གྲོང་ཁྱེར་འདིའི་སྡེ་ཁུལ་ཡོངས་ཚེས14ཉིན་ནས་བཟུང་བཀག་སྡོམ་བྱས་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-03-15

ཧྲེན་ཀྲེན་གྲོང་ཁྱེར་ཡོངས་ཀྱི་སྡེ་ཁུལ་དུ་བཀག་སྡོམ་གྱི་རྣམ་པའི་དོ་དམ་དང་། སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ་བགྲོད་མཚམས་འཇོག་རྒྱུ་རེད།

 

     སྤྱི་ཚེས་13ཉིན། ཧྲེན་ཀྲེན་གྲོང་ཁྱེར་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་གསར་ཤོས་ཁྱབ་བསྒྲགས་བྱས་པ་དང་། བྱ་ཐབས་དེ་སྤྱི་ཚེས་14ཉིན་ནས་སྤྱི་ཚེས་20ཉིན་བར་ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེ་རྗེས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ནས་ལེགས་སྒྲིག་བྱ་རྒྱུ་རེད།

  • གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་མི་སྣ་ཡོངས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་གསུམ་བྱ་རྒྱུ།

  • གྲོང་ཁྱེར་ཡོངས་ཀྱི་ལས་ཁུངས་རིམ་པ་ཁག་དང་བྱ་གཞག་ཚན་པས་རིམས་འགོག་གི་ལས་འགན་འཁུར་བའི་ལས་དོན་མི་སྣ་ཕུད། དེ་ལས་གཞན་ཚང་མས་རང་ཁྱིམ་ནས་གཞུང་ལས་སྒྲུབ་པའམ་ཡང་ན་ས་གནས་དེ་གར་སྡེ་ཁུལ་གྱི་དང་བླངས་པར་བསྒྱུར་ནས་སྡོད་གནས་ཡོད་སའི་སྡེ་ཁུལ་དུ་འབྱོར་ཐོ་འགོད་དགོས་པ་དང་། སྡེ་ཁུལ་གྱི་རིམས་འགོག་ལས་དོན་དང་སྡེ་ཁུལ་གྱི་ཞབས་ཞུའི་ནང་ཁྱོན་ཡོངས་ནས་ཞུགས་དགོས།

  • གྲོང་མིའི་འཚོ་བ་དང་གྲོང་ཁྱེར་གྱི་གཞི་རྩའི་འཁོར་སྐྱོད་ལ་འགན་ལེན་བྱེད་པའི་ཆུ་དང་། གློག འབར་སྣུམ། འབར་རླངས། འཕྲིན་གཏོང་། ཁོར་ཡུག་གཙང་སྦྲ། འབྲུ་རིགས། སྣུམ། ཤ སྔོ་ཚལ་མཁོ་སྤྲོད་སོགས་ཀྱི་སྤྱི་པའི་ཞབས་ཞུའི་རིགས་ཀྱི་ཁེ་ལས་དང། ཤང་ཀང་གི་མཁོ་སྤྲོད་འགན་ལེན་ཁེ་ལས་ཕུད། ཁེ་ལས་གཞན་ཚང་མས་ཁྱིམ་སྡོད་ལས་སྒྲུབ་བྱེད་པ་དང་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་གནས་སྐབས་མཚམས་འཇོག་བྱེད་དགོས།

  • གྲོང་མིའི་གཞི་རྩའི་དགོས་མཁོ་འགན་ལེན་བྱེད་པའི་འཚོ་བའི་སྒོ་རྩིས་ཚོང་ཁང(ཞིང་ལས་ཉོ་ཚོང་ཁྲོམ་ར་ཚུད་པ)དང་། སྨན་ཚོང་ཁང་། སྨན་བཅོས་སྒྲིག་གཞི། བཟའ་བཏུང་རིགས་ཀྱི་ཁེ་ལས(མྱུར་སྐྱེལ་དང་ཕྱིར་ཚོང་ཞབས་ཞུ་ཁོ་ན་མཁོ་འདོན་བྱེད་པ)བཅས་ཕུད། དེ་མིན་གྱི་ལས་གཉེར་བྱ་ཡུལ་དང་ཚོང་ཁང་ཚང་མ་ལས་མཚམས་འཇོག་དགོས།

  • གྲོང་ཁྱེར་གྱི་འཁོར་སྐྱོད་དང་ཤང་ཀང་གི་དངོས་ཟོག་དབོར་འདྲེན་ལ་འགན་ལེན་བྱེད་པ་ཕུད། གྲོང་ཁྱེར་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ་གྱི་སྐྱེལ་འདྲེན་མཚམས་འཇོག་བྱེད་དགོས།

  • གྲོང་ཁྱེར་ཡོངས་ཀྱི་སྡེ་ཁུལ་དང་། གྲོང་ཁྱེར་ནང་གི་གྲོང་ཚོ། ཐོན་ལས་གླིང་ཁུལ་བཅས་ལ་བཀག་སྡོམ་རྣམ་པའི་དོ་དམ་བྱེད་དགོས།

  • གྲོང་ཁྱེར་ཡོངས་ཀྱི་མི་རྣམས་དགོས་མཁོ་ཆེན་པོ་མེད་ན་ཧྲེན་ཀྲེན་ནས་ཁ་མི་འབྲལ་རྒྱུ་དང་།  དངོས་གནས་དམིགས་བསལ་གྱི་དགོས་མཁོ་ཡོད་ན། ཚང་མར་ཆུ་ཚོད་24ཡི་ནང་གི་ཉིང་སྐྱུར་སྲིབས་གཤིས་ཡིན་པའི་དཔང་ཡིག་ཡོད་དགོས།

  • གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་ཁག་དང་། ཁྲོམ་ལམ་ཁག སྡེ་ཁུལ་ཁག་བཅས་སུ་ཆེད་དམིགས་ཀྱི་ཞབས་ཞུའི་འགན་སྲུང་དཔུང་ཁག་བཙུགས་ཏེ། མཛའ་མཐུན་ཞབས་ཞུའི་ཐད་སྦྲེལ་ཁ་པར་བཙུགས་ནས་དུས་ཐོག་ཏུ་གྲོང་མིའི་རེ་འདུན་དང་ལེན་ཞུ་དགོས།

  • ལེ་ཚན་སྔོན་མ།:པེ་ཅིང་གི་དབང་སྐྱོན་དགུན་ཨོ་འགྲན་ཚོཊ་རྒྱལ་ཁའི་ངང་མཇུག་འགྲིལ་བ།
  • ལེ་ཚན་རྗེས་མ།:བོད་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་མང་པོ་ཞིག་ལས་མི་རིགས་ཕན་ཚུན་སྤེལ་རེས་ཀྱི་ལོ་རྒྱུས་ཀྱི་དཔང་པོ་བྱེད་ཐུབ།
  • དོ་སྣང་ཆེ་བའི་རྩོམ།