དཀར་མཛེས་རྫོང་གིས་ནུས་ཤུགས་ཡོད་རྒུས་དཔྱིད་རྨོད་ཐོན་སྐྱེད་དངོས་རྫས་མཁོ་སྤྲོད་བྱས།

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར།        2022-03-21

ད་ཆ་གསར་འགོད་པས་དཀར་མཛེས་རྫོང་ཞིང་འབྲོག་གྲོང་སྡེ་དང་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་རྫོང་གིས་རྨོད་འདེབས་དུས་བསྟུན་དང་། ཞིང་ལས་རྒྱུ་ཆ་གྲབས་གསོག། ཞབས་ཞུ་ཤུགས་ཆེར་གཏོང་བ། གསོ་སྦྱོང་ལ་དམ་འཛིན་བཅས་བྱས་ནས། ད་སྔར་དཔྱིད་རྨོད་དངོས་ཟོག་སྣ་ཚོགས་གསོག་འཇོག་འདང་ངེས་བྱས་ཡོད་པ་དང་། འདེབས་འཛུགས་གྲུབ་ཆ་གཞི་རྩའི་སྒོ་ནས་བརྟན་པོ་ཡིན་ཞིང་། རྨོད་འདེབས་གྲ་སྒྲིག་གི་ཐོན་སྐྱེད་གོ་རིམ་ལྡན་པ་བྱུང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་། དཀར་མཛེས་རྫོང་གིས་ས་ཆ་རེ་ལ་ནོར་ཁྱུ་རེ་ཞེས་པའི་མཐོ་སྒང་གི་ཁྱད་ཆོས་འབྲོག་ལས་རིགས་གོང་འཕེལ་གཏང་རྒྱུའི་བཀོད་སྒྲིག་གསར་པར་དམིགས་ནས། ཞིང་འབྲོག་ལས་ཀྱིས་དཀར་མཛེས་རྫོང་བསྐྱར་དར་ཡོང་བའི་ལས་གྲྭ་གལ་ཆེན་ལ་མགྱོགས་མྱུར་ངང་སྤྱི་འདོམས་སྐུལ་འདེད་བཏང་ནས། མ་དངུལ་སྒོར་དུང་ཕྱུར1.2གཏང་རྩིས་ཡོད་པ་དང་། མགྱོགས་མྱུར་ངང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་ནས་ཞིང་འབྲོག་ལས་རིགས་ཀྱི་ལས་གཞི་སྤེལ་བ་དང་། ནུས་ཤུགས་ཡོད་རྒུས་ཡག་གི་དཀར་མཛེས་ཞེས་པའི་ནོར་གནག་སྤུས་རྟགས་བསྐྲུན་པ་དང་། ཁམས་བྱང་འབྲུ་མཛོད་ཅེས་པའི་གསེར་བྱང་གསལ་པོ་བཟོས་ནས་གླིང་ཁུལ་གཅིག་ལ་ལས་རིགས་མང་བའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་རིམ་བཞིན་ཆགས་པར་བྱ་རྒྱུ་རེད།།

  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གནས་གསར་གྲོང་སྡེའི་ཐོན་ལས་གླིང་ཁུལ་དུ་ དཔྱིད་རྨོད་ཐོན་སྐྱེད་ལས་ལ་བྲེལ།
  • ལེ་ཚན་རྗེས་མ།:ཞིང་ལས་དངུལ་ཁང་དཀར་མཛེས་ཁུལ་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཞབས་འདེགས་ཀྱིས་དཔྱིད་རྨོད་ལ་རོགས་དན་བྱས།
  • དོ་སྣང་ཆེ་བའི་རྩོམ།