དཀར་མཛེས་ནས་མཐོང་དཀོན་པའི་གཡི་གཉིས་ལྷན་དུ་ཡོད་པ་བརྙན་པར་བླངས།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2022-03-16

   ཉེ་ཆར། དཀར་མཛེས་ཁུལ་གསེར་རྟ་རྫོང་མཁན་ལེབ་ཞང་གི་ལས་དོན་མི་སྣས་གཡི་གཉིས་ཀྱིས་ཆུ་འགྲམ་དུ་ཆུ་འཐུང་བཞིན་ཡོད་པ་མཐོང་།  གཡི་ནི་ཁྱུ་དང་བྲལ་ནས་ཁེར་རྐྱང་དུ་སྡོད་པའི་སྲོག་ཆགས་ཤིག་ཡིན་པས།  དེར་གཞིགས་ནས་ཚོད་དཔག་བྱས་ན། དེ་ལྟར་གཡི་གཉིས་ལྷན་དུ་ཡོད་པ་ནི་གཡི་འཁྲུག་སྡེབ་བྱེད་པའི་དུས་སུ་དམིགས་བསལ་དུ་ཡོད་པའི་སྣང་ཚུལ་ཞིག་ཡིན་སྲིད།  གཡི་དེ་གཉིས་ཀྱི་གཟུགས་གཞི་ཅུང་ཆེ་ཞིང་། མི་མཐོང་རུང་སྐྲག་སྣང་མེད་ལ། སྔ་གཞུག་བྱས་ནས་དལ་མོར་འགྲོ་བ་དང་མཐར་ལྷན་དུ་ཕྱིན་སོང་། 

དཀར་མཛེས་ནས་མཐོང་དཀོན་པའི་གཡི་གཉིས་ལྷན་དུ་ཡོད་པ་བརྙན་པར་བླངས།

   གཡི་ནི་གྲང་ངར་ལ་གོམས་པའི་སྲོག་ཆགས་ཤིག་ཡིན་ཞིང་། དྲོད་ཁུལ་བྱང་མའི་གྲང་ངར་ཆེ་བའི་ས་ཁུལ་གྱི་སྲོག་ཆགས་ཤིག་ཀྱང་རེད།  བྱང་གི་འཕྲེད་ཐིག་ཏུའུ30ཡི་ལྷོ་ངོས་ཡིན་རུང་ད་དུང་གྲང་ངར་ཆེ་བའི་རི་མཐོའི་རྒྱུད་དུ་འཚོ་སྡོད་བྱས་ཡོད་ལ། ཆེས་བྱང་མར་འཚོ་བའི་བྱི་ལའི་རིགས་ཚན་གྱི་སྲོག་ཆགས་ཤིག་རེད།  གཡི་ནི་རི་ལ་འཛེགས་པ་དང་ཆུ་རྐྱལ་ལ་མཁས་ཤིང་། ལྟོགས་སྐོམ་ལ་བཟོད་སྲན་ཆེ་སྟེ་ཉིན་ཁ་ཤས་ལ་གནས་གཅིག་ནས་ཉལ་ནས་འདུག་ཐུབ།  གྲང་ངར་ལ་མི་སྐྲག་ཅིང་ཁ་ཤྭ་གསོད་པར་རྔམ་པ་ཞིག་རེད།

དཀར་མཛེས་ནས་མཐོང་དཀོན་པའི་གཡི་གཉིས་ལྷན་དུ་ཡོད་པ་བརྙན་པར་བླངས།

     རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཤིག་ཡིན་པའི་ངོས་ནས་སྔོན་ཆད་བླངས་པའི་གཡི་ཡི་བརྙན་པར་མང་ཆེ་བ་གཡི་གཅིག་མངོན་ལ། ད་ཐེངས་གཡི་གཉིས་ལྷན་དུ་འགྲོ་བའི་རྣམ་པ་བརྙན་པར་བླངས་ཡོད་པ་འདི་འདྲ་དངོས་གནས་མཐོང་དཀོན་པ་ཞིག་རེད།  གསེར་རྟའི་སྐྱེ་ཁམས་ཁོར་ཡུག་ཉིན་བཞིན་ཇེ་ལེགས་སུ་འགྲོ་བ་དང་བསྟུན་ནས། རི་སྐྱེས་སྲོག་ཆགས་རྩ་ཆེན་མང་པོ་ཟམ་མི་ཆད་པར་མངོན་པ་སྟེ། དཔེར་ན། དྲེད་མོང་དང་། ཁྲུང་ཁྲུང་སྐེ་ནག གསའ། ཤྭ་བ་ཁྲ་རིས། ཁྲུང་ཁྲུང་ནག་སྐྱ།  རྒྱ་གཙོད།  ཤྭ་བ་སེར་ཆེན་སོགས་ལྟ་བུའོ། །

དཀར་མཛེས་ནས་མཐོང་དཀོན་པའི་གཡི་གཉིས་ལྷན་དུ་ཡོད་པ་བརྙན་པར་བླངས།



  • ལེ་ཚན་སྔོན་མ།:བོར་ནས་ལོ35འགོར་བའི་བུ་མོ་ཨ་མ་ལ་ཕྲད་ཐུབ་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།