དངུལ་ཁང་མང་པོས་ཉོ་ཚོང་འདི་དག་སྒོ་རྒྱག་རྒྱུའི་སྤྱི་བསྒྲགས་སྤེལ་བ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-03-17

  ཡིད་རྟོན་བྱང་བུ་སྔོན་ལ་འཛད་སྤྱོད་དང་རྗེས་སུ་དངུལ་བུན་འཇལ་ཆོག་པ་དེ་ནི་མི་མི་ཉུང་བ་ཞིག་གིས་དགའ་པོ་བྱེད་པའི་གཏོང་སྤྲོད་ཡོ་བྱད་ཅིག་ཏུ་གྱུར་ཡོད། མིག་སྔར་རང་རྒྱལ་གྱི་ཡིད་རྟོན་བྱང་བུ་དང་དངུལ་བུན་གཡར་བའི་བྱང་བུ་འགྲེམས་སྤེལ་བྱེད་ཚད་དུང་ཕྱུར་8ལས་བརྒལ་ཡོད། འོན་ཀྱང་དངུལ་ཁང་གིས་ཡིད་རྟོན་བྱང་བུའི་མ་དངུལ་སྤྱོད་ཡུལ་ཐད་བླང་བྱ་བཏོན་ཡོད་ཅིང་། ཉེ་ཆར་དངུལ་ཁང་མང་པོ་ཞིག་གིས་གཅིག་རྗེས་གཉིས་མཐུད་ངང་ཡིད་རྟོན་བྱང་བུའི་མ་དངུལ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི་སྤྱི་བསྒྲགས་སྤེལ་ཡོད་པ་རེད།

དངུལ་ཁང་མང་པོས་ཉོ་ཚོང་འདི་དག་སྒོ་རྒྱག་རྒྱུའི་སྤྱི་བསྒྲགས་སྤེལ་བ།

     ཉེ་ཆར། ཞིང་ལས་དངུལ་ཁང་གིས་ཟླ་བ་འདི་ནས་བཟུང་ཡིད་རྟོན་བྱང་བུའི་རྡོ་ཐ་ཚབ་འཐེན་ཉོ་ཚོང་རིམ་གྱིས་སྒོ་རྒྱག་རྒྱུའི་སྤྱི་བསྒྲགས་སྤེལ་ཡོད། དེའི་གོང་སྦྲག་སྲིད་གསོག་འཇོག་དངུལ་ཁང་དང་འཛུགས་སྐྲུན་དངུལ་ཁང་སོགས་དངུལ་ཁང་མང་པོ་ཞིག་གིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་ཡིད་རྟོན་བྱང་བུའི་མ་དངུལ་གྱིས་འཛད་སྤྱོད་ལ་རྒྱབ་སྐྱོར་བྱ་རྒྱུ་ཁ་གསལ་བཟོས་ཡོད་ནའང་། ས་ཁང་བདག་ཁོངས་ཉོ་ཚོང་དང་དེ་བཞིན་མ་འཇོག་སོགས་ལ་རྒྱབ་སྐྱོར་མི་བྱེད་པའི་སྤྱི་བསྒྲགས་སྤེལ་ཡོད།

དངུལ་ཁང་མང་པོས་ཉོ་ཚོང་འདི་དག་སྒོ་རྒྱག་རྒྱུའི་སྤྱི་བསྒྲགས་སྤེལ་བ།

     འགྲིམ་འགྲུལ་དངུལ་ཁང་ཡིད་རྟོན་བྱང་བུའི་ལྟེ་གནས་ཀྱི་པེ་ཅིང་ཡན་ལག་ལྟེ་གནས་ཀྱི་སྤྱི་གཉེར་གཞོན་པ་རུང་ཧོ་ཅུན་གྱིས། ཁང་པའི་དཔྱ་ཁྲལ་ཚུད་པའི་མ་དངུལ་དང་། རྒྱུ་ནོར་བདག་གཉེར། ཐེབས་རྩ། འགན་བཅོལ་སོགས་ཚང་མ་ཉོ་ཚོང་བྱེད་མི་ཆོག་པ་དང་། སྡེབ་ཚོང་ཚོང་ཟོག་ཚུད་པའི་རྡོ་ཐའི་ཚོང་ཟོག་ཚབ་འཐེན་ཚབ་འཇལ་བྱེད་པ་ལྟ་བུ་ནི་ཉོ་ཚོང་བྱེད་མི་ཐུབ་མོད། འོན་ཀྱང་། གལ་ཏེ་མི་སྒེར་གྱིས་རྡོ་ཐའི་སིལ་ཚོང་ཉོ་ཚོང་བྱས་ན་དེ་ནི་ཉོ་ཚོང་བྱས་ཆོག་པ་ཞིག་རེད་ཅེས་བརྗོད་ཡོད།

དངུལ་ཁང་མང་པོས་ཉོ་ཚོང་འདི་དག་སྒོ་རྒྱག་རྒྱུའི་སྤྱི་བསྒྲགས་སྤེལ་བ།

     དེའི་གོང་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཡིད་རྟོན་བྱང་བུའི་མ་དངུལ་གྱི་དོན་དངོས་ལ་ལྟ་ཞིབ་ཚད་ལེན་དང་དོ་དམ་ཚོད་འཛིན་ཡང་དག་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད། ཡིད་རྟོན་བྱང་བུའི་མ་དངུལ་དེ་དངུལ་བུན་འཇལ་བ་དང་མ་འཇོག་སོགས་ཀྱི་ཁྱབ་ཁོངས་སུ་སྤྱོད་མི་ཆོག་པ་དང་སྲིད་ཇུས་ཀྱི་ཚད་བཀག་གམ་གཏན་འགོག་རང་བཞིན་གྱི་ཁྱབ་ཁོངས་སུ་འཇུག་ཆོག་གི་མེད།

     ཆེད་མཁས་པས་དངུལ་ཁང་ཁག་གིས་མ་དངུལ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་པ་དེས་ཡིད་རྟོན་བྱང་བུ་སྤྱད་དེ་དངུལ་སྨར་ལེན་པ་དང་རྐུ་སྤྱོད་སོགས་ཀྱི་བྱེད་སྤྱོད་ལ་དོགས་ཟོན་བྱེད་རྒྱུར་ཕན་ཐོགས་ཡོད་ཅེས་བཤད་ཡོད། གལ་ཏེ་ཚོང་དུད་གྱིས་སྒྲིག་འགལ་ངང་དངུལ་བྱང་སྤྱད་ཚེ་དངུལ་ཁང་གིས་མིང་ཐོ་ནག་པོའི་ནང་དུ་འཇུག་རྒྱུ་དང་འབྲེལ་ཡིད་རྟོན་བྱང་བུ་སྤྱད་མི་ཐུབ་པ་བཟོ་རྒྱུ་ཡིན་པ་དང་། གལ་ཏེ་བྱང་བུའི་བདག་པོས་སྒྲིག་སྲོལ་ལས་འགལ་ནས་ཉོ་ཚོང་བྱས་ཚེ། དེ་དང་མཐུན་པའི་མཇུག་འབྲས་འཁུར་དགོས་ཀྱི་ཡོད་པ་རེད།

  • ལེ་ཚན་སྔོན་མ།:བྱིས་པའི་རིག་ནུས་ཆུ་ཚོད་འདི་རིགས་རྐུ་ལྟའི་ཡོ་ཆས་སུ་གྱུར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།