ཧྥུང་ཧྥ་ཀུའེ་ཡིས་རིམས་ཚུལ་འགོག་ཟོན་ཐད་ནན་གསུང་འདི་འདྲ་གནང་།

ཐུབ་ཀྱིས་བསྒྱུར།        2022-03-15

ཧྥུང་ཧྥ་ཀུའེ་ཡིས་ཉེ་དུས་རང་རེའི་ཞིང་ཆེན་གྱི་སྤྱི་ཚོགས་སུ་རིམས་ཚུལ་གནས་སྐབས་སུ་མེད་པ་དང་ཁྲེང་ཏུའུ་གྲོང་ཁྱེར་ཡོངས་ཉེན་ཁ་ཆུང་བའི་ས་ཁུལ་དུ་གྱུར་ཡོད་མོད། འོན་ཀྱང་རྒྱལ་ཡོངས་ཀྱི་རིམས་ཚུལ་འགོག་ཟོན་དུས་བབ་སྔར་བཞིན་ཛ་དྲག་པོ་ཡིན་ལ། རིམས་ཚུལ་ཁྱབ་མཆེད་མགྱོགས་པ་དང་རྒྱ་ཆེ་ཞིང་འགོག་ཟོན་དཀའ་ལས་ཆེ་བའི་རྐྱེན་གྱིས་འགྲན་སློང་ཆེན་པོ་དང་འཕྲད་ཀྱི་ཡོད། རིམ་ཁག་དང་སྡེ་ཁག་གིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ཚུལ་འགོག་ཟོན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དོན་འཁྱོལ་མཐར་ཕྱིན་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་འཆུགས་མེད་བྱེད་པ། ཆབ་སྲིད་ཀྱི་ཚུགས་གནས་སྤར་བ་དང་ངོས་འཛིན་ཆེ་རུ་གཏོང་ཞིང་། བྱེད་ཐབས་ལ་ཤུགས་རྒྱག་པ། ལྷོད་གཡེང་གི་བསམ་པ་དང་ལེ་ལོའི་ངང་ཚུལ། སྟེས་དབང་གི་བསམ་བློ། དལ་ལྷོད་ཀྱི་བསམ་ཚུལ་བཅས་མེད་པ་མཐའ་གཅིག་ཏུ་བྱས་ཏེ། རིམས་ཚུལ་འགོག་ཟོན་གྱི་སྤྱི་ཁྱབ་ཇུས་བཀོད་དང་བྱེད་ཕྱོགས་དོན་ཐོག་ཞིབ་ཕྲར་འཁྱོལ་ནས་རིམས་ཚུལ་འགོག་ཟོན་གྱི་གྲུབ་འབྲས་ཐོབ་དཀའ་བ་མཐའ་གཅིག་ཏུ་སྲུང་ཐུབ་དགོས་ཞེས་ནན་གསུང་གནང་།

ཧྥུང་ཧྥ་ཀུའེ་ཡིས་བླང་བྱ་བཏོན་དོན། ཕྱི་ནས་རིམས་ནད་འབྱུང་བ་སྔོན་འགོག་བྱ་རྒྱུའི་ལས་འགན་གཙོ་བོ་གཅིག་ལ་དམ་པོར་དམིགས་པ་དང་། གནད་འགག་གཉིས་ཏེ་ཁུལ་དུ་ཡོང་གནས་ཐོག་མ་དང་མཐའ་མའི་གནད་ཆེ་ས་དམ་འཛིན་ལྷོད་མེད་བྱེད་པ། ནུས་པ་ཆེན་པོ་གཉིས་ཏེ་དུས་ཐོག་ཧ་གོ་བ་དང་དུས་ཐོག་ཐག་གཅོད་པའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། འགན་སྲུང་གསུམ་ཏེ་སྒྲིག་འཛུགས་མགོ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར། སྒྲིག་ཁྲིམས་དམ་ནན་བཅས་ཀྱི་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་གཅིག་གཉིས་གཉིས་གསུམ་ཞེས་པའི་བསམ་ཕྱོགས་དོན་འཁྱོལ་ནན་པོ་བྱ་དགོས་ཤིང་། མི་དང་དངོས་ཟོག། ཁོར་ཡུག་བཅས་མཉམ་དུ་འགོག་ཟོན་བྱ་རྒྱུ་རྒྱུན་འཁྱོངས་པ་དང་། ལས་འགན་དང་གནོན་ཤུགས་ཆེ་རུ་མི་གཏོང་ལ་ཚད་གཞི་ཡང་དམའ་རུ་གཏོང་མི་རུང་ཞིང་། འགོག་ཟོན་ཚན་རིག་དང་མཐུན་པ་དང་གནད་ལ་སྨིན་བ་ཡོང་དགོས།

མི་སྣ་གཙོ་བོར་རྗེས་དེད་ལྟ་སྲུང་ཡག་པོ་བྱ་དགོས་ཤིང་། ཁུལ་དུ་ཞུགས་པའི་བདེ་ཐང་ཞབས་ཞུ་ས་ཚུགས26གི་ནུས་པ་ཡག་པོ་འདོན་དགོས། བདེ་ཐང་ཨང་རྟགས་དང་འགྲོ་སྐྱོད་བྱང་བུ། ཉིང་སྐྱུར་དཔེ་བཤེར་གྱི་སྙན་སེང་བཅས་ལ་ཞིབ་བཤེར་ནན་པོ་བྱས་ཏེ། འགག་སྒོ་བརྟན་པོར་བསྲུང་དགོས། དན་གྲངས་ཆེན་པོ་སྤྱོད་པ་དང་མི་སྒེར་གྱིས་སྙན་སེང་ཞུ་བ། སྤྱི་ཁུལ་གྱིས་ཚགས་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ། ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་རང་ཁུལ་དུ་འོང་བ་དང་ཕྱིར་ལོག་མཁན་ལ་ཚགས་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཅིག་བསྡུས་ཀྱིས་ལོགས་སུ་བཀར་བ་དང་ཉིང་སྐྱུར་དཔེ་བཤེར། བདེ་ཐང་ལྟ་དཔྱད་སོགས་ཀྱི་གཏན་འབེབས་ཁག་དོན་འཁྱོལ་ནན་ཏིག་བྱས་ནས་དོ་དམ་ཚད་དང་ལྡན་པ་བྱ་དགོས་པ་ལས་ཆད་ལུས་མི་ཡོང་བ་བྱ་དགོས།

རིམས་ནད་འགོག་རྒྱུ་དཔེ་བཤེར་གྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་གང་མགྱོགས་བྱས་ཏེ་ནད་སྔ་ཚེ་ནས་ཤེས་པ་དང་སྔ་ཚེ་ནས་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏང་དགོས།

འདུ་ར་གལ་ཆེན་ལ་ལྟ་སྲུང་ཡག་པོ་བྱ་དགོས་པ་སྟེ། སྡེ་ཁུལ་དང་སྤྱི་ཁུལ། འགྲིམ་འགྲུལ་སྐྱེལ་འདྲེན། ཟོང་འགྲུལ་མགྱོགས་སྐྱེལ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས། ལྗོངས་ཁུལ་དང་ལྗོངས་གནས། སློབ་གྲྭ། ཚོང་ར་དང་སྒོ་རྩིས་ཚོང་ཁང་། མགྲོན་ཁང་དང་གནས་ཚང་། ཆོས་ལུགས་བྱེད་སྒོ་སྤེལ་ས་སོགས་སུ་འགོག་ཟོན་བྱེད་ཐབས་ལག་ལེན་ནན་པོ་བྱེད་པ་དང་། བདེ་ཐང་ཨང་རྟགས་བཤེར་བ་དང་ཁ་ཤུབས་སྐོན་པ། ལུས་དྲོད་བརྟག་རྗེས་འགྲོ་བ། མཁའ་རླུང་ཡངས་པོར་བཟོ་བ་དང་དུག་སེལ་བ། དུས་ཚོད་ངེས་ཅན་དུ་ཉིང་སྐྱུར་དཔེ་བཤེར་བྱེད་པ། སྨི་གཅིག་གི་བར་ཐག་བཞག་པ་སོགས་དོན་འཁྱོལ་ནན་པོ་བྱ་དགོས།   

 འཚུབ་བསྟུན་དངོས་ཟོག་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏང་དགོས་ཤིང་། ཆེད་ལས་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐག་གཅོད་ནུས་པ་ཆེ་རུ་བཏང་སྟེ་འཕྱུགས་པ་གཏན་ནས་མེད་པ་བྱ་དགོས།

འགན་འཁྲི་དོན་ཐོག་འཁྱོལ་བར་ཡག་པོ་བལྟ་དགོས་ཤིང་། ས་ཁོངས་དང་སྡེ་ཚན། ལས་ཁུངས། མི་སྒེར་བཅས་ཕྱོགས་བཞིའི་འགན་འཁྲི་སྔར་ལས་ལྷག་པ་དོན་ལ་འཁྱོལ་བ་དང་། ལས་སྒྲུབ་ཚན་ཆུང་ཆེས་ཆུང་བའི་སར་ འགོག་ཟོན་གྱི་བྱེད་ཐབས་ཁག་ལག་ལེན་ཐུབ་པར་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་འགོག་ཟོན་བྱེད་པའི་མ་ལག་སྲ་མོར་བཟོ་དགོས།

ཡུལ་དངོས་སུ་སོང་ནས་དངོས་ལྐོག་གཉིས་ནས་རྟོག་ཞིབ་བྱ་དགོས་ཤིང་། གུ་ཡངས་གཏན་ནས་མི་གཏོང་བའི་ལྟ་ཞིབ་བྱེད་སྟངས་ཀྱིས་ཕྱོགས་བཞིའི་འགན་འཁྲི་དོན་ཐོག་འཁྱོལ་བར་བྱ་དགོས།

གསར་འགྱུར་དྲིལ་བསྒྲགས་ལ་སྣང་ཆེན་བྱ་དགོས་ཤིང་། དུས་ཐོག་ཏུ་འཕྲིན་སྦྱོར་ཁག་ནས་རིམས་ཚུལ་གྱི་གནས་བབ་བརྡ་ཁྱབ་གཏོང་བ་དང་། རིམས་ཚུལ་འགོག་ཟོན་གྱི་སྲིད་ཇུས་བྱེད་ཐབས་སྒྲོག་འགྲེལ་བྱས་ཏེ། རིམས་ཚུལ་འགོག་ཟོན་ཐད་ལ་མི་ཚང་མ་ལ་འགན་ཡོད་པ་དང་། མི་ཚང་མས་འགན་ཁུར་བ། མི་ཚང་མས་འགན་སྒྲུབ་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།

སྤྱི་ཚོགས་ཡོངས་ཀྱིས་རིམས་ཚུལ་འགོག་ཟོན་ཚན་རིག་དང་མཐུན་ཞིང་གནད་ལ་སྨིན་བ་བྱེད་ཐུབ་པ་ཡིན་ན་གཞི་ནས་བློ་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་གཏོང་ཐུབ་པའི་ཐུན་མོང་གི་ངོས་འཛིན་བཅང་རྒྱུར་སྣེ་ཁྲིད་བྱས་ཏེ། རིམས་ཚུལ་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ནས་ཡག་པོ་བསྒྲུབ་དགོས།


  • ལེ་ཚན་སྔོན་མ།:སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་ནས།། ན་ཆུང་སྤྱོད་ཡོན་གཉིས་དང་ལྡན་པར་བྱ།།
  • ལེ་ཚན་རྗེས་མ།:པོ་ཏ་ལར་ཡོད་པའི་དཔེ་རྙིང་ལ་སྲུང་སྐྱོང་འདི་འདྲ་བྱེད་བཞིན་འདུག།
  • དོ་སྣང་ཆེ་བའི་རྩོམ།