མཛེས་སྡུག་བརྗིད་ཆགས་ལྡན་པའི་བོད་གྲོང་།

ཡེ་ཤེས་ཀྱིས་བསྒྱུར།        2022-03-18

མཛེས་སྡུག་བརྗིད་ཆགས་ལྡན་པའི་བོད་གྲོང་།
བྲག་སྟེང་རྒྱལ་པོའི་ཕོ་བྲང་།

ཡུལ་སྐོར་འཕེལ་རྒྱས་ཡོང་བ་དང་བསྟུན་ནས་རོང་བྲག་བོད་གྲོང་གི་སྙན་གྲགས་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད། རོང་བྲག་གི་སྡོད་ཁང་བཟོ་སྐྲུན་གྱི་ཐད་ལ་ཁང་རེའི་ངོས་ལ་མཁར་རྫོང་རེ་ཡོད་པའི་ཁྱད་ཆོས་ཐུན་མིན་ཞིག་ཡོད། མཁར་རྫོང་དང་ཁང་བ་གཉིས་མ་གཞི་ངོ་བོ་མི་འདྲ་བའི་བཟོ་བཀོད་རིགས་གཉིས་ཡིན་ན་ཡང་དུས་ཚོད་རིང་པོ་འདས་པའི་རྐྱེན་གྱིས་དེ་གཉིས་གཞི་གཅིག་ཏུ་གྱུར་ཡོད།

ཕྱི་ཚུལ་ནས་བཤད་ན་ཁང་པའི་ཁྱད་ཆོས་ཡོད་ལ་མཁར་རྫོང་གི་རྣམ་པ་ཡང་ཡོད། མཁར་རྫོང་ལ་སྤྱིར་བཏང་དུ་བང་རིམ་གསུམ་མམ་བཞི་ཡོད། ངོས་གཅིག་ལ་བུ་ཁང་ཡང་བསྐྲུན་ཡོད། མ་ཁང་དང་བུ་ཁང་གང་བསྐྲུན་ཀྱང་སྟེང་ཐོག་ཁ་དོག་སེར་པོ་དང་། ནག་པོ། དཀར་པོ་བཅས་གསུམ་གྱིས་དཀྲིས་བརྒྱབ་ནས་ཡོད་པ་དེ་རྒྱལ་རོང་བོད་གྲོང་གི་ཁྱད་ཆོས་ཆེན་པོ་ཞིག་ཆགས་ཡོད།

རོང་བྲག་བོད་གྲོང་ནི་རྒྱལ་རོང་བོད་གྲོང་གི་ཁྱད་ཆོས་ཆེ་ཤོས་ཡིན། དེ་ལས་གྱ་གྱུ་དང་། ཉ་ག། དགེ་བཤེས། བྲག་སྟེང་ཡུལ་ཤོག་སོགས་ནི་མངོན་གསལ་དོད་ཤོས་ཡིན་པ་རེད།།

མཛེས་སྡུག་བརྗིད་ཆགས་ལྡན་པའི་བོད་གྲོང་།
དཔྱིད་དུས་ཀྱི་བོད་གྲོང་།

མཛེས་སྡུག་བརྗིད་ཆགས་ལྡན་པའི་བོད་གྲོང་།
མཛེས་སྡུག་ལྡན་པའི་གྱ་གྱུ་བོད་གྲོང་།

མཛེས་སྡུག་བརྗིད་ཆགས་ལྡན་པའི་བོད་གྲོང་།
སྤྲོ་སྣང་གནའ་གྲོང་།

མཛེས་སྡུག་བརྗིད་ཆགས་ལྡན་པའི་བོད་གྲོང་།
 རི་ཆུས་ཕྱུག་པའི་དགེ་བཤེས་བོད་གྲོང་།


  • ལེ་ཚན་སྔོན་མ།:ས་བབ་མཐོ་ཚད་སྨི་4520ཡི་སར་ཡོད་པའི“དྲང་བདེན་གངས་ལྷ་མེ་ཏོག”འདྲི་གཅོད་ཚོགས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།