རང་ཁུལ་གྱིས་དཔྱིད་རྨོད་ལས་ཀ་ཁག་ལ་དམ་འཛིན་ཏན་ཏིག་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2022-03-21

དཔྱིད་རྨོད་ལས་ཀ་སྤེལ་གྲབས་ཡོད་པས། རང་ཁུལ་གྱིས་བཀོད་སྒྲིག་སྔ་ཙམ་དང་དོན་འཁྱོལ་སྔ་ཙམ་བྱེད་ཅིང་སྙིང་སྟོབས་ཆེར་སྐྱེད་དང་འབད་འབུངས་ཡར་བརྩོན་བྱས་ཏེ་ནུས་ཤུགས་ཡོད་རྒུས་དཔྱིད་རྨོད་ལས་ཀ་ཁག་ལ་དམ་འཛིན་ཏན་ཏིག་བྱེད་བཞིན་ཡོད་པ་རེད།

ཁུལ་ཨུའི་ཞིང་སྡེ་ལས་ཀའི་མགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དང་ཁུལ་ཨུའི་ཞིང་འབྲོག་དང་ཞིང་སྡེའི་སྡེ་ཁག་གིས2022ལོའི་དཔྱིད་རྨོད་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཚོགས་འདུ་འཚོགས་ཏེ། དཔྱིད་རྨོད་ཐོན་སྐྱེད་དང་འབྲེལ་བ་ཡོད་པའི་ཞིང་ལས་ས་ཞིང་གཅིག་གྱུར་འཆར་འགོད་ཡག་པོ་དང་འབྲུ་རིགས་ཉེན་མེད་ཐོན་སྐྱེད་ལས་དོན་དམ་འཛིན། རྨོ་ཞིང་དུ་འབྲུ་རིགས་མི་འདེབས་པའི་རིགས་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་སྡེའི་རིམས་ཚུལ་འགོག་ཟོན་ལས་ཀ་སོགས་ལ་དམ་འཛིན་ཏན་ཏིག་དང་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། དཔྱིད་རྨོད་ཐོན་སྐྱེད་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱས་ནས་ཞིང་ལས་ཐོན་སྐྱེད་ལས་ཀའི་འགོ་ཡག་པོ་འཛུགས་ཆེད་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་པ་རེད།

གསར་འགོད་པས་ཁུལ་ཞིང་འབྲོག་དང་ཞིང་སྡེ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་ཡོངས་ཀྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི100ཡན་དང་ཐོན་ཚད་ཏུན་ཁྲི23ལ་ཡོང་ཐུབ་དགོས། སྤྱི་ཟླ་2པའི་ཟླ་དཀྱིལ་བར་དུ་ཁུལ་ཡོངས་ཀྱིས་ལོ་ཏོག་སྣ་ཚོགས་ཀྱི་སོན་བཟང་ཏུན1049.55གཏོང་འདྲེན་དང་སྙོམས་སྒྲིག་བྱས་པ་དེས་སྤྱིའི་དགོས་མཁོའི་བསྡུར་གྲངས་ཀྱི་བརྒྱ་ཆ65.58ལ་ཟིན་ཡོད། རྫས་ལུད་ཏུན857དང་ཞིང་སྨན་ཏུན15དང་། སྨན་འཕྲུལ་ཡོ་བྱད2000སོགས་ཞིང་སྨན་གསོག་འཇོག་བྱས་པ་དེས་སྤྱིའི་དགོས་མཁོའི་བརྒྱ་ཆ30ལ་ཟིན་པ་དང་། སྨན་འཕྲུལ་ཡོ་བྱད་གྲབས་གསོག་དེ་སྤྱིའི་དགོས་མཁོའི་བརྒྱ་ཆ70ལ་ཟིན་པ། ཞིང་ལས་འཕྲུལ་ཆས་དང་ཡོ་བྱད་སྣ་ཚོགས3500ཞིབ་བཤེར་ཉམས་གསོ་བྱས་ཡོད། ད་སྔར་རྫོང་ཁག་གི་དཔྱིད་རྨོད་དངོས་ཟོག་གཅིག་རྗེས་གཉིས་མཐུད་ངང་གཏོང་འདྲེན་བྱེད་བཞིན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:རྟ་ཐོག་སྐོར་སྲུང་རུ་ཁག་གིས་ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་བྱས།
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་གིས་ཞིང་རྫས་རྫུན་མར་རྡུང་རྡེག་བཏང་ནས་དཔྱིད་རྨོད་ལ་ འགན་ལེན་བྱས།
  • དོ་སྣང་ཆེ་བའི་རྩོམ།