྟེན་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་པ་དང་མང་ཚོགས་ཀྱི་རེ་བ་བསྐངས་པ། གསུམ་ནི། ལྟ་སྐུལ་བྱེད་ཤུགས་ཟབ་ཏུ་བཏང་སྟེ་ཞིབ་དཔྱོད་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་བརྟེན་ནས་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་བྱས་པ། བཞི་ནི། འབྱུང་རྩ་གཏུག་བཤེར་བྱས་ཏེ་ཞིབ་དཔྱོད་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་བརྟེན་ནས་ཆུ་ཚད་མཐོ་བའི་བདེ་འཇགས་ལ་འགན་ལེན་བྱས་པ། ལྔ་ནི། བཅོས་སྐྱོང་དང་ཞིབ་དཔྱོད་ནན་པོ་བྱས་ཏེ་ཞིབ་དཔྱོད་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་བརྟེན་ནས་ཞིབ་དཔྱོད་དཔུང་ཁག་རྩེ་གྲ་གསོ་སྐྱོང་བྱས་པ་བཅས་ཡིན་པ་རེད།

     ཀྲང་ཅུན་གྱིས་སྙན་ཞུའི་ནང་། སྤྱི་ལོ་2022ལོར་ཞིབ་དཔྱོད་ལས་ཁུངས་ཀྱིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་དང་། “བརྟན་ཐོག་ཡར་འཕེལ་དང་། དོན་འཁྱོལ། མཐོར་གཏོང་”བཅས་ལ་དམ་འཛིན་ལྷོད་མེད་བྱེད་པ་དང་ཁྲིམས་ལྟར་རང་འགུལ་ངང་འགན་ནུས་སྒྲུབ་སྟེ། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། བརྟན་པོའི་ངང་མདུན་སྐྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞབས་ཞུས་སྤུས་མཐོའི་གོང་འཕེལ་ལ་འགན་ལེན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་རྒྱུ། དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྒྱང་སྐྱོད་གསར་པའི་ཁྲིམས་སྐྱོང་འགན་འཁྲི་ཏན་ཏིག་འཁུར་རྒྱུ། མཐོར་གཏོང་རྒྱུན་འཁྱོངས་ཀྱིས་ཞིབ་དཔྱོད་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་གཏོང་བའི་ཞིབ་དཔྱོད་ཀྱི་འགན་འཁྲི་ཏན་ཏིག་འཁུར་རྒྱུ་བཅས་དང་། ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་བསམ་གཞིགས། གོང་འཕེལ་ཡོང་རེ། རང་བཀུར་རང་གཅེས་བཅས་བྱེད་པ་དང་། བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་ཡོད་པ་རེད།

     སྤྱི་ཚེས་8ཉིན་ནི“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཡིན་པ་དང་། ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མིང་ཐོག་ནས་བུད་མེད་འཐུས་མི་དང་། བུད་མེད་ཨུ་ཡོན། བུད་མེད་ལས་དོན་མི་སྣ། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད། འཛམ་གླིང་རྒྱལ་ཁབ་ཁག་གི་བུད་མེད་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་ཡོད།

     ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཁྲེན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

     ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཅུན་ཀྲེང་དང་། དབྱིན་ཧུང་། ལིའུ་ཉིང་། ཞུས་ཆི་ལེའང་། ཞུས་ཆིང་། ལི་ཧྥེ། ཝུའུ་ཀྲེང་ལུང་། ཧོ་དབྱི་ཐིང་། ཀྲང་ཡེ་སུའེ། ཀྲང་ཆིན་ཝུའེ། ཀྲང་ཤོན། ཀྲང་གོ་ཆིང་། ཁྲེན་རུན་ཨར། ལིན་ཝུའུ། དབྱི་ལེན་ཧུང་། ཀྲེང་ཧྲན་ཅེ། ཏོན་ཁྲུན་ཧྭ། ཞུས་ཧྲའོ་ཧྲེ། ཀའོ་ཧུའུ་ཁྲེང་། ཧྲེན་དབྱི་ཆིན། ལོའུ་དབྱང་ཧྲེང་བཅས་ཀྲུའུ་ཞིའི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བཞུགས་ཡོད་པ་རེད།

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཤེས་བྱ་རིས་འགྲེལ་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།