བོད་ལྗོངས་ཀྱི་རྫོང་འདིས་སློབ་མ་251སློབ་གྲྭར་འགྲོ་བའི་ལམ་བུ་བཏོད།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-03-17

   ཤར་གོང་ལ་ནི་སྐྱིད་གླིང་དང་ལྕགས་གོང་ཤང་གཉིས་ཀའི་མང་ཚོགས་ཀྱི་ཚེ་སྲོག་གི་བགྲོད་ལམ་ཡིན་ལ། ཤང་དེ་གཉིས་ཀྱི་མང་ཚོགས་དཔལ་འབར་རྫོང་གྲོང་དུ་འཚོ་བའི་མཁོ་ཆས་ཉོ་བར་འགྲོ་བ་དང་སྨན་ཁང་དུ་འགྲོ་བ། སློབ་གྲྭར་འགྲོ་དུས་སོགས་ལ་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན།

བོད་ལྗོངས་ཀྱི་རྫོང་འདིས་སློབ་མ་251སློབ་གྲྭར་འགྲོ་བའི་ལམ་བུ་བཏོད།

     སྐྱིད་གླིང་ཤང་དང་རྫོང་གྲོང་གི་བར་ལ་སྤྱི་ལེ་86ཡོད་དེ། རླངས་འཁོར་བཏང་ནས་སོང་ཚེ་ཆུ་ཚོད་1དང་སྐར་མ་20འགོར་གྱི་ཡོད། ལོ་རེའི་སྤྱི་ཟླ་11ནས་ཕྱི་ལོའི་སྤྱི་ཟླ་5པའི་བར། ཤར་གོང་ལ་གངས་ཀྱིས་གཡོག་སྟེ། དཔལ་འབར་རྫོང་གྲོང་ནས་སྐྱིད་གླིང་ཤང་བར་གྱི་གཞུང་ལམ་ཐོག་སྐྱོད་ཐབས་མེད། ཤར་གོང་ལ་བརྒལ་བར་གནམ་གཤིས་ཅི་འདྲ་བཟང་ཡང་། རྐང་ཐང་དུ་ཆུ་ཚོད་6ནས་7བར་འགྲོ་དགོས་ཀྱི་ཡོད།

    མཚོ་ངོས་ལས་མཐོ་ཚད་ལ་སྨི་5298ཡོད་པའི་ཤར་གོང་ལའི་ལམ་བུ་མ་གཏོད་གོང་དུ། གངས་ཀྱིས་གཡོག་ཅིང་ལམ་དུམ་ཁ་ཤས་སུ་དར་ཆགས་ཡོད། རི་བོ་གཡང་གཟར་ཡིན་ལ་གནམ་གཤིས་ངན་པ་དང་། འགྲོ་ལམ་འདམ་རྫབ་དང་འཁྱགས་དར་གྱིས་གང་ཡོད། རྒྱུན་ལྡན་གྱི་ལམ་དུམ་དུ་སྤུངས་བའི་གངས་ཀྱི་མཐུག་ཚད་ལ་70cmཡོད་ཅིང་། ཉག་གའི་གངས་ཀྱི་མཐུག་ཚད་ལ་སྨི་4-5ཟིན་གྱི་ཡོད་པ་རེད།

     དཔྱིད་དུས་བདེ་བླག་ངང་སློབ་མགོ་ཚུགས་པར་འགན་ལེན་བྱེད་པ་དང་། སློབ་མ་བདེ་འཇགས་ངང་སློབ་གྲྭར་ལོག་པར་འགན་སྲུང་བྱེད་ཆེད། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གིས་ཤར་གོང་ལའི་གཞུང་ལམ་ཤར་བགྲོད་གཏོང་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་སྟེ། སྤྱི་ཟླ་གསུམ་པ་ནས་བཟུང་ཡར་འདེགས་འཕྲུལ་འཁོར་ཆེ་གྲས་དང་། རྐོ་འདྲུ་འཕྲུལ་འཁོར་སོགས་འཕྲུལ་ཆས་ལྗིད་གྲས་སོགས་སྤྱད་དེ། ཉིན་རེར་ཆ་སྙོམས་ཆུ་ཚོད་11ལས་ཀ་བྱས་ནས། ཁྱོན་སྤྱི་ལེ་27ཤར་གཏོང་ཐུབ་པ་བྱས་ཡོད།

     ཡར་འདེགས་འཕྲུལ་འཁོར་དང་རྐོ་འདྲུའི་འཕྲུལ་འཁོར་གྱི་ཁ་ལོ་བས་དུས་ཡུན་རིང་པོར་ལས་དོན་བསྒྲུབས་པས། གཟུགས་པོ་ཡོངས་ལ་ཟུག་གཟེར་རྒྱས་ཤིང་མིག་ན་བའི་གནས་ཚུལ་ཐོན་ན་ཡང་། མི་གཅིག་གིས་ཀྱང་ཕྱིར་བཤོལ་མེད་པར་འཁྱགས་པ་དང་གངས་སོགས་ཕྱགས་པར་འབད་པ་དང་། དཀའ་ལས་ཆེ་ཤོས་ཀྱི་ས་གནས་ཏེ། ཤར་གོང་ལའི་དཀྱོགས་གཉིས་པའི་མཚམས་ཀྱི། འགྲོ་ལམ་ཧྲིལ་པོ་འཁྱགས་པས་བཀབ་ཅིང་། འཁྱགས་པའི་མཐུག་ཚད30-60cmཟིན་པས། ཡར་འདེགས་འཕྲུལ་འཁོར་དང་རྐོ་འདྲུའི་འཕྲུལ་འཁོར་ཤུད་ནས་སྐྱོད་མ་ཐུབ།

བོད་ལྗོངས་ཀྱི་རྫོང་འདིས་སློབ་མ་251སློབ་གྲྭར་འགྲོ་བའི་ལམ་བུ་བཏོད།

     ཉེན་ཁ་ཆེ་ཤོས་ཀྱི་སྐབས་སུ་ཡར་འདེགས་འཕྲུལ་འཁོར་གྱིས་དར་ཕྱག་སྐབས་ཤུད་དེ། གཡས་ངོས་མདུན་འཁོར་གད་ཁ་ནས་ལྷུང་བ་དང་། མཐར་རྐོ་འདྲུའི་འཕྲུལ་འཁོར་གྱིས་ལྕགས་སྐུད་སྤྱད་ནས་ཡར་འཐེན་པ་ན་ད་གཟོད་ཉེན་ཁ་ལས་ཐར་ཡོད། ད་དུང་ཡང་ཐེངས་ཤིག་ལ་ཤར་གོང་ལའི་ཉག་གར་གངས་རྡིབ་བྱུང་སྟེ། ཡར་འདེགས་འཕྲུལ་འཁོར་གྱི་ལུས་སྨད་ཧྲིལ་པོ་གངས་ཀྱིས་གཡོགས་པ་རེད།

    བསྟུད་མར་ཉིན་བརྒྱད་ལ་ལས་ཀ་བྱས་པ་བརྒྱུད། རྒྱལ་ལམ་349ཡི་ཤར་གོང་ལའི་ལམ་དུམ་གྱི་ལམ་ཐོག་ཏུ་འཁོར་རིགས་ཤར་གཏོང་ཐུབ་པ་བྱུང་ཞིང་། བདེ་འཇགས་བགྲོད་ལམ་ཞིག་བཏོད་ཡོད།བོད་ལྗོངས་ཀྱི་རྫོང་འདིས་སློབ་མ་251སློབ་གྲྭར་འགྲོ་བའི་ལམ་བུ་བཏོད།

   “ག་ལེར་འགྲོ་རོགས། ཡ། མདུན་དུ་སྐྱོད་དང་།”

    སྤྱི་ཟླ་3ཚེས་11ཉིན། དཔལ་འབར་རྫོང་གི་མེ་ཟོན་དང་སྤྱི་བདེ། འཕྲལ་བསྟུན་དང་། འགྲིམ་འགྲུལ། སློབ་གསོ་སོགས་ཀྱི་ལས་ཁུངས་དང་དེ་བཞིན་སྐྱིད་གླིང་དང་། ལྕགས་གོང་། མཚོ་ཁ་སོགས་ཀྱི་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐུན་མོང་ཐོག་ཆུ་ཚོད་དྲུག་ལྷག་གི་རིང་ལ་འབད་བརྩོན་བྱས་ནས། སློབ་མ་251བདེ་འཇགས་ངང་རྫོང་གྲོང་དུ་སྲུང་སྐྱེལ་བྱས་ཡོད་པ་དང་། ད་ལོ་ནི་དཔལ་འབར་གྱི་ལོ་རྒྱུས་ཐོག་ཤར་གོང་ལར་འཁོར་རིགས་ཤར་གཏོང་ཐུབ་སྔ་ཤོས་ཀྱི་ལོ་ཞིག་ཡིན་པ་རེད།

  • ལེ་ཚན་སྔོན་མ།:ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་མགོ་འཛིན་མཛད་དེ《སྲིད་གཞུང་བྱ་བའི་སྙན་ཞུ》ཡི་གཙོ་གནད་ལས་འགན་གཏན་འཁེལ་བྱས་པ།
  • ལེ་ཚན་རྗེས་མ།:བྱིས་པའི་རིག་ནུས་ཆུ་ཚོད་འདི་རིགས་རྐུ་ལྟའི་ཡོ་ཆས་སུ་གྱུར།
  • དོ་སྣང་ཆེ་བའི་རྩོམ།