རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ ཐེངས་ལྔ་པ་པེ་ཅིང་ནས་གྲོལ།

    མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་དྲངས།    2022-03-14

ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་འདུར་ཞུགས། ཝང་དབྱང་གིས་གསུང་བཤད་གནང་།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ ཐེངས་ལྔ་པ་པེ་ཅིང་ནས་གྲོལ།

སྤྱི་ཟླ3པའི་ཚེས10ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་ནས་གྲོལ་ཞིང་། ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད། ཝང་དབྱང་གིས་མཇུག་སྒྲིལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ ཐེངས་ལྔ་པ་པེ་ཅིང་ནས་གྲོལ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཇུག་སྒྲིལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་གྲུབ་རྗེས། ཚེས10ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོར་གྲོལ་བ་རེད། ཚོགས་ཐོག་མི་དམངས་སྲིད་གྲོས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་ཚོགས་ཞུགས་ལས་ཁུངས་སོ་སོ། རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། དཀའ་སྤྱད་བརྩོན་ལེན་དང་སྤོབས་པ་ཆེར་བསྐྱེད་སྒོས་མདུན་དུ་སྐྱོད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱ་དགོས་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་གསར་པ་ལེན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་བྱས་རྗེས་ཆེན་པོ་གཞག་དགོས་པའི་འབོད་སྐུལ་བཏང་།

སྔ་དྲོའི་དུས་ཚོད9པར། མཇུག་སྒྲིལ་མཛད་སྒོ་དངོས་སུ་འགོ་བརྩམས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གཙོ་སྐྱོང་གནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀོང་། མཱ་པེའོ། ཁྲེན་ཞའོ་ཀོང་། ལིའང་ཀྲེང་ཡིང་། ཞ་པའོ་ལུང་། ལི་པིང་། པཱ་ཐེར། ཝང་ཡུང་ཆིང་། ཧོ་ལི་ཧྥུང་། སུའུ་ཧུའེ། ཀྲེན་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཞིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད།

ཝང་དབྱང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པར་ཨུ་ཡོན2157ཞུགས་དགོས་པ་དང་། ཨུ་ཡོན1969དངོས་སུ་སླེབས་ཡོད་པས་ཁྲིམས་འབེབས་མི་གྲངས་དང་མཐུན་པ་ཁྱབ་སྒྲོག་གནང་།

ཚོགས་འདུར་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཚུན་གྱི་གྲོས་འཆར་ལས་དོན་བསྒྲུབས་ཚུལ་སྐོར་གྱི་གྲོས་ཆོད། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་འཆར་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་འཆར་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་སེང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།

ཝང་དབྱང་གིས་གསུང་བཤད་གནང་སྐབས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་སུ་དྲང་ཕྱོགས་ཀྱི་ནུས་པ་གཅིག་སྡུད་ཁྱབ་རྒྱ་ཆེ་བ་བྱས་ཡོད་པ་དང་། དེ་ནི་དར་ཆ་མཐོན་པོར་བསྒྲེངས་པ་དང་དམངས་གཙོ་མཐུན་སྒྲིལ། བདེན་འཚོལ་དངོས་གཉེར། ཕན་ནུས་ཆེ་བའི་ཚོགས་ཆེན་ཞིག་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་རྣམས་མགོ་ཚུགས་ཚོགས་ཆེན་དང་མཇུག་སྒྲིལ་ཚོགས་སུ་ཞུགས་ཏེ། ལས་རིགས་སོ་སོའི་ཚན་ཆུང་ལ་ཞུགས་ནས་བསམ་འཆར་ལ་ཉན་པ་དང་ཨུ་ཡོན་རྣམས་དང་ལྷན་དུ་རྒྱལ་དོན་ལ་མཉམ་བགྲོ་གནང་། ཨུ་ཡོན་ཚང་མས་སྲིད་གཞུང་ལས་དོན་སྙན་སེང་དང་སྙན་སེང་གཞན་དག་ལ་གྲོས་བསྡུར་ནན་ཏན་བྱས་ཤིང་། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་སོགས་ཡིག་ཆར་གྲོས་ཞིབ་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་གཙོ་གནད་ལས་དོན་ལ་དམིགས་ཏེ་གྲོས་མོལ་སྲིད་གླེང་བྱས་ཡོད། ཨུ་ཡོན་རྣམས་ཀྱིས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། དུས་རབས་གསར་པའི་གསར་རྩོམ་རང་བཞིན་གྱི་བསམ་བློ་དང་བཅོས་བསྒྱུར་རང་བཞིན་གྱི་ལག་ལེན། བརྟོལ་བརྒལ་རང་བཞིན་གྱི་འཕེལ་རིམ། མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་བཅས་ལ་ངོས་འཛིན་གསལ་བོ་བྱས་ཏེ། སྲུང་སྐྱོང་གཉིས་ཀྱི་ཆབ་སྲིད་རང་རྟོགས་སྔར་ལས་ཇེ་དྲག་ཏུ་གཏང་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་པར་བསུ་མ་ཞུ་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱེད་པ་དེ་ད་ལོའི་ཆབ་སྲིད་ལས་འགན་གལ་ཆེན་དུ་བཞག་སྟེ། བསམ་བློའི་སྣེ་ཁྲིད་ཐད་ནས་དངོས་ཕན་གཉེར་བ་དང་གྲོས་མོལ་ཇུས་འབུལ་ཐད་ནས་གྲུབ་འབྲས་འཐོབ་པར་བྱེད་ཅིང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་ནས་ནུས་པ་ཆེན་པོ་བཏོན་ནས། བརྟན་བརླིང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་རྒྱལ་བདེ་དམངས་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་ཁོར་ཡུག་སྲུང་འཛིན་བྱེད་པའི་ཐད་ལ་སྲིད་གྲོས་ཀྱིས་ནུས་པ་འདོན་དགོས་ཞེས་བཤད་པ་རེད།

ཝང་དབྱང་གིས་ནན་གསུང་གནང་དོན། ད་ལོ་ནི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པས་འགན་ནུས་སྒྲུབ་པའི་ལོ་ཆེས་མཐའ་མ་དེ་ཡིན་ཞིང་། སྐབས་འདིའི་སྲིད་གྲོས་ཀྱི་གྲོས་ཚོགས་ཐེངས་དང་པོ་མཇུག་སྒྲིལ་བའི་གྲོས་ཚོགས་སུ། ང་ཚོས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྟེ་ཆབ་སྲིད་རྩ་འཛུགས་ཀྱིས་ང་ཚོར་བསྩལ་པའི་འགན་འཁྲི་ཁོང་དུ་ཡང་དག་པར་ཆུད་དགོས་ཞེས་བཏོན་པ་དང་། ངེས་པར་དུ་ལྟ་བ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱེད་པ་དང་། ངེས་པར་དུ་མི་དམངས་གཙོ་བོར་བཟུང་ནས་འགན་སྒྲུབ་ནན་མོ་བྱེད་པ། ངེས་པར་དུ་བདེན་འཚོལ་དངོས་གཉེར་བྱས་ནས་གྲོས་མོལ་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏང་དགོས་པ་ནན་གྱིས་བསྟན་ཡོད། ལོ་བཞིའི་རིང་ལ། ང་ཚོས་ལས་དོན་རྩ་དོན་དང་འདུ་ཤེས་དེ་དག་ལག་བསྟར་ནན་མོ་བྱས་ཏེ། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་ཞིང་། མི་དམངས་བསམ་པའི་འདུ་ཤེས་དང་གྲོས་མོལ་གྱི་ནུས་པ་ཇེ་དྲག་ཏུ་བཏང་ཡོད། རྒྱང་སྐྱོད་འགྲོ་ལམ་གསར་པའི་སྟེང་། རྩ་དོན་དང་འདུ་ཤེས་དེ་དག་ངེས་པར་དུ་ལག་ལེན་སྔར་བཞིན་བསྟར་བ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་སྔར་ལས་ཡག་པ་བསྒྲུབ་དགོས། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་གོ་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱས་ནས། ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ལས་དོན་ལ་བཅངས་པའི་རེ་བ་ལག་བསྟར་བྱེད་པ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་རྒྱུད་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་དགོས། མི་དམངས་ཀྱི་ཆེད་དུ་འགན་སྒྲུབ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། འཚོ་བ་དངོས་ཀྱི་ཁྲོད་ཞུགས་ནས་མི་དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ། བློ་འདོན་ཤུགས་འབུལ་ཀྱིས་མི་དམངས་ཀྱི་དཀའ་ཁག་སེལ་བ་དང་དམངས་སེམས་གཅིག་ཏུ་སྒྲིལ་བ། མི་དམངས་ཀྱི་བསམ་ཚུལ་ལ་ཉན་པ། མི་དམངས་ཀྱི་ཞུ་གཏུག་ལ་ལན་འདེབས་པ། མི་དམངས་ཀྱི་རིག་སྟོབས་གཅིག་ཏུ་བསྡུ་བ། མི་དམངས་ཀྱི་འཚོ་བ་སྐྱིད་པོར་རེ་སྒུག་གསར་བར་དམིགས་ནས་སྲིད་གླེང་ཇུས་འབུལ་བྱས་ཏེ། ཨུ་ཡོན་གྱི་ལས་བྱ་ཀྲུང་ཧྭའི་ས་གཞི་ཆེན་མོར་བྲི་བ་དང་རིགས་ཁོངས་མང་ཚོགས་ཀྱི་ཁས་ལེན་འཐོབ་པའི་ཁྲོད་དུ་བྲི་དགོས། གྲོས་མོལ་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་བ་དང་གྲོས་མོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། གྲོས་མོལ་རིག་གནས་སྐྱེད་སྲིང་བྱེད་པ་དང་། ཉམས་མྱོང་གསར་པ་དང་བྱེད་ཐབས་སྤྱི་བསྡོམས་བྱེད་པར་དོ་སྣང་བྱེད་པ། དོན་དག་ཡོད་ཚེ་གྲོས་མོལ་བྱེད་པ་དང་མང་ཚོགས་ཀྱི་ལས་ཀ་མང་ཚོགས་ཀྱིས་གྲོས་མོལ་བྱེད་པའི་ལམ་ལུགས་ཅན་གྱི་ལག་བསྟར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། གནད་དོན་ཡོད་ཚེ་གྲོས་མོལ་ཐེངས་མང་བྱེད་པ་དང་ཕྱོགས་གཉིས་བརྗེ་རེས་སྒོས་གྲོས་མོལ་བྱེད་པ། ལྷག་བསམ་ཟོལ་མེད་སྒོས་གྲོས་མོལ་བཟང་བོ་བྱེད་པ། བརྗེ་རེས་གང་ལེགས་སྒོས་གྲོས་མོལ་གཏིང་ཟབ་བྱ་དགོས།

ཝང་དབྱང་གིས་ནན་གསུང་གནང་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་གདེང་ཚོད་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བྱེད་ཐུབ་པ། ཕུགས་འདུན་དད་སེམས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ། མཐུན་སྒྲིལ་འབད་འཐབ་བྱེད་པ། འགན་སྒྲུབ་ནན་མོ་སྒྲུབ་པ། མུ་མཐུད་དེ་ལེའུ་གསར་པ་བརྩམ་པ་དང་། དུས་ཡུན་ལོ་ལྔ་ཡི་རྒྱུགས་ལན་བཟང་བོ་སྤྲད་དེ་བྱ་སྤྱོད་དངོས་ཀྱི་སྟེང་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུ་དགོས།

གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་ད་དུང་། ཏིང་ཞུའེ་ཞང་དང་ཝང་ཁྲེན། ལིའུ་ཧོ། ཞུས་ཆི་ལིའང་། སུན་ཁྲུན་ལན། ལི་ཞི། ལི་ཆང་། ལི་ཧུང་ཀྲུང་། དབྱང་ཅེ་ཁྲི། དབྱང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞི། ཁྲེན་ཆོན་ཀའོ། ཁྲེན་མིན་ཨེར། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན་། ཧོང་ཁུན་མིང་། ཚའེ་ཆི། ཡིའུ་ཆོན། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡུའེ་ཡུའེ། ཅི་པིང་ཞོན། ཨེ་ལིས་ཀན·དབྱི་མེན་པ་ཧའེ། ཝན་ཨོ་ཞང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥུང་། ཝུའུ་ཝེ་ཧྭ། ཝེ་ཧྥུང་ཧོ། ཝང་ཡུང་།ཝང་དབྱི།ཞའོ་ཅེ། ཀྲའོ་ཁེ་ཀྲི། ཀྲུའུ་ཆང་། ཀྲང་ཅུན་སོགས་ཡོད།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་དུ་ཞུགས། ཕྱི་རྒྱལ་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་སོགས་གདན་ཞུ་ལྟར་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་རྔམ་བརྗིད་ལྡན་པའི་རྒྱལ་གླུ་ཁྲོད་མཇུག་གྲོལ་ལོ།།

  • ལེ་ཚན་སྔོན་མ།:ལས་དོན་སྙན་ཞུ་ཁག་གསུམ་ལ་གསན་ཞིབ་གནང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།