བོད་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་མང་པོ་ཞིག་ལས་མི་རིགས་ཕན་ཚུན་སྤེལ་རེས་ཀྱི་ལོ་རྒྱུས་ཀྱི་དཔང་པོ་བྱེད་ཐུབ།

    མི་དམངས་ཉིན་རེའི་ཚགས་པར།    2022-03-15

 གསར་འགོད་པར་བོད་རང་སྐྱོང་ལྗོངས་རིག་དངོས་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2020ལོ་དང་2021ལོར་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་ཡིས་ཚན་པ་མང་པོ་དང་མཉམ་དུ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་དུར་ས་དང་གཞིས་རྩེ་གྲོང་ཁྱེར་དམར་པོ་མཚོ་གནའ་ཤུལ། མངའ་རིས་ས་ཁུལ་བྱེ་རགས་གནའ་ཤུལ་སོགས་ལ་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་པ་ལས་གནའ་སྔ་མོ་ནས་བཟུང་བོད་ལྗོངས་དང་ཀྲུང་ཡོན་ས་ཁུལ་གྱི་རིག་གནས་དབར་འབྲེལ་བ་ཟབ་མོ་ཡོད་པའི་དཔང་པོ་གང་ལེགས་ཐུབ་པ་རེད།

  བྱེ་རགས་གནའ་ཤུལ་ནས་རྡོ་ཆས་འབོར་ཆེན་ཞིག་དང་སྲོག་ཆགས་ཀྱི་རུས་པ་དང་སྲེག་རྡོ་སོགས་གནའ་རྫས་5000ལྷག་ཙམ་རྙེད་པ་དང་། ད་དུང་མེ་གཞོང་དང་ཐལ་གཞོང་སོགས་གནའ་ཤུལ་རྙེད་པ་དེ་ལས་མཚོ་བོད་ས་མཐོའི་ས་དབུས་ཀྱི་ད་བར་ལོ་ངོ་8000ནས་10000བར་གྱི་ཡི་གེ་མ་བྱུང་གོང་གི་གནའ་རྫས་རྟོག་ཞིབ་རིག་གནས་ཀྱི་སྟོང་ཆ་བསྐངས་པ་རེད།

  དམར་པོ་མཚོ་གནའ་ཤུལ་ནི་ད་བར་ལོ་4000ཙམ་གྱི་ཡི་གེ་མ་བྱུང་གོང་གི་འདུས་སྡེའི་གནའ་ཤུལ་ཞིག་ཡིན་པ་དེ་ལས་དུར་ས་10དང་དེ་བཞིན་མེ་གཞོང་དང་ཐལ་གཞོང་སོགས་མིའི་རིགས་འཚོ་སྡོད་ཀྱི་རྗེས་ཤུལ་རྙེད་པ་དང་རྡོ་ཆས་དང་། རྫ་ཆས། རུས་ཆས། འགྲོན་བུའི་རྒྱན་ཆ། རྡོ་རིལ། གཡུ་ཆས་སོགས་གནའ་རྫས་སྔོག་འདོན་ཐུབ་ནས་བོད་ཀྱི་ཡི་གེ་མ་བྱུང་གོང་གི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་ཀྱི་གོ་རིམ་སྒྲིག་པ་དང་མིའི་རིགས་ཀྱིས་མཐོ་གྲང་གསོ་རླུང་དཀོན་པའི་ཁོར་ཡུག་ཧ་ཅང་ཞན་པོ་དང་མཐུན་འཕྲོད་བྱེད་པའི་བརྒྱུད་རིམ་དང་དེ་བཞིན་ཁ་གཏད་གཅོག་ཐབས་སོགས་ཀྱི་གནད་དོན་འཚོལ་ཞིབ་བྱེད་པར་དོན་སྙིང་འགངས་ཆེན་ལྡན་ཡོད།

  འདམ་གཞུང་དུར་སར་ཁྱོན་ས་བཀབ་པའི་དུར་ས་52ཡོད་པར་14སྔོག་འདོན་ཐུབ་པ་དང་ས་འོག་ལས་གསེར་དངུལ་ཡོ་ཆས་དང་། གཟི། ཟངས་ཆས། བསླས་འཐག་ཐོན་ཟོག་སོགས་ཡོ་ཆས་ཁག་ཆ་ཚང་300ལྷག་ཙམ་སྔོག་འདོན་ཐུབ་ནས་བོད་ཀྱི་གཤིན་པོ་དུར་འཇུག་གི་གོམས་སྲོལ་དང་ལམ་ལུགས་སྔར་བས་གསལ་སྟོན་ཐུབ་ཡོད།

  • ལེ་ཚན་སྔོན་མ།:གྲོང་ཁྱེར་འདིའི་སྡེ་ཁུལ་ཡོངས་ཚེས14ཉིན་ནས་བཟུང་བཀག་སྡོམ་བྱས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།