དབང་དྲག་སྐྱབས། 2022-03-16
འདི་སྣང་ལས་ལ་སྙིང་པོ་མེད་ན་ཡང་། །
ཨ་ཆད་ཨུ་ཐུག་བྱས་ནས་བརྒྱུག་དགོས་བྱུང་། །
རེས་དགའ་རེས་སྐྱིད་འཁོར་བའི་གདུགས་འོག་ཏུ། །
ཁྱེད་རང་འཚོལ་བ་དེ་ཡང་ཤིན་ཏུ་དཀའ། །
དགའ་སྐྱོ་འདྲེས་མའི་ལོ་ཟླ་རབ་རིབ་ནང་། །
འབད་པའི་ལས་དེ་དོན་སྙིང་ཡོད་པ་ན། །
དམུ་རྒོད་སྐྱེ་བོ་མགུ་ཡང་མ་མགུ་རུང་། །
རང་སེམས་འགྱོད་མེད་ངང་ནས་སོང་ན་སྐྱིད། །
སེམས་ཀྱི་རེ་བ་རྒྱང་རིང་ཡུལ་ལ་གཏད། །
ཕུགས་ཀྱི་འདུན་མ་མཆོག་གསུམ་གཙུག་ཏུ་བཀུར། །
གླེགས་བམ་གསང་ནས་རང་ལམ་འཚོལ་བ་འདི། །
ལམ་གྱི་བགྲོད་ཚུལ་ནང་ནས་མཐར་ཐུག་ཡིན། །
ཁེར་རྐྱང་འགྲིམ་པའི་ལོ་ཟླ་རྔམ་མཐུག་ཀྱང་། །
འཚོ་བ་སྐྱ་ཆད་སྔོ་སྡུག་ཞེ་མེར་ཡང་། །
འཇུག་པའི་ལམ་དེ་ནོར་བ་མེད་པ་ན། །
ནང་སེམས་སྤྲོ་དགའི་ངང་ནས་འཇུག་པར་རིགས། །
དུས་ནི་མི་སྡོད་ཆུ་བོ་བཞིན་དུ་བཞུར། །
ཚེ་ཡི་སྐུད་པ་ཉག་ཕྲག་གྱུར་དུས་སུ། །
མི་ཚེ་སྙིང་པོ་དོན་མེད་མ་ཡལ་ཚེ། །
སྐྱོ་ཡང་སྡུག་ཀྱང་ལས་ནི་དཀར་པོ་འོ། །
རྩོམ་གསར། 10
 སྟོན་ཁ་འབྲེལ་བའི་སྒྲུང་།
 སྟོན་ཁ་འབྲེལ་བའི་སྒྲུང་། ཉམས་དགའ་བའི་གླུ།
 ཉམས་དགའ་བའི་གླུ། བོད་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་མང་པོ་ཞིག་ལ
 བོད་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་མང་པོ་ཞིག་ལ གྲོང་ཁྱེར་འདིའི་སྡེ་ཁུལ་ཡོངས་ཚེས14ཉིན་ནས་བཟུང་བཀག་ས
 གྲོང་ཁྱེར་འདིའི་སྡེ་ཁུལ་ཡོངས་ཚེས14ཉིན་ནས་བཟུང་བཀག་ས པེ་ཅིང་གི་དབང་སྐྱོན་དགུན་ཨོ་འགྲན་ཚོཊ་རྒྱལ་ཁའི་ངང་མ
 པེ་ཅིང་གི་དབང་སྐྱོན་དགུན་ཨོ་འགྲན་ཚོཊ་རྒྱལ་ཁའི་ངང་མ བོར་ནས་ལོ35འགོར་བའི་བུ་མོ་ཨ་མ་ལ་ཕྲད་ཐུབ་ཡོད།
 བོར་ནས་ལོ35འགོར་བའི་བུ་མོ་ཨ་མ་ལ་ཕྲད་ཐུབ་ཡོད། པོ་ཏ་ལར་ཡོད་པའི་དཔེ་རྙིང་ལ་སྲུང་སྐྱོང་འདི་འདྲ་བྱེད
 པོ་ཏ་ལར་ཡོད་པའི་དཔེ་རྙིང་ལ་སྲུང་སྐྱོང་འདི་འདྲ་བྱེད ཧྥུང་ཧྥ་ཀུའེ་ཡིས་རིམས་ཚུལ་འགོག་ཟོན་ཐད་ནན་གསུང་འདི་
 ཧྥུང་ཧྥ་ཀུའེ་ཡིས་རིམས་ཚུལ་འགོག་ཟོན་ཐད་ནན་གསུང་འདི་ མཆོང་རི་སྨུག་པོར་འཐིབས་པའི་སྨུག་པ།
 མཆོང་རི་སྨུག་པོར་འཐིབས་པའི་སྨུག་པ། ཁྱོད་ལ་བསྐུར་བའི་འཕྲིན་མཆིད།
 ཁྱོད་ལ་བསྐུར་བའི་འཕྲིན་མཆིད།